ཨེ་ཕེ་སི་པ། 2 - དོལ་པོ།ལེའུ་གཉིས་པ། སྐྱབས་མགོན་ཡེ་ཤུ་དིང་སྐྱེན་ལེ་གསོན་པོ་བཟོས་པ། 1 སྔོན་མ་ཁྱེད་ཀྱ་ནི་ཆོས་ཁྲིམས་འགལ་ལི་དིང་། སྡིག་ཉེས་ཀྱི་རྐྱེན་གྱིས་ཤི་བ་དིང་ཅོག་འདྲ་ཡིན་དིག 2 དུས་དེ་རྒྱ་ཁྱེད་ཀྱ་ཀྱིས་འཇིག་རྟེན་གྱི་ལུགས་སྲོལ་ངན་པ་དེ་སྲུང་གྱོ་འོད་དི་མ་ཟད། ཡང་བར་སྣང་ཁམས་ལེ་དབང་འཛིན་བགྱིད་མཁན་ཀྱ་ལེ་བློ་བསྟུན་བྱས་པི་དིག དེ་ནི་ད་ལྟ་དཀོན་མཆོག་གི་བཀའ་ལེ་མི་ཉན་མཁན་གྱི་སེམས་ལེ་དབང་སྒྱུར་བྱས་ཏེ། ལམ་ནོར་ལེ་འཁྲིད་མཁན་ངན་པའི་སེམས་ཉིད་དེ་ཡིན་དིག 3 སྔོན་མ་འུ་ཡེ་རེ་ཟང་མི་དེ་ཀྱ་ཀྱི་སྐྱེན་ལེ་བསྡད་དེ་འདོད་ཆགས་ཀྱི་དབང་འོག་ཏུ་ཤོར་ཏེ། ལུས་སེམས་ཀྱི་འདོད་པ་ཅོག་འདྲ་སྤྱོད་པ་བྱས་ཕེན། མི་གཞན་མ་ཀྱ་དིང་ཅོག་འདྲ། འུ་ཀྱ་ལེ་ཟང་དཀོན་མཆོག་གི་ཆད་པ་དེ་ཕོག་འོས་པ་ཞིག་ཡིན་དིག 4 ཡིན་ནའང་། ཐུགས་རྗེ་གཟིགས་སྐྱོང་ཕུན་སུམ་ཚོགས་པོ་འོད་ཡོད་དཀོན་མཆོག་གིས་འུ་ཀྱ་ལེ། བྱམས་སྙིང་རྗེ་ཆེན་པོ་གནང་ཕེན། 5 སྔོན་མ་འུ་ཀྱ་ཀྱིས་སྡིག་ཉེས་ཀྱི་ལས་བྱས་པའི་རྐྱེན་གྱིས་ཤི་རོ་དིང་ཅོག་འདྲ་ཡིན་ནའང་། སྐྱབས་མགོན་དིང་སྐྱེན་ལེ་འུ་ཀྱ་ཡང་དང་གསོན་དུ་བཅུག་པི་དིག དེ་ནི་ཐུགས་རྗེ་གཟིགས་སྐྱོང་གིས་ཁྱེད་ཀྱ་ལེ་ཐར་པ་ཐོབ་ཏུ་བཅུག་པི་དིག 6 ཡང་དཀོན་མཆོག་གིས་འུ་ཀྱ་སྐྱབས་མགོན་ཡེ་ཤུའི་ནང་དུ་། ཁོང་དིང་སྐྱེན་ལེ་ཡང་དང་གསོན་དུ་བཅུག་སྟེ། ཁོང་དིང་སྐྱེན་ལེ་ནམ་མཁའི་ཞིང་ཁམས་ལེ་སྡོད་དུ་བཅུག་པི་དིག 7 དེ་ནི་མ་འོངས་པའི་དུས་ལེ། ཁོང་གིས་སྐྱབས་མགོན་ཡེ་ཤུའི་བརྒྱུད་ནས་འུ་ཀྱ་ཀྱིས་ཁོང་གི་ཕུན་སུམ་ཚོགས་པོའི་ཐུགས་རྗེ་གཟིགས་སྐྱོང་དེ་ལེ། བཀའ་དྲིན་ཞུ་རྒྱུ་ཆེད་དུ་ཡིན་དིག 8 ཅི་ལེ་ཟེར་ནི། ཐུགས་རྗེ་གཟིགས་སྐྱོང་གི་བརྒྱུད་ནས་དད་པས་ཁྱེད་ཀྱ་ལེ་ཐར་པ་ཐོབ་འོད་དིག དེ་ནི་ཁྱེད་ཀྱ་ནས་བྱུང་པི་མ་དིག དཀོན་མཆོག་གིས་གནང་པི་དིག 9 