ཨེ་ཕེ་སི་པ། 4 - དོལ་པོ།ལེའུ་བཞི་པ། ཆོས་ཚོགས་ནང་ལེ་གཅིག་མཐུན་བགྱིད་དགོས་པའི་སྐོར། 1 ད་ཁྱེད་ཀྱ་ལེ་དཀོན་མཆོག་གིས་ཞལ་འབོད་གནང་པི་ཅོག་འདྲ། ཁྱེད་ཀྱ་ཀྱི་སྤྱོད་ལམ་དེ་ཟང་མཐུན་པར་གྱིས་ཤིག་ཟིན། ཇོ་བོའི་བཙོན་པ་ང་ཕོལ་ལོལ་གྱིས་ཆ་ནས་ཁྱེད་ཀྱ་ལེ་བསྐུལ་མ་གཏོང་གྱོ་འོད། 2 ཕྱོགས་ཡེ་རེ་ནས་སྙེམས་ཆུང་དིང་། སེམས་པ་ཞི་འཇམ་པོ། ཕན་ཚུན་བར་ལེ་བྱམས་པ་དིང་། བཟོད་སྒོམ་བྱས་ཏེ། 3 དམ་པའི་ཐུགས་ཉིད་ནས་བྱུང་བའི་གཅིག་མཐུན་དེ་ནི། ཞི་བདེ་བརྒྱུད་ནས་སྲུང་རྒྱུ་ལེ་འབད་བརྩོན་གྱིས་ཤིག 4 དཀོན་མཆོག་གིས་ཁྱེད་ཡེ་རེ་ལེ་རེ་བ་གཅིག་གི་དོན་ལེ་ཞལ་འབོད་གནང་པི་ཅོག་འདྲ། སྐུ་ལུས་གཅིག་དིང་། ཐུགས་ཉིད་གཅིག 5 ཇོ་བོ་གཅིག དད་པ་གཅིག ཁྲུས་གསོལ་གཅིག 6 ཡེ་རེའི་ཡབ་དིང་དཀོན་མཆོག་གཅིག་དེ་ནི། ཡེ་རེའི་སྐྱེན་ལེ། ཡེ་རེའི་ནང་ལེ་བཞུགས་གནང་གྱོ་འོད་དིག 7 ཡང་འུ་རེ་རེ་ལེ་སྐྱབས་མགོན་ཡེ་ཤུའི་འཇོང་ཐང་གི་ཚད་དིང་བསྟུན་ཏེ་ཐུགས་རྗེ་གནང་འོད་དིག 8 འོ་དེ་ལེ་བརྟེན་ཏེ། གསུང་རབ་ཀྱི་མདོ་ནང་ལེ་ཟང་། སྐྱབས་མགོན་ཡར་ནམ་མཁའ་ཕེབས་གནང་རྒྱ། ། བཙོན་པའི་ཁྱུ་ཀྱ་འདེད་དེ་ཁྲིད་འགྲོ་བ་དིང་། ། ཁོང་རང་གི་མི་ཀྱ་ལེ་བྱ་དགའ་སྣ་ཚོགས་གནང་། ། ཟིན་བྲིས་འོད་དིག 9 ཁོང་ནམ་མཁའ་ལེ་ཡར་ཕེབས་ཟེར་རི་དོན་དེ་ཅི་ཡིན་དིག་ཟེར་ནི། ཁོང་རང་དང་པོ་མར་དམའ་ས་འཇིག་རྟེན་ལེ་ཕེབས་གནང་བའི་དོན་མ་གས། 10 འཇིག་རྟེན་ལེ་ཕེབས་གནང་མཁན་ཁོང་ནི། སྟེང་ལེ་འོད་ཡོད་ཞིང་ཁམས་ཡེ་རེའི་མཐོ་ཤོས་ཀྱི་གནས་ལེ་ཕེབས་པི་དིག དེ་ནི་ཁོང་གིས་འཇིག་རྟེན་ཁམས་ཀྱི་དངོས་པོ་ཡེ་རེ་ལེ་ཁྱབ་པར་གནང་རྒྱུ་ཆེད་དུ་ཡིན་དིག 11 