ཨེ་ཕེ་སི་པ། 5 - དོལ་པོ།ལེའུ་ལྔ་པ། ལས་བཟང་པོ་བགྱིད་རྒྱུ་བདམས་པ། 1 འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ནི་དཀོན་མཆོག་གིས་བྱམས་སྐྱོང་ཐོབ་འོད་ཡོད་བུ་ཕྲུག་ཡིན་ཕེན། ཁྱེད་ཀྱ་ཀྱིས་དཀོན་མཆོག་གི་མིག་དཔེ་བཟང་པོ་དེ་ལག་ལེན་གཏོང་དགོས་འོད་དིག 2 ཡང་སྐྱབས་མགོན་ཡེ་ཤུས་འུ་ཀྱ་ལེ། ཚད་དིང་འདལ་ལི་བྱམས་པ་གནང་སྟེ། དཀོན་མཆོག་ལེ་དྲི་ཞིམ་གྱི་མཆོད་པ་ཕུལ་ལི་ཅོག་འདྲ། ཁོང་གིས་རང་སྲོག་འུའི་དོན་ལེ་བློས་བཏང་གནང་པི་དིག ད་ཁྱེད་ཀྱ་ཀྱིས་ཟང་བྱསམ་པ་དེའི་བརྒྱུད་ནས་མི་གཞན་ལེ་བྱམས་པ་བྱས་ཏེ་མི་ཚེ་སྐྱོལ་ཞིག 3 ཡིན་ནའང་། ཁྱེད་ཀྱ་ནི་དཀོན་མཆོག་གི་དམ་པའི་སྤྱོད་ལམ་དིང་ཅོག་འདྲ་བཟོས་གནང་འོད་ཕེན། བྱི་བོ་བྱི་མོ་བགྱིད་རྒྱུ་དིང་། སྦག་བཙོག་གི་ལས་ངན་ཡེ་རེ་དིང་། སེར་སྣ་ཅན། མི་དགེ་བའི་འདོད་ཆགས་རིགས་དེ་ཀྱ་ལེ། ལག་ལེན་གཏོང་རྒྱུ་ག་ན་ག་ན་ལབ་གླེང་ཟང་མ་བགྱིད་ཅིག 4 ངོ་ཚ་རྒྱུ་མེད་མེད་གཏམ་གླིང་དིང་། འཆལ་གཏམ། ཀུ་རེ་གཏམ་ངན་ཟང་མ་ཟེར། དུས་རྒྱུན་དུ་དཀོན་མཆོག་ལེ་བཀའ་དྲིན་ཞུ་དགོས་འོད་དིག 5 ཅི་ལེ་ཟེར་ནི། བྱི་བོ་བྱི་མོ་རྒྱུགས་མཁན་དིང་། སྦག་བཙོག་གི་ལས་སྣ་ཚོགས་དིང་། ལྷ་སྐུ་ལེ་སྐྱབས་བཅོལ་ལི་ཅོག་འདྲ། རང་ལེ་ཅི་འོད་ཡོད་དེ་ལེ་སྐྱབས་བཅོལ་ཏེ། སེར་སྣ་བགྱིད་མཁན་དེ་ལེ། སྐྱབས་མགོན་དིང་དཀོན་མཆོག་གི་རྒྱལ་ཁབ་ཀྱི་ནོར་སྐལ་དེ། རྩ་བ་ནས་མི་ཐོབ་འོད་དི་ནི། ཁྱེད་ཀྱ་ཀྱིས་ཟང་གསལ་པོ་ཧ་གོ་བར་གྱིས་ཤིག འོད་ཟེར་ཅན་གྱི་མི་ཚེ། 6 ཡང་མི་གཞན་གྱི་དོན་སྙིང་པོ་མེད་མེད་ལབ་གླེང་གི་གཡོ་རྫུན་གྱི་འོག་ལེ་མི་ཤོར་བའི་ཆེད་དུ་དོགས་ཟོན་གྱིས་ཤིག