Online Bible

- Reklamy -


ཀོ་རིན་ཐུ་པ་གཉིས་པ། 1 - དོལ་པོ།


ལེའུ་དང་པོ། འཚམས་འདྲི་ཞུ་བ།

1 དཀོན་མཆོག་གི་དགོངས་པ་ཅོག་འདྲ་སྐྱབས་མགོན་ཡེ་ཤུའི་སྐུ་ཚབ་ཕོལ་ལོལ་ང་རང་དིང་། འུའི་ཆོས་གྲོགས་སྤུན་ཟླ་ཐི་མོ་ཐེ་ཉེད་གཉིས་ཀྱིས་ཀོ་རིན་ཐུ་་རྒྱལ་ས་ལེ་འོད་ཡོད་དཀོན་མཆོག་གི་ཆོས་ཚོགས་དིང་། ཨ་ཀ་ཡཱ་ལུང་པའི་ཕྱོགས་ཀུན་ལེ་འོད་ཡོད་དཀོན་མཆོག་གི་མི་ཡེ་རེ་ལེ་ཡི་གེ་འདི་ཕུལ་ལོ།

2 འུ་ཀྱ་ཀྱི་ཡབ་དཀོན་མཆོག་དིང་སྐྱབས་མགོན་ཇོ་བོ་ཡེ་ཤུའི་བརྒྱུད་ནས་ཁྱེད་ཀྱ་ལེ་ཐུགས་རྗེ་གཟིགས་སྐྱོང་དིང་ཞི་བདེ་འཐོབ་པར་ཤོག


དཀོན་མཆོག་ལེ་བསྟོད་པ་འབུལ་བ།

3 འུ་ཀྱ་ཀྱི་སྐྱབས་མགོན་ཇོ་བོ་ཡེ་ཤུའི་ཡབ་དཀོན་མཆོག་ལེ་བསྟོད་པ་འོང་བར་ཤོག ཁོང་ནི་ཐུགས་རྗེ་ཅན་གྱི་ཡབ་དིང་སེམས་གསོ་གནང་མཁན་དཀོན་མཆོག་ཡིན་ཕེན།

4 ཁོང་གིས་འུའི་དཀའ་ངལ་ཡེ་རེ་ལེ་སེམས་གསོ་གནང་པི་མ་ཟད། དཀོན་མཆོག་གིས་འུ་ཀྱ་ལེ་གནང་བའི་སེམས་གསོ་དེ་རིང་ཅོག་འདྲ། འུ་ཀྱ་ཀྱིས་ཟང་དཀའ་སྡུག་མྱོང་མཁན་མི་ཀྱ་ལེ་སེམས་གསོ་གཏོང་ཐུབ་རྒྱུ་ཆེད་དུ་ཡིན།

5 ཅི་ལེ་ཟེར་ནི། འུ་ཀྱ་ཀྱིས་སྐྱབས་མགོན་ཡེ་ཤུའི་དཀའ་སྡུག་ཙམ་མང་པོ་མྱོང་གྱོ་འོད་ནའང་། དེ་ལས་ཟང་མང་ཚོད་སྐྱབས་མགོན་ཡེ་ཤུ་ལེ་བརྟེན་ཏེ་སེམས་གསོ་གནང་གྱོ་འོད།

6 ཉེད་ཀྱ་ཀྱིས་དཀའ་ངལ་མྱོང་རྒྱུ་དེ་ནི། ཁྱེད་ཀྱ་ལེ་སེམས་གསོ་དིང་ཐར་པ་འཐོབ་རྒྱུ་ཆེད་དུ་ཡིན། ཉེད་ཀྱ་ཀྱིས་སེམས་གསོ་གཏོང་རྒྱུ་དེ་ཟང་། ཁྱེད་ཀྱ་ཀྱི་སེམས་བདེ་མོ་འོང་རྒྱུ་ཆེད་དུ་ཡིན། སེམས་གསོ་དེས་ཁྱེད་ཀྱ་ཀྱིས་ཟང་། ཉེད་ཀྱ་ཀྱིས་མྱོང་གྱོ་འོད་དི་དཀའ་ངལ་དེ་ལེ་བཟོད་པ་བགྱིད་ཐུབ་ཀྱི་དིག

