Online Bible

- Reklamy -


ཨེ་ཕེ་སི་པ། 3 - དོལ་པོ།


ལེའུ་གསུམ་པ། དཀོན་མཆོག་གི་གསང་བའི་སྐོར།

1 འོ་དེ་ལེ་བརྟེན་ཏེ། ང་ཕོལ་ལོལ་ནི་ཁྱེད་ཕྱི་མི་ཀྱ་ཀྱི་ཆེད་དུ། སྐྱབས་མགོན་ཡེ་ཤུའི་བཙོན་པ་ཞིག་ཡིན།

2 ཁྱེད་ཀྱ་ལེ་ཕན་པའི་ཆེད་དུ། དཀོན་མཆོག་གི་ཐུགས་རྗེ་གཟིགས་སྐྱོང་སྤེལ་རྒྱུ་ལས་འགན་དེ་ནི། ང་ལེ་གནང་འོད་དེ་ཁྱེད་ཀྱ་ཀྱིས་ཟང་ཐོས་འོད་དིག

3 དཀོན་མཆོག་གིས་ང་ལེ་སྐྱབས་མགོན་ཡེ་ཤུའི་གསང་བ་དེ་མངོན་སུམ་བསྟན་གནང་པི་ཅོག་འདྲ། དེ་སྔོན་ངས་བྲིས་པའི་ཡི་གེ་དེའི་ནང་ལེ་ཟང་རོབ་ཚོད་ཅིག་བྲིས་ཚར་འོད།

4 ཁྱེད་ཀྱ་ཀྱིས་ཡི་གེ་དེ་བསྒྲོགས་ཚར་འོད་ནི། ང་སྐྱབས་མགོན་ཡེ་ཤུའི་གསང་བ་དེ་ཧ་གོ་མཁན་ཡིན་དི་ཁྱེད་ཀྱ་ཀྱིས་ཧ་གོ་འཐུབ་ཀྱི་དིག

5 གསང་བ་དེ་སྔོན་མའི་མི་རབས་ཀྱ་ལེ་མངོན་སུམ་བསྟན་གནང་མེད་ནའང་། ད་ལྟ་དཀོན་མཆོག་གི་ཐུགས་ཉིད་ཀྱི་བརྒྱུད་ནས་ཁོང་གི་སྐུ་ཚབ་དམ་པ་དིང་། ལུང་སྟོན་པ་ཀྱ་ལེ་བསྟན་གནང་པི་དིག

6 ད་ལྟ་གསང་བ་དེ་ནི་སྐྱབས་མགོན་ཡེ་ཤུའི་ནང་ལེ་མངོན་སུམ་བྱུང་སྟེ། གཏམ་བཟང་གི་བརྒྱུད་ནས་ཕྱིའི་མི་ཀྱ་ལེ་ཟང་། ཡ་ཧུ་དཱ་པ་ཀྱ་དིང་སྐྱེན་ལེ་སྐྱབས་མགོན་ཡེ་ཤུའི་ནང་ལེ། དཀོན་མཆོག་གི་བྱིན་རླབས་ཀྱི་ནོར་སྐལ་ཐོབ་མཁན་ཡིན་དི་མ་ཟད། སྐུ་ལུས་གཅིག་གི་ཡན་ལག་ཡིན་ཕེན། དཀོན་མཆོག་གི་ཞལ་བཞེས་གནང་བ་དེའི་ཤུལ་འཛིན་མཁན་ཟང་ཡིན་དིག

7 ཁོང་གི་མཐུ་ནུས་ཀྱིས་ང་ལེ་གནང་བའི་དཀོན་མཆོག་གི་ཐུགས་རྗེ་གཟིགས་སྐྱོང་དིང་ཅོག་འདྲ། ང་ནི་གཏམ་བཟང་དེའི་དོན་ལེ་ཞབས་ཕྱི་རྒྱུགས་མཁན་ཞིག་བྱུང་པི་དིག

8 དཀོན་མཆོག་གི་མི་ཡེ་རེའི་ནང་ནས་ང་ནི་ཆུང་ཤོས་ཡིན་ནའང་། དཀོན་མཆོག་གིས་ང་ལེ་ཁོང་རང་གི་ཐུགས་རྗེ་གཟིགས་སྐྱོང་གི་བརྒྱུད་ནས་དམིགས་བསལ་གྱི་ལས་འགན་ཞིག་གནང་འོད་ཕེན། བསམ་གྱིས་མི་ཁྱབ་པའི་སྐྱབས་མགོན་གྱི་ཐུགས་རྗེ་ཆེན་པོ་དེ་ནི། ངས་ཡ་ཧུ་དཱ་པ་མིན་པ་ཕྱིའི་མི་ཀྱ་ལེ་བཤད་དི་མ་ཟད།

9 གསང་བ་དེ་སྟོན་དགོས་པའི་རྒྱུ་མཚན་དེ་ནི། ངས་མི་ཡེ་རེ་ལེ་གསང་བ་དེ་ཧ་གོ་རུ་འཇུག་རྒྱུ་ཆེད་དུ་ཡིན། གསང་བ་དེ་ནི་གནའ་སྔ་མོ་ནས་ཕེན། ཡེ་རེ་འགོད་གནང་མཁན་དཀོན་མཆོག་གི་ནང་ལེ་སྦས་གནང་འོད་དིག

10 དེ་ནི་ཆོས་ཚོགས་ཀྱི་བརྒྱུད་ནས་ཞིང་ཁམས་ལེ་བཞུགས་མཁན་མཐུ་ནུས་པ་ཅན་དིང་། དབང་ཅན་ཀྱ་ལེ། དཀོན་མཆོག་གི་ཤེས་རབ་སྣ་ཚོགས་དེ། ད་ལྟ་མངོན་སུམ་སྟོན་གནང་རྒྱུ་ཆེད་དུ་ཡིན་དིག

