Online Bible

- Reklamy -


ཐེ་ས་ལོ་ནི་ཀེ་​གཉིས་པ། 2 - དོལ་པོ།


ལེའུ་གཉིས་པ། ཁྲིམས་མེད་ལུགས་མེད་བགྱིད་མཁན་གྱི་སྐོར།

1-2 ཁྱེད་སྤུན་ཟླ་​ཀྱ། འུའི་སྐྱབས་མགོན་​ཇོ་བོ་​ཡེ་ཤུ་​འཇིག་རྟེན་​ལེ་​ཡང་དང་​ཕེབས་​རྒྱུ་ཡིན་དི་དིང་​། འུ་​ཀྱ་​ཁོང་​གི་​དྲུང་​དུ་​འཛོམ་བརྟན་ཡིན་​དི་​སྐོར་ཁྱེད་ཀྱ་ལེ་ཞུ་རྒྱུ་ཡིན། ཡང་ཉེད་ཀྱ་ཀྱི་ཕྱོགས་ནས་ཡིན་​ཚུལ་བྱས་ཏེ་བྲིས་པའི་​ཡི་གེ་​ཅི་གི་​ཞིག་​ཡིན་ནའང་​། ཡང་ནི། ཇོ་བོའི་​ཉིན་མོ་​དེ་ནི་ད་ལྟ་​སླེབས་​ཚར་​འོད་​དིག་​ཟིན་​ལུང་བསྟན་ནའང་། ཁྱེད་​ཀྱ་​ཀྱིས་དེ་ལེ་ཡིད་ཆེས་​བགྱིད་​ལ་ལ་དིང་​། འཁྱར་སྣང་མ་བགྱིད་ཟིན་བསྐུལ་མ་གཏོང་གྱོ་འོད།

3 གཡོ་སྒྱུ་བགྱིད་​མཁན་​མི་​སུའི་འོག་​ཏུ་མ་​ཚུད་​ཅིག ཅི་ལེ་ཟེར་ནི། ཉིན་མོ་​དེ་​མ་​སླེབས་པའི་སྔོན་​ལེ། དཀོན་མཆོག་​ལེ་​ངོ་​ལོག་​བགྱིད་​དི་དུས་དེ་སླེབས་རྒྱ། རྩ་མེད་གཏོང་མཁན་དགྲ་བོ་​དེའི་​རིགས་​མང་པོ་​ཞིག་བརྟན་བརྟན་​འཐོན་འོང་​རྒྱུ་ཡིན་དི་མ་ཟད། དེའི་​ནང་​ནས་​ཟང་ཁྲིམས་​མེད་​ལུགས་​མེད་​བགྱིད་མཁན་​མི་​ཞིག་​ཟང་​འཐོན་​འོང་གྱི་དིག མཇུག་མཐའ་མའི་དུས་ལེ་མི་​དེ་ནི་རྩ་མེད་འགྲོ་གྱི་དིག

4 ཁྲིམས་​མེད་​ལུགས་​མེད་​བགྱིད་མཁན་​མི་དེས་​ལྷ་ཟེར་རི་རིགས་​དིང་​། བསྙེན་བཀུར་བགྱིད་ཆོག་འོས་པ་ཡེ་རེའི་ནང་ནས་ཁོ་རང་མཐོ་ཤོས་བརྩིས་ཏེ། མི་​ཡེ་རེ་རང་གི་​ཕྱོགས་​ལེ་སྡུད་རྒྱུ་ལེ་འདོད་​པ་ཆེན་པོ་བགྱིད་འོད་དི་མ་ཟད། ཁོ་རང་དཀོན་མཆོག་​གི་​མཆོད་ཁང་​ནང་​ལེ་​བསྡད་​དེ། ང་​ནི་དཀོན་མཆོག་​ཡིན་​ཟིན་ཟེར་གྱི་​དིག

5 ང་​ཁྱེད་​ཀྱ་​དིང་​སྐྱེན་​ལེ་​སྡོད་​རྒྱ། ངས་​ཁྱེད་​ལེ་​དོན་​དེའི་སྐོར་​ལེ་བཤད་ཚར་རི་ཁྱེད་ཀྱ་ཀྱིས་​མི་​དྲན་​འདུག་​གས།