ཡང་སྐྱབས་མགོན་གྱི་གནང་བའི་འཇོང་ཐང་དེ་ནི། ལ་ལ་སྐུ་ཚབ་པ། ལ་ལ་ནི་ལུང་སྟོན་པ། ལ་ལ་གཏམ་བཟང་ཤོད་མཁན། ལ་ལ་རྫི་བོ་ཅོག་འདྲ་ལྟ་སྐྱོང་བགྱིད་མཁན། ལ་ལ་ནི་དགེ་རྒན་ཡིན་དིག 12 འཇོང་ཐང་དེ་ཡེ་རེས་དཀོན་མཆོག་གི་མི་ཀྱ་ལེ་ཞབས་ཕྱི་བགྱིད་རྒྱུ་སྐོར་ལེ་སྦྱོང་བརྡར་གཏོང་གྱོ་འོད་དི་མ་ཟད། སྐྱབས་མགོན་ཡེ་ཤུའི་སྐུ་ལུས་ཅོག་འདྲ་ཡིན་དི་ཁོང་གི་ཆོས་ཚོགས་ལེ་ཡར་རྒྱས་གཏོང་རྒྱུ་ཆེད་དུ་ཡིན་དིག 13 འོ་དེ་ལེ་བརྟེན་ཏེ། ད་འུ་ཡེ་རེས་ཟང་དད་སེམས་གཅིག་མཐུན་ངང་ནས་དཀོན་མཆོག་གི་སྲས་ཀྱི་ངོ་བོ་དེ་རྟོགས་ཐུབ་པི་དིང་། རྒན་ཚད་ལོན་པའི་མི་ཞིག་བྱུང་སྟེ། སྐྱབས་མགོན་ཇོ་བོ་ཡེ་ཤུའི་ཕུན་སུམ་ཚོགས་པའི་ཚད་དིང་བསྟུན་ཏེ། ཡང་དག་པར་འགྱུར་རྒྱུ་དིང་། ལྟ་རྟོགས་བགྱིད་མཁན་འོང་རྒྱུ་ཆེད་དུ་ཡིན་དིག 14 དུས་ད་ནས་ཕྱིན་ཆད། འུ་ཀྱ་ནི་འུར་པོས་རྒྱ་མཚོའི་རྦ་རླབས་ཕར་བརྡབས་ཚུར་བརྡབས་པི་ཅོག་འདྲ་དིང་། ལོག་པའི་ལྟ་བ་སྣ་ཚོགས་ཀྱི་ལམ་ནོར་ལེ་ཁྲིད་དེ། མགོ་སྐོར་གྱི་འོག་ཏུ་ཤོར་མཁན་ཕྲུ་གུ་ཅོག་འདྲ་མེད་དི། 15 བྱམས་སེམས་ངང་ནས་བདེན་པའི་གཏམ་གླེང་བྱས་ཏེ། འུ་ཀྱ་ཀྱིས་རྣམ་པ་ཀུན་ནས་འུའི་མགོ་ཅོག་འདྲ། ཡིན་མཁན་སྐྱབས་མགོན་ཇོ་བོ་ཡེ་ཤུའི་བརྒྱུད་ནས་རྒན་ཚད་ལོན་ཏེ། ཁོང་རང་ཅོག་འདྲ་འོང་རྒྱུ་ཆེད་དུ། འུ་ཀྱ་ཀྱ་ཀྱིས་ཉིན་རེ་ནས་ཉིན་རེ་ཡར་རྒྱས་གཏོང་དགོས་འོད་དིག 16 མགོ་ཅོག་འདྲ་ཡིན་མཁན་སྐྱབས་མགོན་ཁོང་ལེ། འུ་ཀྱ་ཀྱིས་རང་གི་ལུས་པའི་མགོ་ནས་རྐང་པ་བར་དུ་བརྟེན་དགོས་འོད་དི་མ་ཟད། རུས་ཚིགས་རེ་རེ་ལེ་མཐུན་སྦྲེལ་བྱས་ཏེ། ཡན་ལག་སོ་སོ་ལེ་གནང་བའི་ནུས་མཐུ་དིང་ཅོག་འདྲ། ཕན་ཚུན་གཅིག་གིས་གཅིག་ལེ་བྱམས་པའི་ངང་ནས་རོགས་རམ་བྱས་ཏེ། ལུས་པོ་ཡེ་རེ་ལེ་ཡར་རྒྱས་གཏོང་དགོས་འོད་དིག