11 ཡང་དེ་ནི་དཀོན་མཆོག་ཁོང་གི་མཐའ་མེད་པའི་ཐུགས་དགོངས་དིང་ཅོག་འདྲ། དཀོན་མཆོག་གིས་འུ་ཀྱ་ཀྱི་སྐྱབས་མགོན་ཇོ་བོ་ཡེ་ཤུའི་བརྒྱུད་ནས་བསྒྲུབས་པར་གནང་པི་དིག

12 སྐྱབས་མགོན་ཡེ་ཤུ་ལེ་བརྟེན་ཏེ་དད་པ་བྱས་པི་དིང་། ཁོང་གི་ནང་ལེ་འཇིག་པ་མེད་དི་དཀོན་མཆོག་གི་དྲུང་དུ་འགྲོ་ཐུབ་པི་འུ་ཀྱ་ལེ་གདེང་ཚོད་འོད་དིག

13 འོ་དེ་ལེ་བརྟེན་ཏེ། ངའི་དཀའ་ངལ་དེ་ནི། ཁྱེད་ཀྱ་ལེ་ཕན་པའི་ཆེད་དུ་ཡིན་ཕེན། ངའི་དཀའ་ངལ་དེའི་དོན་ལེ། ཁྱེད་ཀྱ་ཀྱིས་སེམས་འཕམ་སྣང་མ་བགྱིད་རོགས་ཟིན་ཞུ་བ་ཕུལ་གྱོ་འོད།


དད་པ་བགྱིད་མཁན་གྱི་དོན་ལེ་གསོལ་བ་འདེབས་པ།

14-15 ཅི་ལེ་ཟེར་ནི། ཁོང་ནི་འུ་ཀྱ་ཀྱི་ཨ་ཀྱི་ཅོག་འདྲ་ཡིན་ཕེན། གནམ་ས་གཉིས་ཀྱི་ནང་ལེ་འོད་ཡོད་ཁྱིམ་ཚང་རེ་རེ་ལེ། ཁོང་གི་བརྒྱུད་ནས་མིང་འབྱོར་རི་མ་ཟད།

16 དཀོན་མཆོག་གི་གཟི་བརྗིད་ཆེན་པོ་དིང་། ཁོང་གིས་དམ་པའི་ཐུགས་ཉིད་བརྒྱུད་ནས། ཁྱེད་ཀྱ་ཀྱི་སེམས་ལེ་སྟོབས་ཤུགས་རྒྱས་པར་ཤོག་ཟིན། ངས་ཡབ་ཀྱི་དྲུང་དུ་པུས་མོ་ས་ལེ་བཙུགས་ཏེ་གསོལ་བ་སྨོན་ལམ་འདེབས་གྱོ་འོད།

17 ཁྱེད་ཀྱ་ཀྱི་དད་པའི་བརྒྱུད་ནས་སྐྱབས་མགོན་ཡེ་ཤུ་ཁྱེད་ཀྱ་ཀྱི་སེམས་ནང་ལེ་བཞུགས་པི་དིང་། བྱམས་པའི་རྨང་གཞི་ལེ་བརྟེན་ཏེ། ཁྱེད་ཀྱ་ཀྱི་བྱམས་པ་དེ་ལེ་རྩ་བ་གཏིང་རིང་པོ་སྐྱེས་ཏེ་བརྟན་པོ་གནས་ཐུབ་རྒྱུ་དིང་།

18 དད་པ་བགྱིད་མཁན་དམ་པ་ཡེ་རེའི་སྐྱེན་ལེ། སྐྱབས་མགོན་ཡེ་ཤུའི་བྱམས་པ་དེ་ནི། ཞེང་ཚད་ལས་འདལ་ལི་དིང་། རིང་ཚད་ལས་འདལ་ལི་དིང་། མཐོ་ཚད་ལས་འདལ་ལི་དིང་། གཏིང་ཚད་ལས་འདལ་ལི་ཡིན་དི་ཧ་གོ་ཐུབ་རྒྱུ་དིང་།

19 ཁོང་གི་བྱམས་པ་དེ་ནི། ཁྱེད་ཀྱ་ཀྱི་བློ་ཡུལ་ལས་མེད་པའི་བྱམས་པ་ཞིག་ཡིན་དི་ཧ་གོ་ཐུབ་ཏེ། དཀོན་མཆོག་གི་ཕུན་སུམ་ཚོགས་པོ་དེ་ཁྱེད་ཀྱ་ལེ་ཁྱབ་པར་ཤོག

20 དཀོན་མཆོག་གིས་འུ་ཀྱ་ཀྱི་སེམས་ལེ་ལས་སྒྲུབ་ཐུབ་པའི་ནུས་མཐུ་ཆེན་པོ་གནང་པི་དིང་། ཡང་འུ་ཀྱ་ཀྱིས་ཞུ་བ་དིང་བསམས་པི་དེ་ཀྱ་ལས་ལྷག་ཚོད་མཛད་ཐུབ་མཁན་ཁོང་ལེ།

21 ཆོས་ཚོགས་ཀྱི་ནང་ལེ་དིང་། སྐྱབས་མགོན་ཡེ་ཤུའི་བརྒྱུད་ནས་མི་རབས་ནས་མི་རབས་ཀྱིས་དུས་རྒྱུན་ནས་རྒྱུན་དུ་བསྟོད་པ་ཕུལ་བར་ཤོག ཨ་མེན། །

© 2023 Wycliffe Bible Translators, Inc. All rights reserved.

Wycliffe Bible Translators, Inc.
Následuj nás:



Reklamy