6 ཁྲིམས་​མེད་​ལུགས་​མེད་​བགྱིད་​མཁན་དེ་​ནི། དུས་ཁྱུག་ཚོད་ཞིག་གི་རིང་ལེ་​འཐོན་འོང་བརྟན་ཡིན་དིག ཡིན་ནའང་། ད་ལྟ་​འགོག་པའི་རྒྱུ་རྐྱེན་ཅི་ཡིན་དི་ཁྱེད་​ཀྱ་​ཀྱིས་​ཟང་​ཧ་གོ་​འོད་དིག

7 མ་གཞི་​ཁྲིམས་​མེད་​ལུགས་​མེད་​བགྱིད་​མཁན་དེས་​གསང་བའི་​ངང་​ནས་​ལས་​བགྱིད་​རྒྱུ་​འགོ་བཙུགས་​ཚར་འོད་དིག ཡིན་ནའང་​། ད་ལྟ་​འགོག་​མཁན་​འོད་དི་དིང་། འགོག་མཚམས་​མ་​འབོར་​བར་དུ་​ཁྲིམས་​མེད་​ལུགས་​མེད་​མི་​དེ་འཐོན་འོང་​གྱི་​མ་དིག

8 དེ་ནས་​ཁྲིམས་​མེད་​ལུགས་​མེད་​བགྱིད་​མཁན་​དེ་​འཐོན་​འོང་​རྒྱ​། ཇོ་བོ་​ཡེ་ཤུས་​རང་གི་དབུགས་​གདངས་ཀྱིས་མི་དེ་དགྲ་​འཇོམས་ཏེ། ཁོང་མངོན་སུམ་དུ་ཕེབས་འོང་བའི་གཟི་བརྗིད་ཀྱིས་མི་​དེ་​རྩ་མེད་​གཏོང་གྱི་​དིག

9 ཁྲིམས་​མེད་​ལུགས་​མེད་​བགྱིད་​མཁན་​དེ་ནི། བདུད་​ཀྱི་​རྒྱལ་པོ་​སཱ་ཏན་​གྱི་ནུས་མཐུ་ངང་ནས་​འོང་​སྟེ། རྩ་མེད་འགྲོ་མཁན་མི་ཀྱ་ལེ། མཐུ་རྩལ་​དིང་​། གྲུབ་རྟགས། རྫུ་འཕྲུལ་​སྣ་ཚོགས་​སྟོན་ཏེ།

10 རྩ་མེད་འགྲོ་མཁན་མི་ཀྱ་ལེ་ངན་​པའི་མགོ་སྐོར་​སྣ་ཚོགས་​གཏོང་​གྱོ་འོད་​དིག ཅི་ལེ་ཟེར་ནི། མི་དེ་ཀྱ་ཀྱིས་ཐར་བ་གནང་མཁན་བདེན་པ་དེ་ལེ་ཁས་ལེན་མ་བྱས་པི་དིག

11 འོ་དེ་ལེ་བརྟེན་ཏེ། དཀོན་མཆོག་གིས་ཟང་མི་​དེ་​ཀྱ་ལེ་རྫུ་འཕྲུལ་ལེ་ཉན་རྒྱུ་སེམས་གནང་ཕེན། མི་​དེ་​ཀྱ་ཀྱིས་​ཟང་​རྫུ་​འཕྲུལ་དེ་​ལེ་​ཡིད་​ཆེས་​བགྱིད་ཀྱི་དིག

12 ཡང་སྤྱོད་ལམ་​ངན་པ་​ལེ་འཐད་པོ་དིང་། བདེན་པ་དེ་ལེ་ཡིད་ཆེས་མི་མཁན་ཀྱ་ལེ་​ཉེས་ཆད་གཅོད་​རྒྱུ་ཆེད་དུ་ཡིན་དིག


