ཡོ་ཧ་ནན་གཉིས་པ། 1 - དོལ་པོ།ལེའུ་དང་པོ། འཚམས་འདྲི། 1-2 ཆོས་ཚོགས་ཀྱི་རྒན་མི་ངས་ཡི་གེ་འདི་ནི་དཀོན་མཆོག་གིས་བདམས་པའི་ཆོས་ཚོགས་ཀྱ་དིང་། ཡང་ཆོས་ཚོགས་ཀྱི་ནང་ལེ་འོད་ཡོད་མི་ཀྱ་ཀྱི་ཆེད་དུ་བྲིས་འོད། འུ་ཀྱ་ལེ་རྒྱུན་ཆད་མེད་འོད་ཡོད་བདེན་པ་དེ་ནི་འུ་ཀྱ་ཀྱི་ནང་ལེ་བཞུགས་ཕེན། ང་པ་རྐྱང་མ་དིག་བདེན་པ་ཧ་གོ་ཐུབ་མཁན་ཡེ་རེས་ཟང་ཁྱེད་ཀྱ་ལེ་བརྩེ་བ་བགྱིད་འོད་དིག 3 ཡབ་དཀོན་མཆོག་དིང་། ཁོང་གི་སྲས་སྐྱབས་མགོན་ཡེ་ཤུའི་བརྒྱུད་ནས་ཐུགས་རྗེ་གཟིགས་དིང་བཀའ་དྲིན། ཞི་བདེ་དིང་བདེན་པ། བྱམས་པ་དེ་འུ་ཀྱ་ལེ་གནས་པར་ཤོག བདེན་པ་དིང་བྱམས་པ། 4 ཡབ་ཀྱིས་འུ་ཀྱ་ལེ་བཀའ་གནང་འོད་དི་ཅོག་འདྲ། ཁྱེད་ཀྱ་ཀྱི་ནང་ནས་མི་ཁ་ཤས་ཀྱིས་བདེན་པའི་སྤྱོད་ལམ་བགྱིད་འོད་དི་ཧ་གོ་སྟེ་ང་དགའ་རི་འཇུ་གུ་བྱུང་། 5 ད་ཁྱེད་ཆོས་ཚོགས་ཀྱ། ངས་ཁྱེད་ཀྱ་ལེ་ད་ལྟ་བཀའ་གསར་པ་ཞིག་མི་འབྲི་འོད། འུ་ཀྱ་ཀྱིས་གཅིག་གིས་གཅིག་ལེ་བྱམས་པ་བགྱིད་དགོས་འོད་དིག་ཟིན། ངས་ཁྱེད་ཀྱ་ལེ་ཞུ་བ་ཕུལ་གྱོ་འོད། བཀའ་དེ་ནི་སྔོན་མ་ནས་ཕེན་འུ་ཀྱ་ལེ་འོད་ཡོད་བཀའ་དེ་རང་ཡིན་དིག 6 ཡང་འུ་ཀྱ་ཀྱིས་དཀོན་མཆོག་གི་སྤྱོད་ལམ་ཅོག་འདྲ་བྱས་འོད་ནི། དེ་ནི་བྱམས་པ་ཡིན་དིག ཁྱེད་ཀྱ་ཀྱིས་སྔོན་མ་ནས་ཐོས་པི་དེ་རིང་ཅོག་འདྲ་སྤྱོད་ལམ་བགྱིད་དགོས་རྒྱུ་ནི་བཀའ་དེ་ཡིན་དིག 7 ཅི་ལེ་ཟེར་ནི། མགོ་སྐོར་གཏོང་མཁན་མང་པོ་ཞིག་འཇིག་རྟེན་ལེ་སླེབས་འོད་དིག མི་དེ་ཀྱ་ཀྱིས་སྐྱབས་མགོན་ཡེ་ཤུ་ནི་མིའི་ལུས་ནས་ཕེབས་གནང་པི་དེ་ལེ་ཁས་ལེན་མི་བགྱིད་འོད་དིག མི་དེ་ཀྱ་ནི་མགོ་སྐོར་གཏོང་མཁན་ཞིག་ཡིན་དི་མ་ཟད། སྐྱབས་མགོན་གྱི་བསྟན་དགྲ་ཞིག་ཡིན་དིག 8 ཉེད་ཀྱ་ཀྱིས་འབད་བརྩོན་ངང་ནས་ཅི་བསྒྲུབས་པི་དེ་ཀྱ་དོན་མེད་ལེ་མི་འགྲོ་བའི་ཆེད་དུ་དོགས་ཟོན་གྱིས་ཞིག དེ་ནི་ཁྱེད་ཀྱ་ལེ་བྱ་དགའ་ཆ་ཚང་འཐོབ་རྒྱུ་ཆེད་དུ་ཡིན། 9 ཡང་མི་སུ་ཞིག་གིས་སྐྱབས་མགོན་ཡེ་ཤུ་བརྒྱུད་ནས་བསྟན་གནང་བའི་བསླབ་བྱ་དེ་མི་སྲུང་མཁན་དེ་ལེ། དཀོན་མཆོག་ཟང་འབྲེལ་བ་མེད་དིག ཁོང་གི་བསྟན་གནང་བའི་བསླབ་བྱ་སྲུང་མཁན་གྱི་སྐྱེན་ལེ་ཡབ་སྲས་གཉིས་ཀ་བཞུགས་འོད་དིག 10 ཡང་གལ་སྲིད་མི་སུ་ཞིག་གིས་ཁྱེད་ཀྱ་ཀྱིས་བསྟན་པའི་བསླབ་བྱ་འདི་ལེ་མ་སྟོན་ཏེ། ཁྱེད་ཀྱ་ཀྱི་རྩ་ལེ་འོང་འོད་ནི། ཁྱེད་ཀྱ་ཀྱིས་མི་དེ་རང་གི་ཁང་པ་ལེ་མ་བསུས་ཤིག ཡང་མི་དེ་ཀྱ་ཀྱི་སྐྱེན་ལེ་སྐད་ཆ་ཟང་མ་ཤོད་ཅིག 11 ཅི་ལེ་ཟེར་ནི། མི་དེའི་རིགས་ལེ་བསུ་མཁན་དེ་ནི། ལས་ངན་གྱི་སྤྱོད་པ་དིང་འབྲེལ་བ་འོད་དིག མཇུག་མཐའ་མའི་འཚམས་འདྲི། 12 ང་ལེ་ད་རུང་ཁྱེད་ཀྱ་ཀྱི་ཆེད་དུ་འབྲི་དགོས་པའི་དོན་མང་པོ་འོད་ནའང་། ཤོག་ལེབ་དིང་སྣག་ཚའི་བརྒྱུད་ནས་པ་རྐྱང་འབྲི་འདོད་མེད། འུ་ཀྱ་ཀྱི་སེམས་ལེ་དགའ་སྤྲོས་ཁེངས་རྒྱུ་ཆེད་དུ། ཁྱེད་ཀྱ་ལེ་གདོང་ངོ་མངོན་སུམ་ཐུག་སྟེ་སྐད་ཆ་ཤོད་འདོད་འོད། 13 དཀོན་མཆོག་གིས་བདམས་གནང་བའི་ཁྱེད་ཀྱ་ཀྱི་ཆོས་ཚོགས་ཀྱ་ཀྱིས་ཟང་། ཁྱེད་ཀྱ་ལེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་འདུག ། ། ། |
© 2023 Wycliffe Bible Translators, Inc. All rights reserved.
Wycliffe Bible Translators, Inc.