ཐི་མོ་ཐེ་གཉིས་པ། 1 - དོལ་པོ།ལེའུ་དང་པོ། འཚམས་འདྲི་ཞུས་པ། 1-2 དཀོན་མཆོག་གི་ཐུགས་དགོངས་དིང་སྐྱབས་མགོན་ཡེ་ཤུའི་ནང་ལེ་འོད་ཡོད་ཚེ་སྲོག་གི་ཞལ་བཞེས་གནང་པི་ཅོག་འདྲ། སྐུ་ཚབ་ཕོལ་ལོལ་ངས་ཡི་གེ་འདི་ནི། ངའི་བི་ས་ཅོག་འདྲ་ཡིན་མཁན་སྙིང་ནས་བརྩེ་བའི་ཐི་མོ་ཐེ་ཁྱོད་ལེ་བྲིས་པི་ཡིན། ཡབ་དཀོན་མཆོག་དིང་། འུའི་ཇོ་བོ་སྐྱབས་མགོན་ཡེ་ཤུའི་བརྒྱུད་ནས་ཐུགས་རྗེ་གཟིགས་སྐྱོང་དིང་། བྱམས་པ། ཞི་བདེ་དེ་ཁྱོད་ལེ་འཐོབ་པར་ཤོག བཀའ་དྲིན་ཆེ་ཞུས་པ། 3 ངས་དཀོན་མཆོག་ལེ་དུས་རྒྱུན་དུ་བཀའ་དྲིན་ཆེ་ཞུ་འོད། ཡང་མེས་མེས་ཀྱ་ཀྱིས་ཕུལ་གནང་བའི་ཞབས་ཏོག་དིང་ཅོག་འདྲ། ངས་སེམས་པ་རྣམ་དག་ངང་ནས་དཀོན་མཆོག་ལེ་བརྩི་བཀུར་བྱས་པི་མ་ཟད། དཀོན་མཆོག་ལེ་གསོལ་བ་སྨོན་ལམ་འདེབས་རྒྱ། ཁྱོད་ཀྱི་སྐོར་ལེ་ཉིན་མཚན་མེད་དྲན་གྱོ་འོད། 4 དེ་སྔོན་འུ་གཉིས་ཁ་བྲལ་རྒྱ། ཁྱེད་ཀྱི་སྐྱོ་སྣང་གི་མཆི་མ་ཤོར་མྱངས་པི་དེ་ཟང་ངའི་སེམས་ལེ་དྲན་པི་དིང་། ཡང་ངའི་སེམས་པ་དགའ་རི་ཆེན་པོ་འོང་རྒྱུ་ཆེད་དུ། ངས་ཁྱོད་རང་ཡང་དང་མངོན་སུམ་ཐུག་འདོད་འཇུ་གུ་བགྱིད་འོད། 5 ངས་ཁྱོད་ཀྱི་དྲང་བདེན་གྱི་དད་པ་དེ་དྲན་གྱོ་འོད། དད་པ་དེ་ནི་དང་པོ་ཁྱོད་ཀྱི་ཨི་བི་ལོ་ཨེ་སི་དིང་། ཡང་ཨ་མ་ཡུ་ནི་ཀེ་གཉིས་ཀྱི་སེམས་ནང་ལེ་འོད་ཡོད་དི་མ་ཟད། ད་ལྟ་ཁྱོད་ཀྱི་སེམས་ནང་ལེ་ཟང་དད་པ་དེ་རང་འོད་དི་ངས་ཡིད་ཆེས་བརྟན་པོ་བགྱིད་འོད་དིག 6 འོ་དེའི་ཆེད་དུ། ངས་ཁྱོད་ལེ་དྲན་གསོ་གཏོང་གྱོ་འོད། དེ་སྔོན་ངས་ཁྱོད་ཀྱི་ལུས་ལྟག་ག་ལེ་ལག་ག་བོར་ཏེ། དཀོན་མཆོག་ལེ་གསོལ་བ་སྨོན་ལམ་བརྒྱབ་པའི་དེའི་བརྒྱུད་ནས། ཁྱོད་ལེ་དཀོན་མཆོག་གིས་གནང་བའི་འཇོན་ཐང་དེ། ཁྱོད་ཀྱིས་ཡང་དང་མེ་ཁ་གསོ་པི་ཅོག་འདྲ་གསོ་ཤིག 