ངན་པའི་ལས་དེ་ཀྱ་ཀྱི་རྐྱེན་གྱིས་དཀོན་མཆོག་གི་བཀའ་ལེ་མི་ཉན་མཁན་ཀྱ་ལེ། ཁོང་གིས་ཐུགས་ཁྲོ་བའི་ཆད་པ་ཕོག་གྱི་དིག 7 འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ཀྱིས་མི་དེའི་རིགས་དིང་སྐྱེན་ལེ་འབྲེལ་བ་མ་བགྱིད་ཅིག 8 སྔོན་མ་ཁྱེད་ཀྱ་ནི་མུན་ནག་ཡིན་ནའང་། ད་ལྟ་ཁྱེད་ཀྱ་ནི་ཇོ་བོའི་འོད་ཟེར་ནང་ལེ་འོད་ཕེན། ཁྱེད་ཀྱ་ནི་འོད་ཟེར་ཅན་གྱི་བུ་ཕྲུག་ཅོག་འདྲ། སྤྱོད་ལམ་བཟང་པོ་བྱས་ཏེ་མི་ཚེ་སྐྱེལ་དགོས་འོད་དིག 9 འོད་ཟེར་ཅན་གྱི་མི་ཚེའི་བརྒྱུད་ནས་བྱུང་བའི་འབྲས་བུ་དེ་ནི། ལས་བཟང་པོ་དིང་། དྲང་བདེན་ཡེ་རེ་ཡིན་དིག 10 ཁྱེད་ཀྱ་ཀྱིས་ཟང་ཇོ་བོའི་ཐུགས་མཉེས་པའི་ལས་དེ་ཅི་ཡིན་མིན་གྱི་སྐོར་ལེ་ཧ་གོ་བར་གྱིས་ཤིག 11 ཁྱེད་ཀྱ་ཀྱིས་འབྲས་བུ་མེད་མེད་མུན་ནག་གི་ལས་ངན་དེ་མ་བགྱིད་ཅིག ཡང་མི་གཞན་ལེ་ཟང་འབྲས་བུ་མེད་མེད་མུན་ནག་གི་ལས་ངན་དེ་ནི། ལས་ངན་པ་ཞིག་ཡིན་དི་སྟོན་དགོས་འོད་དིག 12 ཅི་ལེ་ཟེར་ནི། མི་དེ་ཀྱ་ཀྱིས་གསང་བའི་བརྒྱུད་ནས་བྱས་པའི་ལས་དེ་ཀྱ་ནི། ཁ་ནས་ཟེར་རྒྱུ་ལེ་ངོ་ཚ་མོ་ཞིག་ཡིན་དིག 13 ཡིན་ནའང་། འོད་ཟེར་གྱིས་ཡེ་རེ་གསལ་པོ་མཐོང་དུ་འཇུག་གྱོ་འོད་དིག ཅི་ལེ་ཟེར་ནི། ཡེ་རེ་མཐོང་དུ་འཇུག་མཁན་དེ་ནི་འོད་ཟེར་དེ་ཡིན་དིག 14 འོ་དེ་ལེ་བརྟེན་ཏེ། གསུང་རབ་ཀྱི་ནང་ལེ་ཟང་། གཉིད་བཟི་བ་ཀྱ་གཉིད་སོད་ལེད། ། གཤིན་པོ་ནས་གསོན་པོ་ལོངས་ལེད། ། སྐྱབས་མགོན་གྱི་འོད་ཟེར་ཁྱེད་ཀྱ་ལེ་འཕྲོ། ། ཟིན་བྲིས་འོད་དིག 15 འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ཀྱིས་རང་གི་མི་ཚེ་དེ་ཅི་གི་ཞིག་སྐྱེལ་དགོས་འོད་མེད་དེའི་སྐོར་ལེ་གཟབ་གཟབ་གྱིས་ཤིག