Online Bible

- Reklamy -


པེ་ཏྲོ་གཉིས་པ། 1 - དོལ་པོ།


ལེའུ་དང་པོ། འཚམས་འདྲི།

1 སི་མོན་པེ་ཏྲོ་ང་ནི་སྐྱབས་མགོན་ཡེ་ཤུའི་སྐུ་ཚབ་པ་དིང་ཚེ་གཡོག་ཞིག་ཡིན་ཕེན། ཡི་གེ་འདི་ནི་འུའི་དཀོན་མཆོག་དིང་སྐྱོབ་མཁན་སྐྱབས་མགོན་ཡེ་ཤུའི་དྲང་བདེན་དེའི་བརྒྱུད་ནས་འུ་ཀྱ་ཀྱི་རྩལ་ཆེ་བའི་དད་པ་དིང་གཅིག་པ་འཐོབ་མཁན་ཀྱ་ཀྱི་ཆེད་དུ་འབྲི་འོད་དིག

2 ཁྱེད་ཀྱ་ཀྱིས་དཀོན་མཆོག་དིང་འུའི་ཇོ་བོ་ཡེ་ཤུ་ངོ་ཤེས་པའི་བརྒྱུད་ནས། ཁྱེད་ཀྱ་ལེ་ཐུགས་རྗེ་གཟིགས་སྐྱོང་དིང་ཞི་བདེ་མང་དུ་འཕེལ་བར་ཤོག


དད་པ་བགྱིད་མཁན་གྱི་སྤྱོད་ལམ་ཅི་གི་དགོས་པའི་སྐོར།

3 ཡང་དཀོན་མཆོག་གི་ནུས་མཐུ་དེས་འུ་ཀྱ་ལེ་ཚེ་སྲོག་དིང་། དད་གུས་སྐོར་གྱི་དོན་དེ་ཡེ་རེ་གནང་ཚར་རི་དིག དེ་ནི་འུ་ཀྱ་ཀྱིས་ཁོང་ངོ་ཤེས་པའི་རྐྱེན་གྱིས་ཡིན་དི་མ་ཟད། ཁོང་ནི་རང་གི་གཟི་བརྗིད་དིང་ཐུགས་རྗེ་ཕུན་སུམ་ཚོགས་པོ་དེ་ནི། འུ་ཀྱ་ལེ་ཞལ་འབོད་གནང་མཁན་ཁོང་གྱི་བརྒྱུད་ནས་ཐོབ་པི་དིག

4 དོན་དེ་ཀྱ་ཀྱི་བརྒྱུད་ནས་ཁོང་གིས་འུ་ཀྱ་ལེ་རིན་ཐང་ཆེན་པོ་དིང་རྩལ་ཆེན་གྱི་ཞལ་བཞེས་དེ་གནང་པི་མ་ཟད། དེའི་བརྒྱུད་ནས་འུ་ཀྱ་ལེ་འཇིག་རྟེན་གྱི་འདོད་ཆགས་ནས་བྱུང་བའི་ངན་རུལ་གྱི་ལས་ནས་ཐར་ཏེ། དཀོན་མཆོག་གི་རང་བཞིན་གྱི་སྤྱོད་པ་དིང་ཅོག་འདྲ་ཡིན་དི་ངོས་འཛིན་བགྱིད་རྒྱུ་ཆེད་དུ་ཡིན་དིག

5 འོ་དེ་ལེ་བརྟེན་ཏེ། ཡང་དོན་དེའི་ཆེད་དུ་དད་པའི་ཁ་ལེ་སྤྱོད་ལམ་བཟང་པོ་དིང་། སྤྱོད་ལམ་བཟང་པོའི་ཁ་ལེ་ཤེས་རྟོགས་དིང་།

6 ཤེས་རྟོགས་ཁ་ལེ་རང་ཚོད་ཟིན་པ་དིང་། རང་ཚོད་ཟིན་པའི་ཁ་ལེ་བཟོད་སྒོམ། བཟོད་སྒོམ་གྱི་ཁ་ལེ་ཆོས་སེམས་འོད་ཡོད་དིང་།

7 ཆོས་སེམས་འོད་ཡོད་ཁ་ལེ་སྤུན་ཟླ་ཀྱ་ལེ་བྱམས་པ་དིང་། སྤུན་ཟླ་ཀྱ་ཀྱི་བྱམས་པའི་ཁ་ལེ་མི་ཡེ་རེ་ལེ་བྱམས་པའི་ཁ་སྣོན་རྒྱག་དགོས་རྒྱུ་ལེ་འབད་བརྩོན་བགྱིད་དགོས་འོད་དིག