མི་ཚེ་གསར་པ་དིང་རྙིང་པའི་སྐོར། 17 འོ་དེ་ལེ་བརྟེན་ཏེ། ཇོ་བོའི་བརྒྱུད་ནས་ཁྱེད་ཀྱ་ལེ་ངས་ནན་གྱིས་སྐུལ་ཏེ་ཟིན་འོད། དུས་ད་ནས་ཕྱིན་ཆད། ཕྱི་མིའི་དོན་སྙིང་པོ་མེད་མེད་བསམ་བློ་དིང་ཅོག་འདྲ་བྱས་ཏེ་ཁྱེད་ཀྱ་ཀྱིས་མི་ཚེ་སྐྱེལ་མི་ཆོག་འོད་དིག 18 མི་དེ་ཀྱ་ཀྱི་བློ་ཤེས་པ་དེ་ནི་མུན་ནག་དིང་། ཡིད་སེམས་དེ་ཟང་གྱོང་པོ་ཡིན་དི་རྐྱེན་གྱིས་མི་དེ་ཀྱ་ནི། དཀོན་མཆོག་གིས་ཚེ་སྲོག་དིང་ཁ་བྲལ་ལི་དིག 19 མི་དེ་ཀྱ་ཀྱི་སེམས་པ་གྱོང་པོ་ཡིན་དི་རྐྱེན་གྱིས་འདོད་ཆགས་ལེ་དགའ་རི་དིང་། མི་དེ་ཀྱ་ཀྱིས་སྦག་བཙོག་གི་ལས་དིང་། སྤྱོད་ངན་སྣ་ཚོགས་བྱས་ཏེ་མི་ཚེ་སྐྱེལ་གྱོ་འོད་དིག 20 ཡིན་ནའང་། ཁྱེད་ཀྱ་ཀྱིས་སྐྱབས་མགོན་ཡེ་ཤུའི་སྐོར་གྱི་བསླབ་བྱ་ལེ་བརྟེན་ཏེ་འོ་དེ་གི་བགྱིད་མཁན་མ་དིག 21 བདེན་པ་དེ་ནི། སྐྱབས་མགོན་ཡེ་ཤུའི་ནང་ལེ་གནས་འོད་ཕེན། ཁྱེད་ཀྱ་ཀྱིས་ཟང་ཁོང་གི་བཀའ་དིང་བསླབ་བྱ་ཐོས་འོད་དི་ང་ལེ་ཡིད་ཆེས་འོད། 22 ཁྱེད་ཀྱ་ཀྱི་སྔོན་མའི་སྤྱོད་ལམ་ངན་པ་དིང་། འདོད་ཆགས་ཀྱིས་རུལ་བའི་གཤིས་ཀ་རྙིང་པ་དེ་ཀྱ་སྤངས་ཏེ། 23 ཁྱེད་ཀྱ་ཀྱི་སེམས་དིང་བསམ་བློ་དེ་ནི། དཀོན་མཆོག་གི་ཐུགས་ཉིད་ཀྱིས་གསར་པ་བཟོ་རུ་འཇུག་དགོས་འོད་དི་མ་ཟད། 24 དཀོན་མཆོག་ཅོག་འདྲ། དྲང་བདེན་དིང་དམ་པ་ཞིག་འོང་རྒྱུ་ཆེད་དུ། ཁྱེད་ཀྱ་ཀྱིས་གཤིས་ཀ་གསར་པ་དེ་ནི། རང་གི་ལུས་ལེ་གོས་གྱོན་པི་ཅོག་འདྲ་གྱོན་ཅིག མི་ཚེ་གསར་པའི་སྤྱོད་ལམ་གྱི་སྐོར། 25 འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ཀྱིས་རྫུན་གཏམ་སྤངས་ཏེ། མི་ཡེ་རེས་རང་གི་ཉེ་འཁོར་གྱི་མི་ཀྱ་ལེ་བདེན་པའི་ལབ་ཟེར་དགོས་འོད་དིག