གླེན་པ་མིན་པ་ཤེས་རབ་ཅན་ཞིག་དགོས་པ་འོད་དིག 16 དུས་འདི་ནི་ངན་པ་ཞིག་ཡིན་ཕེན། གོ་སྐབས་ཅི་ཞིག་བྱུང་ནའང་ལས་བཟང་པོ་གྱིས་ཤིག 17 གླེན་པ་ཅོག་འདྲ་མ་བྱས་ཏེ། ཇོ་བོའི་ཐུགས་དགོངས་ཅི་ཡིན་དི་ཧ་གོ་བར་གྱིས་ཤིག 18 ཆང་གིས་བཟི་རུ་མ་འཇུག དེའི་ཚབ་ལེ་དཀོན་མཆོག་གི་ཐུགས་ཉིད་ཀྱིས་ཁྱབ་པར་གྱིས་ཤིག ཆང་གིས་བཟི་བའི་འབྲས་བུ་དེ་ནི། གཏོར་བཤིག་ཡིན་དིག 19 ཁྱེད་ཀྱ་འཛོམས་རྒྱ། གསུང་མགུར་དིང་། བསྟོད་དབྱངས་དིང་། མགུར་གླུའི་ནང་དོན་དེ་ཀྱ་ཀྱི་སྐོར་ལེ་ཕན་ཚུན་བར་ལབ་གླེང་བགྱིད་དགོས་རྒྱུ་དིང་། རང་གི་སེམས་གཏིང་ནས་ཇོ་བོ་ལེ་བསྟོད་གླུ་ཕུལ་ཞིག 20 ཡང་དོན་ཡེ་རེའི་ཆེད་དུ། འུའི་ཇོ་བོ་སྐྱབས་མགོན་ཡེ་ཤུའི་མཚན་གྱི་བརྒྱུད་ནས་དུས་རྒྱུན་དུ་ཡབ་དཀོན་མཆོག་ལེ་བཀའ་དྲིན་ཆེ་ཞུས་ཤིག ནང་ཚང་གི་སྤྱོད་ལམ། 21 སྐྱབས་མགོན་ཁོང་ལེ་གུས་གུས་ཞུམ་ཞུམ་བྱས་ཏེ། ཁྱེད་ཕན་ཚུན་གཅིག་གིས་གཅིག་ལེ་ཁ་ཉན་པོ་བགྱིད་དགོས་འོད་དིག 22 ཁྱེད་བུ་མའ་ཀྱ། ཁྱེད་ཀྱ་ཀྱིས་ཇོ་བོའི་བཀའ་ལེ་ཉན་གྱོ་འོད་དི་ཅོག་འདྲ། རང་གི་ཁྱོ་གའི་ཁ་ལེ་ཟང་ཉན་དགོས་འོད་དིག 23 ཅི་ལེ་ཟེར་ནི། སྐྱབས་མགོན་ཡེ་ཤུ་ནི། ཆོས་ཚོགས་ཀྱི་དབུ་ཡིན་དི་ཅོག་འདྲ། ཁོང་རང་གི་ཁོངས་གཏོགས་ཀྱི་མི་ཡེ་རེའི་སྐྱོབ་མཁན་དེ་ཡིན་དིག འོ་དེ་ཅོག་འདྲ། ཁྱོ་ག་ཟང་བུད་མེད་ཀྱི་མགོ་ཡིན་དིག 24 ཆོས་ཚོགས་ཀྱིས་ཅི་གི་བྱས་ཏེ། སྐྱབས་མགོན་ཁོང་ལེ་ཉན་གྱོ་འོད་དི་ཅོག་འདྲ། ཁྱེད་བུད་མེད་ཀྱ་ཀྱིས་ཟང་། དོན་ཡེ་རེའི་བརྒྱུད་ནས་རང་གི་ཁྱོ་གའི་ཁ་ལེ་ཉན་དགོས་འོད་དིག 25 