8 ཅི་ལེ་ཟེར་ནི། དོན་དེ་ཀྱ་ཁྱེད་ཀྱ་ལེ་འོད་དི་མ་ཟད་འཕེལ་ལི་ཡིན་ནི། ཁྱེད་ཀྱ་ལེ་འུའི་ཇོ་བོ་སྐྱབས་མགོན་ཡེ་ཤུའི་ཤེས་རྟོགས་ཀྱི་ནང་ལེ་ཕན་ཐོག་མེད་མེད་དིང་། འབྲས་བུ་མེད་མེད་ཞིག་འོང་གྱི་མ་དིག

9 མི་སུ་ཞིག་ལེ་སྤྱོད་ལམ་དེ་ཀྱ་མེད་ནི། ཉེ་མོ་མ་གཏོགས་ཐག་རིང་པོ་མི་མཐོང་མཁན་ཞར་ར་ཅོག་འདྲ་ཡིན་ཕེན། སྔོན་མ་བྱས་པའི་སྡིག་པ་དག་ཏུ་བཅུག་གནང་པི་དེ་ཟང་དྲན་པ་བརྗེད་དི་དིག

10 འོ་དེ་ལེ་བརྟེན་ཏེ། ཁྱེད་ཆོས་གྲོགས་སྤུན་ཟླ་ཀྱ། དཀོན་མཆོག་གིས་བོས་གནང་པི་དིང་བདམས་པི་དེ་ལེ་བརྟན་པོ་འོང་རྒྱུ་ཆེད་དུ། འཛེན་འབད་བརྩོན་གྱིས་ཤིག འོ་དེ་གི་བྱས་ནི། ཁྱེད་ཀྱ་ཐར་པའི་ལམ་ནས་ཁ་བྲལ་ཏེ་དུས་ནམ་ཟང་མར་འགྱེལ་གྱི་མ་དིག

11 ཡང་དཀོན་མཆོག་གིས་ཁྱེད་ཀྱ་ནི། འུའི་ཇོ་བོ་དིང་སྐྱོབ་མཁན་སྐྱབས་མགོན་ཡེ་ཤུའི་མཐའ་མེད་པའི་རྒྱལ་ཁབ་ནང་ལེ་དགའ་བསུ་ཞུ་གནང་གྱི་དིག


དཀོན་མཆོག་གི་གསུང་རབ་ནས་ལུང་བསྟན་པ།

12 ད་ཁྱེད་ཀྱ་ཀྱིས་དོན་དེ་ཀྱ་ཧ་གོ་ཕེན། ཁྱེད་ཀྱ་ལེ་འོད་ཡོད་བདེན་པ་དེ་ལེ་བརྟན་པོ་གནས་བསྡད་འོད་དིག ཡིན་ནའང་། ངས་དུས་རྒྱུན་དུ་དོན་དེ་ཀྱ་ཀྱི་སྐོར་ལེ། ཁྱེད་ཀྱ་ལེ་ཡང་དང་དྲན་སྐུལ་བགྱིད་འོད།

13 ང་རང་གསོན་པོ་སྡོད་དི་རིང་ལེ། ངས་ཁྱེད་ཀྱ་ལེ་དྲན་སྐུལ་བྱས་ཏེ་སྐུལ་མ་གཏོང་རྒྱུ་དེ་ནི་འོས་པ་ཞིག་ཡིན་དིག་སེམས་བྱུང་།

14 ཅི་ལེ་ཟེར་ནི། འུའི་ཇོ་བོ་སྐྱབས་མགོན་ཡེ་ཤུས་ང་ལེ་གསལ་པོ་བསྟན་གནང་པི་ཅོག་འདྲ། ད་ང་རང་ཟང་ཤི་ཉེ་བཅར་འགྲོ་འོད་དི་ཆེད་དུ་ཡིན།

15 ང་རང་ཤི་བའི་རྗེས་ལེ། ཁྱེད་ཀྱ་ཀྱིས་དུས་རྒྱུན་དུ་དོན་དེ་ཀྱ་དགའ་མོ་དྲན་ཐུབ་པའི་བགྱིད་རྒྱུ་ཆེད་དུ། ངས་ད་རུང་བརྩོན་འགྲུས་ཆེན་པོ་བགྱིད་ཀྱི་ཡིན།


