Online Bible

- Reklamy -


ཐེ་ས་ལོ་ནི་ཀེ་​གཉིས་པ། 3 - དོལ་པོ།


ལེའུ་གསུམ་པ། གཏམ་བཟང་ཤོད་རྒྱུ་ལེ་གསོལ་བ་​སྨོན་ལམ་བཏབ་པ།

1 མཇུག་མཐའ་མ་དེ་ལེ། ཁྱེད་​སྤུན་ཟླ་ཀྱ་གསོལ་བ་སྨོན་ལམ་འདེབས་རྒྱ། ཇོ་བོའི་བཀའ་དེ་​ཁྱེད་ཀྱ་ཀྱི་ནང་ལེ་ཅི་གི་བྱས་ཏེ་ཁྱབ་​པི་ཅོག་འདྲ། ཕྱོགས་​ཀུན་​ལེ་ཟང་བཀའ་​དེ་​མགྱོགས་པོ་ཁྱབ་སྟེ་​བརྩི་བཀུར་​འཐོབ་​རྒྱུ་​ཆེད་དུ་ཟང་གསོལ་བ་སྨོན་ལམ་འདེབས་རོགས་ཟིན་ངས་རེ་བ་ཞུ་འོད།

2 མི་​འོད་​ཚད་​ཀྱིས་​ཁོང་​ལེ་​དད་པ་​མི་​བགྱིད་འོད་​ཕེན། ཉེད་​ཀྱ་​ཁྲིམས་མེད་ལུགས་མེད་དིང་མི་ངན་​ཀྱ་​ལག་​ནས་​ཐར་བའི་དོན་ལེ་ཟང་གསོལ་བ་​སྨོན་ལམ་འདེབས་རོགས།

3 ཇོ་བོ་​ཡེ་ཤུ་​ནི་​བློ་​འགེལ་བགྱིད་ཆོག་འོས་པ་ཞིག་ཡིན་​ཕེན། ཁོང་​གིས་​ཁྱེད་​ཀྱ་​ཀྱི་​དད་སེམས་​དེ་བརྟན་པོ་བཟོས་​གནང་​སྟེ། བདུད་པོ་​ངན་པ་​དེའི་​ལག་​ནས་​བསྲུང་སྐྱོབ་གནང་གྱི་​དིག

4 ཁྱེད་​ཀྱ་​ཀྱིས་​ད་ལྟ་​ཡང་​ནི་​མ་འོང་གི་དུས་​ཅི་​གི་ཞིག་​ལེ་​ཡིན་ནའང་​། ཉེད་ཀྱ་ཀྱིས་ཁ་བསྒོས་​བཅུག་པི་དིང་ཅོག་འདྲ། ཁྱེད་ཀྱ་ཀྱིས་ཇོ་བོ་ཡེ་ཤུའི་བརྒྱུད་ནས་​སྒྲུབ་པར་​བགྱིད་རྒྱུ་ཡིན་དི་ཉེད་​ཀྱ་ཀྱི་ཡིད་ཆེས་​བགྱིད་འོད།

5 ཇོ་བོ་​ཡེ་ཤུ་ཁོང་གིས་​ཁྱེད་​ཀྱ་​ཀྱི་སེམས་པ་དེ་ནི། དཀོན་མཆོག་​གི་​བྱམས་པ་​དིང་། སྐྱབས་མགོན་​གྱི་བཟོད་སྒོམ་​ནང་​ལེ་​འཁྲིད་གནང་བར་​ཤོག་​ཅིག


ལེ་ལོ་​བགྱིད་​མཁན་​ཀྱ་​ལེ་​ཉེན་བརྡ་བཏང་བ།

6 ཁྱེད་སྤུན་ཟླ་ཀྱ། འུའི་སྐྱབས་མགོན་​ཇོ་བོ་​ཡེ་ཤུའི་​མཚན་​གྱི་བརྒྱུད་ནས་​ཉེད་ཀྱ་ཀྱིས་ཁྱེད་​ཀྱ་​ལེ་​སྐུལ་མ་བཏང་འོད་ཕེན། ཁྱེད་​སྤུན་ཟླ་ཀྱ་ནང་​ནས་​མི་སུ་ཞིག་གིས་​ལེ་ལོ་​བགྱིད་​དི་​དིང་། ཡང་ཉེད་ཀྱ་ཀྱིས་​སྐུལ་མ་བཏང་པི་དེ་​མི་སྲུང་​འོད་​ནི། མི་​དེ་​ཀྱ་​ལེ་​ཁ་ཡ་​མ་​བགྱིད་​ཅིག

7 ཁྱེད་​ཀྱ་​ཀྱིས་​ཉེད་ཀྱ་ལེ་​མིག་དཔེ་​ལྟ་​དགོས་​འོད་​དི་ཧ་​གོ་​གོ་​བ་ཡིན་​དིག སྔོན་མ་​ཉེད་ཀྱ་​ཁྱེད་ཀྱི་​སྐྱེན་​ལེ་​སྡོད་​རྒྱ། ཉེད་ཀྱ་ཀྱིས་ལེ་ལོ་མ་བྱས་​འོད།

8 ཡང་​རིན་པ་​མ་​གཏད་​དེ་མི་​གཞན་​གྱི་​ལག་​ནས་​བཟས་མེད། ཅི་ལེ་​ཟེར་​ནི། ཉེད་ཀྱ་ཀྱིས་ཁྱེད་​ཀྱ་​ལེ་​འོ་བརྒྱལ་​མི་​བཟོ་བའི་ཆེད་དུ། བརྩོན་འགྲུས་​དིང་​ཉིན་མཚན་​མེད་​ལས་ཀ་སྡུག་པོ་བྱས་ཏེ་དཀའ་​ལས་ཆེན་པོ་བ​རྒྱབ་པི་​ཡིན།