7 ཡང་ཉེད་ཀྱ་ཀྱིས་ཁྱེད་ཀྱ་ལེ་རེ་བ་བརྟན་པོ་བཅངས་འོད། ཅི་ལེ་ཟེར་ནི། ཁྱེད་ཀྱ་ཀྱིས་ཉེད་ཀྱ་དིང་སྐྱེན་ལེ་དཀའ་ངལ་མྱོང་གྱོ་འོད་ཕེན། ཉེད་ཀྱ་དིང་སྐྱེན་ལེ་སེམས་གསོ་འཐོབ་རྒྱུ་ཡིན་དི་ཟང་ཉེད་ཀྱ་ཀྱིས་ཧ་གོ་འོད་དིག

8 ཁྱེད་ཆོས་གྲོགས་སྤུན་ཟླ་ཀྱ། དེ་སྔོན་ཉེད་ཀྱ་ཀྱིས་ཨེ་ཞེ་ཡཱ་ལུང་པ་ལེ་མྱངས་པའི་དཀའ་ངལ་དེའི་སྐོར་ལེ། ཁྱེད་ཀྱ་ཀྱིས་ཟང་ཧ་གོ་བ་བགྱིད་དགོས་འོད་དིག དུས་དེ་ལེ་ཉེད་ཀྱ་ཀྱིས་མནར་གཅོད་ཆེན་པོའི་དཀའ་ངལ་དེ་ལེ་བཟོད་སྒོམ་བགྱིད་མ་ཐུབ་པི་མ་ཟད། ཉེད་ཀྱ་གསོན་པོ་ལེ་ལུས་རྒྱུ་རེ་བ་ཟང་ཆད་དེ།

9 ཉེད་ཀྱ་ཤི་ཚར་སོང་བསམས་བྱུང་། ཡིན་ནའང་། དུས་དེ་རྒྱ་ཉེད་ཀྱ་ཀྱིས་རང་གིས་རང་ལེ་བློ་གཏད་མ་བྱས་ཏེ། གཤིན་པོ་ཀྱ་ཡང་དང་གསོན་པོ་སློང་མཁན་དཀོན་མཆོག་ལེ་བློ་གཏད་བྱས་པི་ཡིན།

10 འོ་དེ་ཅོག་འདྲ། ཤི་རྒྱུ་ཉེན་ཁ་ཆེན་པོ་དེ་ནས་ཐར་བར་གནང་མཁན་ཁོང་གིས་ད་ལྟ་ཟང་། ཉེད་ཀྱ་ལེ་སྐྱོབ་གནང་གྱོ་འོད་དི་མ་ཟད། ཡང་མ་འོངས་པའི་དུས་ལེ་ཟང་། ཁོང་གིས་ཉེད་ཀྱ་ལེ་ཡང་དང་སྐྱོབ་གནང་རྒྱུ་ཡིན་དི་ཉེད་ཀྱ་ཀྱིས་ཁོང་ལེ་རེ་བ་བགྱིད་འོད།

11 ཡང་ཁྱེད་ཀྱ་ཀྱིས་ཟང་གསོལ་བ་སྨོན་ལམ་བརྒྱུད་ནས་རོགས་ལམ་བགྱིད་འོད་དིག གསོལ་བ་སྨོན་ལམ་མང་པོ་བཏབ་པའི་བརྒྱུད་ནས་ཉེད་ཀྱ་ལེ་གནང་བའི་བྱིན་རླབས་ཀྱི་དོན་ལེ། མི་མང་པོ་ཞིག་གིས་དཀོན་མཆོག་ལེ་བཀའ་དྲིན་ཆེ་ཟིན་ཞུ་གྱི་དིག