ཐར་པ་དེ་ནི་མི་རང་སོ་སོས་བྱས་པའི་ལས་ནས་བྱུང་པི་མན་ཕེན། མི་སུ་ཞིག་གིས་ཐར་པ་དེ་ལེ་སྤོབས་པ་མི་བགྱིད་དི་ཆེད་དུ་ཡིན་དིག 10 ཅི་ལེ་ཟེར་ནི། འུ་ཀྱ་ནི་དཀོན་མཆོག་གི་བཟོ་བཀོད་སྤུས་མ་དེ་ཡིན་ཕེན། སྐྱབས་མགོན་ཡེ་ཤུའི་བརྒྱུད་ནས་དཀོན་མཆོག་གིས་གནའ་སྔ་མོའི་དུས་ནས་གྲ་སྒྲིག་བཟོས་པའི་ལས་བཟང་པོ་དེ་སྒྲུབ་རྒྱུ་ཆེད་དུ། འུ་ཀྱ་བཀོད་གནང་པི་ཡིན་དིག སྐྱབས་མགོན་ཡེ་ཤུའི་ནང་ལེ་གཅིག་བྱུང་བ། 11 འོ་དེ་ལེ་བརྟེན་ཏེ། སྔོན་མ་ཤ་ལུས་ཆ་ནས་ཁྱེད་ཀྱ་ནི་ཕྱི་མི་ཡིན་དི་མ་ཟད། རང་གིས་རང་ལེ་ཕོ་མཚན་གྱི་རྩེ་ལྤགས་བཅད་འོད་ཡོད་མི་ཞིག་ཡིན་ཟེར་མཁན་ཀྱ་ཀྱིས་ཟང་། ཁྱེད་ཀྱ་ནི་ཕོ་མཚན་གྱི་རྩེ་ལྤགས་བཅད་མེད་མེད་ཞིག་ཡིན་དིག་ཟིན་འོད་དིག ཕོ་མཚན་གྱི་རྩེ་ལྤགས་གཅོད་རྒྱུ་དེ་ནི། མིའི་ལག་ག་གིས་རང་གི་ལུས་ལེ་རྟགས་པ་རྐྱང་བརྒྱབ་པི་དིག 12 དུས་དེ་རྒྱ་ཁྱེད་ཀྱ་ནི། སྐྱབས་མགོན་ཡེ་ཤུ་དིང་འབྲེལ་བ་མེད་དི་མ་ཟད། ཡི་སི་ར་ཨེལ་པའི་མི་རིགས་ཀྱི་ཁོངས་གཏོགས་ལས་ཟང་མེད་དིག ཡང་ཁྱེད་ཀྱ་ཀྱིས་དཀོན་མཆོག་གིས་ཞལ་བཞེས་ཅི་གནང་པི་དེ་ཟང་ཧ་མ་གོ་འོད་ཕེན། ཁྱེད་ཀྱ་ལེ་རེ་བ་མེད་དི་དིང་། འཇིག་རྟེན་འདི་རུ་ཁྱེད་ཀྱ་གསོན་པོ་བསྡད་འོད་ནའང་། ཁྱེད་ཀྱ་ནི་དཀོན་མཆོག་དིང་འབྲེལ་བ་མེད་མེད་ཡིན་ཁྱེད་ཀྱ་ཀྱིས་དྲན་པ་གྱིས་ཤིག 13 སྔོན་མ་ཁྱེད་ཀྱ་ནི་དཀོན་མཆོག་དིང་ཐག་རིང་པོ་བསྡད་འོད་དིག ཡིན་ནའང་། ད་ལྟ་སྐྱབས་མགོན་ཡེཤུའི་སྐུ་ཁྲག་གདུང་མ་ཀུ་རུ་ཁའི་ལྟག་ག་ལེ་བཞུར་གནང་པའི་བརྒྱུད་ནས། ཁྱེད་ཀྱ་དཀོན་མཆོག་དིང་ཐག་ཉེ་མོ་དྲངས་གནང་པི་དིག 14 ཅི་ལེ་ཟེར་ནི། སྐྱབས་མགོན་ཡེ་ཤུ་ནི། འུ་ཀྱ་དཀོན་མཆོག་དིང་སྐྱེན་ལེ་ཞི་བདེའི་འཆམ་མཐུན་བཟོ་གནང་མཁན་དེ་ཡིན་དི་མ་ཟད། ཁོང་གིས་ཡ་ཧུ་དཱ་པ་དིང་། ཡ་ཧུ་དཱ་པ་མིན་པའི་མི་ཀྱ་གཅིག་བཟོས་ཏེ། སྡང་སེམས་ཀྱི་བསམ་བློ་དེ་རྩ་མེད་བཏང་ཚར་རི་དིག 15 