7 ཅི་ལེ་ཟེར་ནི། དཀོན་མཆོག་གིས་འུ་ཀྱ་ལེ་བློ་ཁོག་ཆུང་མའི་སེམས་གནང་མེད་དིག ཡིན་ནའང་། ནུས་མཐུ་དིང་བྱམས་པ། རང་ལེ་བཅུན་ཐུབ་པའི་སེམས་གནང་འོད་དིག 8 འོ་དེ་ལེ་བརྟེན་ཏེ། ཁྱོད་ཀྱིས་འུའི་ཇོ་བོ་ཡེ་ཤུའི་བདེན་པའི་དཔང་པོ་བགྱིད་རྒྱུ་ལེ་ངོ་ཚ་སྣང་མ་བྱས་པི་མ་ཟད། ཡང་ང་ནི་ཇོ་བོ་ཡེ་ཤུའི་དོན་དུ་བཙོན་ལེ་བཅུག་པི་དེ་ལེ་ཟང་། ཁྱོད་ཀྱིས་ངོ་ཚ་མ་བརྩིས་ཏེ། དཀོན་མཆོག་གི་ནུས་མཐུ་ལེ་བརྟེན་ཏེ་གཏམ་བཟང་གི་ཆེད་དུ། ང་དིང་ཅོག་འདྲ་དཀའ་ངལ་མྱོང་དགོས་འོད་དིག 9 དཀོན་མཆོག་གིས་འུ་ཀྱ་ལེ་བསྐྱབས་གནང་པི་མ་ཟད། དམ་པའི་སྤྱོད་ལམ་གྱི་མི་ཚེ་སྐྱེལ་རྒྱུ་ཆེད་དུ། འུ་ཀྱ་ལེ་ཞལ་འབོད་གནང་པི་དིག དེ་ནི་འུ་ཀྱ་ཀྱིས་ཅི་བྱས་པའི་ལས་ལེ་བརྟེན་ཏེ་ཞལ་འབོད་དེ་ཐོབ་པི་མ་དིག ཁོང་གི་ཐུགས་དགོངས་དིང་། ཐུགས་རྗེ་གཟིགས་སྐྱོང་གི་བརྒྱུད་ནས་གནང་པི་དིག ཐུགས་རྗེ་གཟིགས་སྐྱོང་དེ་ནི། འཇིག་རྟེན་མ་བཀོད་པའི་སྔོན་ནས་སྐྱབས་མགོན་ཇོ་བོ་ཡེ་ཤུའི་བརྒྱུད་ནས་འུ་ཀྱ་ལེ་དུས་རྟག་ཏུ་གནང་འོད་དིག 10 འོ་དེ་ལེ་བརྟེན་ཏེ། ད་ལྟ་འུ་ཀྱ་ལེ་སྐྱོབ་མཁན་སྐྱབས་མགོན་ཇོ་བོ་ཡེ་ཤུ་ཁོང་མངོན་སུམ་དུ་ཕེབས་པའི་བརྒྱུད་ནས་གཟིགས་སྐྱོང་དེ་མངོན་སུམ་དུ་བསྟན་གནང་པི་མ་ཟད། ཁོང་གིས་འཆི་བ་དེ་རྩ་མེད་བཟོས་ཏེ། གཏམ་བཟང་གི་བརྒྱུད་ནས་རྩ་མེད་འགྲོ་རྒྱུ་མེད་མེད་ཚེ་སྲོག་དེ་མངོན་གསལ་དུ་བསྟན་གནང་པི་དིག 11 ང་ནི་གཏམ་བཟང་དེ་ཤོད་མཁན་དིང་། སྐུ་ཚབ། དགེ་རྒན་ལེ་བསྐོས་པི་དིག 12 