ཕོལ་ལོལ་གྱིས་རང་གི་འཆར་གཞི་འགྱུར་བ་བཏང་བ།

12 ཉེད་ཀྱ་ཀྱིས་འཇིག་རྟེན་པ་དང་། ཡང་དེ་ལས་ལྷག་ཚོད་ཁྱེད་ཀྱ་ཀྱི་སྐྱེན་ལེ། འཇིག་རྟེན་གྱི་ཤེས་རབ་བརྒྱུད་ནས་མིན་པར། དཀོན་མཆོག་གི་གཟིགས་སྐྱོང་བརྒྱུད་ནས་ལྷད་མེད་སྤྱོད་ལམ་བཟང་པོ་བྱས་པི་ཡིན། དེ་ལེ་ཉེད་ཀྱ་ཀྱི་དྲང་སེམས་ཀྱིས་དཔང་པོ་བགྱིད་འོད་དིག འོ་དེ་ནི་ཉེད་ཀྱ་ཀྱི་ངོམ་རྒྱུ་སྤོབས་པ་ཡིན།

13-14 ཡང་ཉེད་ཀྱ་ཀྱིས་ད་ལྟ་ཁྱེད་ཀྱ་ལེ་ཡི་གེ་བྲིས་པ་དེ་ནི། ཁྱེད་ཀྱ་ཀྱིས་ཀློག་རྒྱུ་དིང་ཤེས་ཐུབ་རྒྱུ་ཆེད་དུ་ཡིན། ཡང་ཁྱེད་ཀྱ་ཀྱིས་དོན་རྩ་བ་ནས་ཤེས་ཆ་ཚང་མ་ཧ་གོ་ཐུབ་པའི་རེ་བ་འོད། ཇོ་བོ་ཡེ་ཤུ་ཡང་དང་ཕེབས་འོང་གི་ཉིན་མོ་དེ་ལེ། ཁྱེད་ཀྱ་ནི་ཉེད་ཀྱ་ཀྱིས་སྤོབས་པ་བགྱིད་ས་ཡིན་དི་ཅོག་འདྲ། ཉེད་ཀྱ་ཟང་ཁྱེད་ཀྱ་ཀྱིས་སྤོབས་པ་བགྱིད་ས་ཞིག་འོང་གྱི་དིག

15 འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ལེ་ཕན་ཐོགས་ལྡབ་གཉིས་འོང་རྒྱུ་ཆེད་དུ། ང་སྔོན་ལེ་ཁྱེད་ཀྱ་ཀྱི་རྩ་ལེ་འོང་རྒྱུ་འཆར་གཞི་འོད་དི་མ་ཟད།

16 མ་ཀེ་དོན་ཡཱ་ལུང་པ་ལེ་འགྲོ་ཞོར་ལེ། ང་ཁྱེད་ཀྱ་ཀྱི་རྩ་ལེ་འོང་རྒྱུ་འཆར་གཞི་འོད། དེ་ནས་ཡང་ང་རང་འཇགས་མ་ཀེ་དོན་ཡཱ་ནས་ཚུར་ལོག་སྟེ། ཡ་ཧུ་དཱ་ལུང་པ་ལེ་ལོག་རྒྱ། ལམ་ལེ་དགོས་པ་འོད་ཡོད་དེ་ཟང་། ཁྱེད་ཀྱ་ཀྱིས་རོགས་རམ་བགྱིད་ཀྱི་དིག་བསམ་གྱི་འདུག

17 ད་ངས་འོ་དེ་གི་སེམས་རྒྱ། ངས་བསམ་བློ་གཉིས་བཏང་པི་མ་གས། ཡང་ནི། དུས་གཅིག་ལེ་ཡིན་དིང་མིན་ཟེར་མཁན་འཇིག་རྟེན་འདིའི་མི་དིང་ཅོག་འདྲ་ངས་འཆར་གཞི་བཟོས་པི་མ་གས།