སྐྱབས་མགོན་ཡེ་ཤུའི་གཟི་བརྗིད་ཀྱི་དཔང་པོའི་སྐོར།

16 དེ་སྔོན་ཉེད་ཀྱ་ཀྱིས་ཁྱེད་ཀྱ་ལེ། འུའི་ཇོ་བོ་སྐྱབས་མགོན་ཡེ་ཤུའི་ནུས་མཐུ་ཆེན་པོ་དིང་། ཁོང་རང་ཡང་དང་ཕེབས་འོང་རྒྱུ་ཡིན་དི་སྐོར་ལེ་སྨྲས་པི་དེ་ཀྱ་ནི། མི་ཁ་མཁས་པ་ཞིག་གིས་བཟོས་པའི་སྒྲུང་གཏམ་ཅོག་འདྲ་མ་དིག ཉེད་ཀྱ་ཀྱིས་ཁོང་གི་གཟི་བརྗིད་ཆེན་པོ་དེ་མིག་གིས་མངོན་སུམ་མཐོང་པི་དེ་ལེ་དཔང་པོ་བགྱིད་མཁན་ཡིན།

17 ཡང་ཡབ་དཀོན་མཆོག་ནས་ཁོང་ལེ་གཟི་བརྗིད་དིང་། བརྩི་བཀུར་ཐོབ་གནང་རྒྱ། གཟི་བརྗིད་ཀྱི་འོད་ཟེར་ཆེན་པོ་དེས་ཁོང་ལེ། འདི་ནི་ངའི་དགའ་སྤྲོ་སྐྱེ་ས་སྙིང་གི་བི་ས་ཡིན་ཟིན་གསུངས་པི་དིག

18 ཉེད་ཀྱ་ཁོང་དིང་སྐྱེན་ལེ་གནས་ཆེན་རི་བོ་ལེ་འོད་རྒྱ། དཀོན་མཆོག་གི་ཞིང་ཁམས་ནས་གསུང་སྐད་དེ་ཉེད་ཀྱ་ཀྱིས་ཟང་ངོ་ཐོག་ཐོས་བྱུང་།

19 ཡང་འུ་ཀྱ་ལེ་ལུང་སྟོན་པ་ཀྱ་ཀྱིས་གནང་བའི་བཀའ་དེ་ཟང་། ཁུངས་ལུང་འོད་ཡོད་དིང་བདེན་པ་ཡིན་དི་ར་སྤྲོད་འབྱོར་འོད་དི་མ་ཟད། བཀའ་དེ་ནི་མུན་ནག་གི་ནང་ལེ་འབར་འོངས་པའི་མར་མེ་ཅོག་འདྲ་ཡིན་དིག ནམ་སྐྱ་རེངས་དིང་། ཁྱེད་ཀྱ་ཀྱི་སེམས་ནང་ལེ་ཐོ་རེངས་ཀྱི་སྐར་ཆེན་དེ་མ་ཤར་བར་དུ། ཁྱེད་ཀྱ་ཀྱིས་ལུང་བསྟན་པའི་བཀའ་དེ་ལེ་དོ་སྣང་བྱས་ནི་དགའ་མོ་འོད་དིག

20 ཡང་དེ་ལས་ལྷག་ཚོད་གལ་ཆེ་བ་དེ་ནི། གསུང་རབ་ཀྱི་ལུང་བསྟན་གྱི་བཀའ་ཅི་གི་ཞིག་ཡིན་ནའང་། རང་གི་འདོད་པའི་བརྒྱུད་ནས་འགྲེལ་བཤད་རྒྱག་མི་ཆོག་འོད་དི་གསལ་པོ་ཧ་གོ་བར་གྱིས་ཤིག

21 ཅི་ལེ་ཟེར་ནི། ལུང་བསྟན་ཅི་ཞིག་ཡིན་ནའང་། མིའི་འདོད་པའི་བརྒྱུད་ནས་བྱུང་པི་མ་དིག དམ་པའིཐུགས་ཉིད་ཀྱིས་མི་ལེ་བསྐུལ་གནང་སྟེ། མི་ཀྱ་ཀྱི་བརྒྱུད་ནས་དཀོན་མཆོག་གི་བཀའ་ཀྱ་བཤད་དི་དིག །

© 2023 Wycliffe Bible Translators, Inc. All rights reserved.

Wycliffe Bible Translators, Inc.
Následuj nás:



Reklamy