འོ་དེའི་ཆེད་དུ། ངས་ཟང་དཀའ་ངལ་དེ་ཀྱ་མྱོང་གྱོ་འོད་ནའང་། ངས་དོན་འདི་ལེ་ངོ་གནོན་དགོས་མེད། ཅི་ལེ་ཟེར་ནི། ངས་སུ་ལེ་དད་པ་བྱས་འོད་མེད་ཧ་གོ་འོད། ཇོ་བོ་ཡང་དང་ཕེབས་རྒྱུ་ཡིན་དི་ཉིན་མ་དེ་མ་སླེབས་བར་དུ། ངས་ཁོང་ལེ་ཅི་བཅོལ་ལི་དེ་ནི། ཁོང་གིས་སྲུང་ཐུབ་མི་ཐུབ་སྐོར་ལེ་ངས་ཐེ་ཚོམ་བགྱིད་དགོས་མེད། 13 ཡང་སྐྱབས་མགོན་ཇོ་བོ་ཡེ་ཤུ་ལེ་བརྟེན་ཏེ། དད་པ་དིང་བྱམས་སེམས་ཀྱིས་ང་ནས་ཐོས་པི་དིང་། ཡང་དག་པ་བསྟན་པའི་བསླབ་བྱས་དེ་ལེ་བརྟན་པོ་བྱས་ཏེ་སྲུངས་ཤིག 14 འུ་ཀྱ་ཀྱི་ནང་ལེ་བཞུགས་པའི་དམ་པའིཐུགས་ཉིད་ཀྱི་བརྒྱུད་ནས་སྔར་ཁྱོད་ལེ་བཅོལ་ལི་རིན་ཐང་ཅན་གྱི་གཏམ་བཟང་དེ་བརྟན་པོ་བྱས་ཏེ་སྲུངས་དགོས་འོད་དིག 15 ཨེ་ཞེ་ཡཱ་ལུང་པ་ལེ་འོད་ཡོད་མི་ཀུན་གྱིས་ང་དིང་ཁ་བྲལ་ལི་དིང་། ཡང་མི་དེ་ཀྱ་ཀྱི་ནང་ནས་ཕི་གེལ་ལུ་དིང་། ཧེར་མོ་གེ་ནཱེ་ཁོ་གཉིས་ཟང་འོད་དི་ནི། ཁྱོད་ཀྱིས་ཧ་གོ་གོ་བ་ཡིན་དིག 16 ཨོ་ནེ་སི་ཕུ་རུའི་ཁྱིམ་མི་ཀྱ་ལེ། ཇོ་བོ་ཡེ་ཤུས་བྱམས་སྙིང་རྗེ་གནང་བར་ཤོག ཅི་ལེ་ཟེར་ནི། ཨོ་ནེ་སི་ཕུ་རུ་ཁོས་ང་ལེ་ལེན་མ་མང་པོ་སེམས་གསོ་བཏང་བྱུང་། ཡང་ང་ལེ་ལྕགས་སྒྲོག་བརྒྱབ་འོད་དི་དོན་དེ་ལེ་ཟང་། ཁོས་ངོ་ཚ་ཞིག་ལེ་མ་བརྩིས་པི་མ་ཟད། 17 ད་རུང་ཁོ་རང་རོ་མཱའི་རྒྱལ་ས་ལེ་འོད་ཀྱ། ཁོས་འབད་བརྩོན་ངང་ནས་ང་ལེ་བཙལ་ཏེ་རྙེད་དི་དིག 18 ཇོ་བོ་ཡེ་ཤུ་ཡང་དང་ཕེབས་འོང་གི་ཉིན་མོ་དེ་ལེ། ཇོ་བོས་ཁོ་ལེ་ཐུགས་རྗེ་གནང་བར་ཤོག ཡང་ང་ཨེ་ཕེ་སི་རྒྱལ་ས་ལེ་འོད་རྒྱ། ཁོས་ང་ལེ་རོགས་ལམ་ཅི་བྱས་པི་དེ་ནི། ཁྱོད་ཀྱིས་ཟང་དགའ་མོ་ཧ་གོ་གོ་བ་ཡིན་དིག ། |
© 2023 Wycliffe Bible Translators, Inc. All rights reserved.
Wycliffe Bible Translators, Inc.