ཅི་ལེ་ཟེར་རི་ནི། འུ་ཡེ་རེ་ནི་ལུས་གཅིག་གི་ཡན་ལག་ཡིན་དིག 26 ཁོང་ཁྲོ་བསླངས་ནའང་། སྡིག་ཉེས་ཀྱིས་ལས་མ་བགྱིད་ཅིག ཉི་མ་ནུབ་པའི་སྔོན་ལེ། ཁོང་ཁྲོ་དེ་མར་ཞི་ཆོམ་ཞིག 27 བདུད་ཀྱི་རྒྱལ་པོ་ལེ་གོ་སྐབས་མ་གཏོད་ཅིག 28 སྔོན་མ་རྐུན་མ་རྐུ་མྱོང་ནའང་། དུས་ད་ནས་ཕྱིན་ཆད། རྐུན་མ་མ་རྐུ་ཅིག སྐྱོ་པོ་ཞིག་ལེ་ལག་ཡངས་མོའི་ངང་ནས་རོགས་རམ་དིང་། ལས་བཟང་པོ་བགྱིད་རྒྱུ་ཆེད་དུ། ཁྱེད་ཀྱ་ཀྱིས་བརྩོན་འགྲུས་ངང་ནས་རང་གི་ལག་གས་ལས་ཀ་གྱིས་ཤིག 29 ཁྱེད་ཀྱ་ཀྱི་ཁ་ནས་སྦག་བཙོག་གི་ལབ་མ་ཟེར་ཞིག ཁྱེད་ཀྱ་ཀྱི་ལབ་ལེ་ཉན་མཁན་ཀྱ་ལེ་ཕན་ཐོགས་འོང་རྒྱུ་ཆེད་དུ། གོ་སྐབས་དིང་བསྟུན་ཏེ་བསམ་བློ་ཤེས་རབ་སྐྱེ་ཐུབ་པའི་ལབ་གླེང་པ་རྐྱང་ཤོད་ཅིག 30 དཀོན་མཆོག་གི་ཐུགས་ཉིད་ལེ་ཐུགས་སྐྱོ་རུ་མ་ཆུག་ཅིག དཀོན་མཆོག་གིས་གནང་བའི་ ཐར་བའི་ཉིན་མ་དེ་མ་སླེབས་བར་དུ། ཁྱེད་ཀྱ་ལེ་ཐུགས་ཉིད་ཀྱི་ཐེལ་ཙེ་བརྒྱབ་འོད་དིག 31 སྙིན་ནད་དིང་། ཁོང་ཁྲོ། རྩོད་གླེང་གི་སྐད་ངན། གཞན་ལེ་དམའ་འབེབས་མ་གཏོང་། ཁྱེད་ཀྱ་ཀྱི་ནང་ལེ་འོད་ཡོད་གདུག་རྩུབ་ཀྱི་སྤྱོད་ངན་སྣ་ཚོགས་དེ་ཡེ་རེ་སྤོངས་ཤིག 32 ཁྱེད་ཀྱ་ཀྱིས་ཕན་ཚུན་གཅིག་གིས་གཅིག་ལེ་བྱམས་སྙིང་རྗེ་ངང་ནས་བཟང་པོ་བྱས་ཏེ། ཕན་ཚུན་བར་ལེ་དགོངས་ཡངས་གཏོང་ཞིག ཅི་ལེ་ཟེར་ནི། དཀོན་མཆོག་གིས་སྐྱབས་མགོན་ཇོ་བོ་ཡེ་ཤུའི་བརྒྱུད་ནས་ཁྱེད་ཀྱ་ཀྱི་སྡིག་ཉེས་དེ་ཟང་དགོངས་ཡངས་བཏང་ཚར་རི་དིག ། |
© 2023 Wycliffe Bible Translators, Inc. All rights reserved.
Wycliffe Bible Translators, Inc.