དད་པ་​བརྟན་པོ་​བགྱིད་​དགོས་པའི་སྐུལ་མ།

13 ཇོ་བོས་གཅེས་པོ་གནང་ས་ཁྱེད་སྤུན་ཟླ་ཀྱ། ཉེད་ཀྱ་ཀྱིས་​ནམ་རྒྱུན་​དུ་ཁྱེད་​ཀྱ་​ཀྱི་​ཆེད་དུ་​དཀོན་མཆོག་​ལེ་​ཐུགས་རྗེ་​ཆེ་​ཞུ་​འོད། ཅི་ལེ་ཟེར་ནི། ཐར་བ་​འཐོབ་རྒྱུ་ཆེད་དུ་དཀོན་མཆོག་གིས་ཁྱེད་ཀྱ་དང་པོ་བདམས་​གནང་པི་དིག ཐར་པ་དེ་ནི་ཁྱེད་ཀྱ་ལེ་དམ་པ་བཟོས་གནང་མཁན་དཀོན་མཆོག་གི་ཐུགས་ཉིད་​དིང་། བདེན་པ་ཁོང་རང་ལེ་དད་པ་བྱས་པའི་བརྒྱུད་ནས་ཐོབ་པི་དིག

14 དོན་​འདིའི་​ཆེད་དུ། ཉེད་ཀྱ་ཀྱིས་​བཤད་​དི་​གཏམ་བཟང་​དེའི་​བརྒྱུད་​ནས། དཀོན་མཆོག་​གིས་​ཁྱེད་​ཀྱ་​ལེ་​ཞལ་​འབོད་​གནང་​སྟེ​། འུ་ཀྱ་ཀྱི་སྐྱབས་མགོན་​ཇོ་བོ་​ཡེ་ཤུའི་​གཟི་བརྗིད་​ཀྱི་སྐལ་བ་དེ་​ཁྱེད་​ཀྱ་​ལེ་​ཐོབ་རྒྱུ་ཆེད་དུ་​ཡིན་​དིག

15 འོ་དེ་ལེ་བརྟེན་ཏེ། ཁྱེད་​སྤུན་ཟླ་ཀྱ། ཁྱེད་ཀྱ་ཀྱིས་རང་གི་དད་པ་​བརྟན་པོ་འཛིན་དགོས་འོད་དིག ཡང་ཉེད་ཀྱ་ཀྱིས་​ཁ་​ནས་​བཤད་​དི་དིང་​། ཡང་ཡི་གེ་​ནང་​ལེ་​བྲིས་འོད་ཡོད་ཅི་​ཞིག་​ཡིན་ནའང་​། ཡང་ནི། ཉེད་ཀྱ་ཀྱི་བརྒྱུད་ནས་ཁྱེད་ཀྱ་ལེ་​ཐོབ་པའི་​བསླབ་བྱ་དེ་ཀྱ་རང་གི་སེམས་​ནང་ལེ་དགའ་མོ་སྲུངས་ཤིག

16-17 ད་འུ་​ཀྱ་​ལེ་​གཅེས་པོ་​གནང་མཁན་འུའི་ཡབ་དཀོན་མཆོག་གི་ཐུགས་རྗེ་གཟིགས་སྐྱོང་གི་​བརྒྱུད་ནས་མཐའ་​མེད་པའི་​སེམས་གསོ་དིང་། ངོ་མཚར་​ཆེ་བའི་​རེ་བ་གནང་​མཁན་འུའི་སྐྱབས་མགོན་​ཇོ་བོ་​ཡེ་ཤུ་ཁོང་གིས་​ཁྱེད་​ཀྱ་​ལེ་སེམས་གསོ་​དིང་སྟོབས་ཤུགས་གནང་སྟེ། ཁ་ནས་ལབ་དགའ་མོ་དིང་ལས་བཟང་པོ་ཡེ་རེ་བགྱིད་རྒྱུ་ལེ་​ལམ་སྟོན་གནང་བར་​ཤོག །

© 2023 Wycliffe Bible Translators, Inc. All rights reserved.

Wycliffe Bible Translators, Inc.
Následuj nás:



Reklamy