སྐྱབས་མགོན་གྱིས་ཆོས་ཚོགས་ལེ་བྱམས་སྐྱོང་ཆེན་པོ་གནང་སྟེ། ཆོས་ཚོགས་ཀྱི་དོན་དུ་རང་གི་སྲོག་བློས་བཏང་གནང་པི་ཅོག་འདྲ། ཁྱེད་ཁྱོ་ག་ཀྱ་ཀྱིས་ཟང་། རང་གི་བུད་མེད་ལེ་བྱམས་སྐྱོང་དིང་གཅེས་པོ་བགྱིད་དགོས་འོད་དིག 26 ཅི་ལེ་ཟེར་ནི། སྐྱབས་མགོན་གྱིས་དཀོན་མཆོག་གི་བཀའ་ལེ་བརྟེན་ཏེ། ཆུས་ཆོས་ཚོགས་གཙང་མ་བཀྲུས་ཏེ་དམ་པ་བཟོས་གནང་ཕེན། 27 ནག་ཐིག་དིང་གཉེར་མ་གཅིག་ཟང་མེད་དི་མ་ཟད། ཆོས་ཚོགས་ནི་དམ་པ་དིང་སྐྱོན་གྱི་དྲི་མ་མ་གོས་ཏེ། གཟི་བརྗིད་ངང་ནས་རང་གི་དྲུང་དུ་འཁྲིད་འོང་རྒྱུ་ཆེད་དུ་ཡིན་དིག 28 དཔེ་དེ་ཅོག་འདྲ། ཁྱོ་ག་ཀྱ་ཀྱིས་ཟང་རང་གི་ལུས་པོ་ལེ་གཅེས་པོ་བགྱིད་དི་ཅོག་འདྲ། རང་གི་བུད་མེད་ལེ་ཟང་གཅེས་པོ་བགྱིད་དགོས་འོད་དིག བུད་མེད་ལེ་གཅེས་པོ་བགྱིད་མཁན་གྱིས་རང་ལེ་ཟང་གཅེས་པོ་བགྱིད་འོད་དིག 29 རང་གི་ལུས་ལེ་ཁོང་ཁྲོ་ལངས་མཁན་མི་སུ་གཅིག་ཟང་མེད་དིག དུས་རྒྱུན་དུ་བྱམས་སྐྱོང་བགྱིད་འོད་དིག དེ་ནི་སྐྱབས་མགོན་ཇོ་བོས་ཆོས་ཚོགས་ལེ་བྱམས་སྐྱོང་གནང་པི་ཅོག་འདྲ་ཡིན་དིག 30 ཅི་ལེ་ཟེར་ནི། འུ་ཡེ་རེ་ཁོང་གི་སྐུ་ལུས་ཀྱི་ཡན་ལག་ཡིན་དིག 31 འོ་དེ་ལེ་བརྟེན་ཏེ། སྐྱེས་པ་ནི་རང་གི་ཕ་མ་དིང་ཁ་བྲལ་ཏེ། རང་གི་བུད་མེད་དིང་སྐྱེན་ལེ་ལུས་འབྲེལ་ཕེན། ད་ཁོང་གཉིས་ལུས་པོ་གཅིག་བྱུང་པི་དིག 32 གསང་བ་དེ་ནི་ཆེན་པོ་ཡིན་ནའང་། སྐྱབས་མགོན་དིང་ཆོས་ཚོགས་ཀྱི་འབྲེལ་བའི་སྐོར་ལེ་མིག་དཔེ་སྟོན་ཏེ་ཟེར་རི་ཡིན། 33 ད་ཁྱེད་མི་རེ་རེས་རང་གིས་རང་ལེ་གཅེས་པོ་བགྱིད་དི་ཅོག་འདྲ། རང་གི་བུད་མེད་ལེ་ཟང་གཅེས་པོ་གྱིས་ཤིག ཡང་བུད་མེད་ཀྱ་ཀྱིས་ཟང་རང་གི་ཁྱོ་ག་ལེ་བརྩི་བཀུར་གྱིས་ཤིག ། |
© 2023 Wycliffe Bible Translators, Inc. All rights reserved.
Wycliffe Bible Translators, Inc.