9 ཡང་​དུས་དེ་རྒྱ་ཉེད་ཀྱ་ཀྱི་མིའི་​ལག་​ནས་​ཟ་མ་​བཟའ་​རྒྱུ་དབང་ཆ་འོད་ནའང་། ཉེད་ཀྱ་ཀྱིས་དེ་གི་མ་བྱས་པི་ཡིན། དེ་ནི་ཉེད་ཀྱ་ཀྱིས་ཅི་​བྱས་​པི་ཅོག་འདྲ་ཁྱེད་ཀྱ་ཀྱིས་ཟང་​བགྱིད་​རྒྱུ་​དོན་ལེ། སྤྱོད་ལམ་​བཟང་པོའི་​མིག་དཔེ་ཞིག་​བསྟན་​པི་​ཡིན།

10 དེ་སྔོན་ཉེད་​ཀྱ་ཁྱེད་ཀྱི་​སྐྱེན་​ལེ་​སྡོད་​རྒྱ། གལ་སྲིད་མི་སུ་ཞིག་གིས་ལས་ཀ་​བགྱིད་རྒྱུ་འདོད་པ་མི་བགྱིད་མཁན་དེ། ཟ་མ་ཟ་མི་ཆོག་འོད་དི་ཟིན་ཁ་བསྒོས་བཅུག་འོད།

11 ཅི་ལེ་ཟེར་ནི། ཁྱེད་ཀྱ་ཀྱི་​ནང་​ནས་​མི་​ཁ་ཤས་​ཞིག་​གིས་ལས་ཀ་མ་བྱས་ཏེ​། གཞན་གྱི་ལས་ལེ་ཇུས་གཏོགས་པ་རྐྱང་​བྱས་ཏེ་སྡོད་གྱོ་འོད་དིག་​ཟིན་ཉེད་ཀྱ་ཀྱིས་​ཐོས་​བྱུང་​།

12 ད་ལྟ་ཉེད་ཀྱ་ཀྱིས་འོ་དེ་གི་བགྱིད་མཁན་མི་དེ་ཀྱ་ལེ། སྐྱབས་མགོན་​ཇོ་བོ་​ཡེ་ཤུའི་བརྒྱུད་ནས་ཁ་བསྒོས་དིང་སྐུལ་མ་གཏོང་གྱོ་འོད། མི་དེ་ཀྱ་ཀྱིས་ཁ་ཁུ་སིམ་པོ་བྱས་ཏེ་རང་གི་གྲོད་ཚེ་རང་གིས་གསོ་སྐྱོང་བགྱིད་དགོས་འོད་དིག

13 ཁྱེད་​སྤུན་ཟླ་ཀྱ​། ལས་​བཟང་པོ་​བགྱིད་​རྒྱུ་​ལེ་​ཡིད་ཐང་མ་ཆད་ཅིག

14 མི་​སུ་ཞིག་གིས་​ཡི་གེ་​འདིའི་​ནང་​གི་བསླབ་བྱ་ལེ་​མི་​ཉན་​འོད་​ནི། མི་​དེ་​ཀྱ་​ངོ་ཚ་རྒྱུ་ཆེད་དུ། དོན་དེ་རང་གི་ཡིད་ལེ་བོར་ཏེ། མི་དེ་ཀྱ་དིང་སྐྱེན་ལེ་འབྲེལ་བ་​མ་​བགྱིད་​ཅིག

15 ཡིན་ནའང་​། མི་​དེ་​ཀྱ་​ལེ་​དགྲ་​བོ་ཅོག་འདྲ་བརྩི་མཐོང་མ་བྱས་ཏེ། རང་གི་​སྤུན་​ཅོག་འདྲ་བརྩིས་ཏེ་སྐུལ་མ་གཏོང་ཞིག


མཇུག་མཐའ་མའི་འཚམས་འདྲི།

16 ད་ཞི་བདེའི་ཇོ་བོ་ཡེ་ཤུས་དུས་​ནམ་​ཞིག་​ཡིན་ནའང་​། ཁྱེད་​ཀྱ་​ལེ་​ཞི་བདེ་​གནང་བར་​ཤོག ཇོ་བོ་​ཡེ་ཤུ་ཟང་​ཁྱེད་​ཡེ་རེའི་​སྐྱེན་​དུ་​གནས་པར་​ཤོག

17-18 འུའི་སྐྱབས་མགོན་​ཇོ་བོ་​ཡེ་ཤུའི་​ཐུགས་རྗེ་​གཟིགས་སྐྱོང་དེ་དུས་རྒྱུན་​དུ། ཁྱེད་ཀྱ་ཀྱི་སྐྱེན་​ལེ་གནས་པར་ཤོག མཐའ་མཇུག་གི་གསོལ་བ་སྨོན་ལམ་འདི་ནི། ཕོལ་ལོལ་ང་རང་གི་ལག་གས་བྲིས་པི་ཡིན། སྨོན་ཚིག་འདི་ནི་ངའི་ཕྱོགས་ནས་ཡིན་དི་ཡི་གེ་ཡེ་རེའི་རྟགས་ཟང་ཡིན། ། ། །

© 2023 Wycliffe Bible Translators, Inc. All rights reserved.

Wycliffe Bible Translators, Inc.
Následuj nás:



Reklamy