སྐྱབས་མགོན་སྐུ་གྲོངས་གནང་བའི་བརྒྱུད་ནས་ཡ་ཧུ་དཱ་པ་དིང་། ཕྱི་མིའི་བར་ལེ་ཆོས་ཁྲིམས་དིང་། སྒྲིག་ལམ་གྱི་ཆོས་ཁྲིམས་འོད་ཡོད་དི་མེད་དི་བཟོས་གནང་སྟེ། མི་རིགས་དེ་གཉིས་ནི་གསར་པ་དིང་གཅིག་ཅོག་འདྲ་བཟོས་གནང་པི་དིག 16 ཡང་གདུང་མ་ཀུ་རུ་ཁའི་བརྒྱུད་ནས་མི་རིགས་དེ་གཉིས་བར་ལེ་འོད་ཡོད་སྡང་སེམས་དེ་མེད་དི་བཟོས་གནང་པི་མ་ཟད། མི་རིགས་དེ་གཉིས་ལུས་གཅིག་བཟོས་གནང་སྟེ། དཀོན་མཆོག་དིང་སྐྱེན་ལེ། ཞི་བདེའི་འབྲེལ་བ་དེ་བསྐྱར་གསོ་བཟོས་གནང་པི་དིག 17 སྐྱབས་མགོན་ཡེ་ཤུ་ཕེབས་གནང་སྟེ། དཀོན་མཆོག་དིང་ཐག་རིང་པོ་ལེ་སྡོད་མཁན་ཕྱི་མི་ཁྱེད་ཀྱ་ལེ། ཞི་བདེའི་གཏམ་བཟང་གསུངས་གནང་པི་མ་ཟད། དཀོན་མཆོག་དིང་ཐག་ཉེ་མོ་ལེ་སྡོད་མཁན་ཡ་ཧུ་དཱ་པ་ཀྱ་ལེ་ཟང་། ཞི་བདེའི་གཏམ་བཟང་གསུངས་གནང་པི་དིག 18 ཅི་ལེ་ཟེར་ནི། འུ་ཡ་ཧུ་དཱ་པ་དིང་། ཕྱིའི་མི་གཉིས་ཀ་ལེ་སྐྱབས་མགོན་ཡེ་ཤུའི་བརྒྱུད་ནས་དཀོན་མཆོག་གི་ཐུགས་ཉིད་གཅིག་གི་ནང་ལེ། ཡབ་ཀྱི་དྲུང་དུ་འགྲོ་རྒྱུ་བསྐལ་བ་བཟང་པོ་དེ་ཐོབ་འོད་དིག 19 འོ་དེ་ལེ་བརྟེན་ཏེ། དུས་ད་ནས་ཕྱིན་ཆད། ཁྱེད་ཕྱི་མི་ཀྱ་ནི། ངོ་མི་ཤེས་མཁན་ཕྱི་མི་ཅོག་འདྲ་མ་དིག ཁྱེད་ཀྱ་ནི་དཀོན་མཆོག་གི་དམ་པའི་མི་རིགས་ཀྱི་ཁོངས་གཏོགས་ལེ་བརྩིས་གནང་འོད་དི་མ་ཟད། དཀོན་མཆོག་གི་ནང་མི་ཁོངས་གཏོགས་ལེ་ཟང་བརྩིས་གནང་འོད་དིག 20 སྐུ་ཚབ་དིང་ལུང་སྟོན་པ་ཀྱ་ཀྱི་རྨང་གཞི་ལྟག་ག་ལེ། ཁྱེད་ཀྱ་བརྩིགས་གནང་པི་དིག རྨང་གཞིའི་ཟུར་རྡོ་དེ་ནི། སྐྱབས་མགོན་ཡེ་ཤུ་ཁོང་རང་ཡིན་དིག 21 ཁང་པའི་བཟོ་བཀོད་དེ་ཡེ་རེ་ནི་རིམ་པ་བཞིན་དུ། ཇོ་བོ་ཁོང་ལེ་བརྟེན་ཏེ་ཡེ་རེ་གཅིག་ལེ་སྦྲེལ་ཏེ་མཆོད་ཁང་རྩལ་ཆེན་ཞིག་ལེ་འགྱུར་འགྲོ་འོད་དིག 22 ཁྱེད་ཕྱི་མི་ཀྱ་ཟང་དད་པ་བགྱིད་མཁན་ཡ་ཧུ་དཱ་པ་དིང་སྐྱེན་ལེ། སྐྱབས་མགོན་ཡེ་ཤུའི་བརྒྱུད་ནས། དཀོན་མཆོག་གིས་རང་གི་ཐུགས་ཉིད་བཞུགས་ས་ཞིག་རྩིག་གནང་གྱོ་འོད་དིག ། |
© 2023 Wycliffe Bible Translators, Inc. All rights reserved.
Wycliffe Bible Translators, Inc.