18 ཡིན་ནའང་། དཀོན་མཆོག་ནི་བློ་གཏད་བགྱིད་ཆོག་འོས་པ་ཞིག་ཡིན་ཕེན། ཉེད་ཀྱ་ཀྱིས་ཁྱེད་ཀྱ་ལེ་ཡིན་དིང་མིན་གྱི་གཏམ་གཉིས་བཤད་མེད།

19 ཅི་ལེ་ཟེར་ནི། ང་དིང་། སི་ལཱ། ཐི་མོ་ཐེ་ཉེད་གསུམ་གྱིས་ཁྱེད་ཀྱ་ལེ་བཤད་དི་དཀོན་མཆོག་གི་སྲས་སྐྱབས་མགོན་ཡེ་ཤུ་ནི་ཡིན་དིང་མིན་མ་དིག ཁོང་གི་གསུང་ལེ་དུས་རྒྱུན་དུ་འགྱུར་བ་མེད་དིག

20 ཅི་ལེ་ཟེར་ནི། སྐྱབས་མགོན་ཡེ་ཤུའི་བརྒྱུད་ནས་དཀོན་མཆོག་གི་ཞལ་བཞེས་ཡེ་རེ་འགྲུབ་པི་དིག འོ་དེ་ལེ་བརྟེན་ཏེ། དཀོན་མཆོག་གི་གཟི་བརྗིད་ཀྱི་ཆེད་དུ། ཁོང་གི་བརྒྱུད་ནས་འུ་ཀྱ་ཀྱིས་ཨ་མེན་ཟིན་འོད་དིག

21 ཡང་དཀོན་མཆོག་ནི་ཁྱེད་ཀྱ་དིང་ཉེད་ཀྱ་སྐྱབས་མགོན་ཡེ་ཤུའི་ནང་ལེ་བརྟན་པོ་སྡོད་ཐུབ་ཏུ་འཇུག་མཁན་དེ་ཡིན་དིག ཁོང་གིས་འུ་ཀྱ་བསྐོས་གནང་པི་མ་ཟད།

22 འུ་ཀྱ་ལེ་དམ་ཕྲུག་བརྒྱབ་ཏེ། ཁོང་རང་གི་ཐུགས་ཉིད་འུ་ཀྱ་ཀྱི་སེམས་ནང་ལེ་གཏའ་མ་ཅོག་འདྲ་བོར་གནང་འོད་དིག

23 ཡང་ང་ཀོ་རིན་ཐུ་འི་རྒྱལ་ས་ལེ་མི་ལོག་གི་རྒྱུ་མཚན་དེ་ནི། ཁྱེད་ཀྱ་ལེ་བཀའ་བཀྱོན་མི་ཕོག་གི་ཆེད་དུ། ངས་རང་གིས་རང་ལེ་མནའ་བསྐྱལ་ལི་དེ་ལེ་དཀོན་མཆོག་ངའི་དཔང་པོ་ཡིན་དིག

24 ཉེད་ཀྱ་ཀྱིས་ཁྱེད་ཀྱ་ཀྱི་དད་པ་ལེ་བཙན་དབང་གཏོང་འདོད་མེད། ཁྱེད་ཀྱ་དགའ་སྤྲོ་འོང་རྒྱུ་ཆེད་དུ། ཉེད་ཀྱ་ནི་ཁྱེད་ཀྱ་ཀྱི་ལས་རོགས་ཡིན། ཅི་ལེ་ཟེར་ནི། དེ་ནི་ཁྱེད་ཀྱ་ཀྱིས་རང་གི་དད་པ་ལེ་བརྟེན་ཏེ་བརྟན་པོ་སྡོད་ཐུབ་རྒྱུ་ཆེད་དུ་ཡིན། །

© 2023 Wycliffe Bible Translators, Inc. All rights reserved.

Wycliffe Bible Translators, Inc.
Následuj nás:



Reklamy