ཐེ་ས་ལོ་ནི་ཀེ་དང་པོ། 5 - དོལ་པོ།ལེའུ་ལྔ་པ། ཇོ་བོ་ཡེ་ཤུ་ཡང་དང་ཕེབས་འོང་གི་སྐོར། 1 ཁྱེད་སྤུན་ཟླ་ཀྱ། ཁོང་ཕེབས་པའི་དུས་དིང་ཟླ་བ་ཚེ་གྲངས་དེ་ཅི་གི་ཞིག་ཡིན་དི་ཉེད་ཀྱ་ཀྱིས་ཧ་མི་གོ་འོད་ཟིན་སྨྲས་ཚར་འོད། ཡང་དེའི་སྐོར་ལེ་ཉེད་ཀྱ་ཀྱིས་ཁྱེད་ཀྱ་ལེ་ཡི་གེ་ནང་ལེ་འབྲི་ལས་བགྱིད་དགོས་མི་འདུག 2 མཚན་མོའི་དུས་ལེ་རྐུན་མ་སླེབས་པི་ཅོག་འདྲ། ཇོ་བོ་ཡང་དང་ཕེབས་འོང་རྒྱུ་ཡིན་དི་ཉིན་མ་དེ་ནི། ཁྱེད་ཀྱ་ཀྱིས་གསལ་པོ་ཧ་གོ་འོད་དིག 3 མི་ཀྱ་ཀྱིས་ད་བདེ་འཇམ་ཡིན་ཟེར་རི་དུས་ལེ། བུད་མེད་སྐྱེས་རྒྱུ་འོད་ཡོད་ཀྱ་སྐྱེ་ཟུག་རྒྱག་གི་ཅོག་འདྲ། དེ་ལོང་མེད་མི་དེ་ཀྱ་ལེ་རྐྱེན་ངན་འབྱུང་ཕེན། རྐྱེན་ངན་དེ་ལེ་གཡོ་ཐབས་ཞིག་ཟང་མེད་དིག 4 ཡིན་ནའང་། ཁྱེད་སྤུན་ཟླ་ཀྱ། མུན་ནག་ནང་ལེ་མ་ལུས་འོད་ཕེན། ཉིན་མ་དེའི་དུས་ལེ་རྐུན་མ་སླེབས་པི་ཅོག་འདྲ་ཁྱེད་ཀྱ་ཧ་ལས་སྣང་མ་བགྱིད་ཅིག 5 ཅི་ལེ་ཟེར་ནི། འུ་ཀྱ་ནི་ཉིན་མོ་དིང་འོད་ཟེར་ཁོངས་གཏོགས་ཀྱི་མི་ཡིན་ཕེན། མཚན་མོ་དིང་མུན་ནག་གི་ཁོངས་གཏོགས་ལེ་འོད་ཡོད་མི་ཅོག་འདྲ་མ་དིག 6 འོ་དེ་ལེ་བརྟེན་ཏེ། འུ་ཀྱ་མི་གཞན་མ་ཅོག་འདྲ་གཉིད་མ་ཤོར་ཏེ། དུས་རྟག་ཏུ་དོགས་ཟོན་དིང་སྤྱང་ཧྲིག་ཧྲིག་གྱིས་ཤིག 7 གཉིད་ཁུག་མཁན་ཀྱ་ནི་མཚན་མོ་གཉིད་ཁུག་གི་དིང་། ཡང་ཆང་བཟི་མཁན་ཀྱ་ནི་མཚན་མོ་ཆང་བཟི་འོད་དིག 8 ཡིན་ནའང་། འུ་ཀྱ་ནི་ཉིན་མོ་དིང་འོད་ཟེར་གྱི་ཁོངས་གཏོགས་ལེ་འོད་ཡོད་མི་ཡིན་ཕེན། རང་གིས་རང་ལེ་གཅུན་དགོས་འོད་དིག དཔེར་ན། དམག་རྒྱག་རྒྱ་དམག་མི་ཀྱ་ཀྱིས་རང་གི་ལུས་ལེ་ལྕགས་ཀྱི་བྲང་ཁེབས་གྱོན་པི་ཅོག་འདྲ། འུ་ཀྱ་ཀྱིས་ཟང་རང་གི་སེམས་ལེ་དད་པ་དིང་བྱམས་པ་དེ་གྱོན་ཞིག ཡང་དམག་མི་ཀྱ་རང་གི་མགོ་ལེ་ལྕགས་གི་ཞྭ་མོ་གྱོན་པི་ཅོག་འདྲ། འུ་ཀྱ་ལེ་འོད་ཡོད་ཐར་པའི་རེ་བའི་ཞྭ་མོ་དེ་གྱོན་ཞིག 9 ཅི་ལེ་ཟེར་ནི། དཀོན་མཆོག་གིས་འུ་ཀྱ་ལེ་ཐུགས་ཁྲོ་བའི་ཉེས་ཆད་ཕོག་རྒྱུ་ཆེད་དུ་བསྐོས་པི་མ་དིག འུ་ཀྱ་ལེ་སྐྱབས་མགོན་ཇོ་བོ་ཡེ་ཤུ་བརྒྱུད་ནས་ཐར་བ་ཐོབ་རྒྱུ་ཆེད་དུ་བསྐོས་གནང་པི་དིག 10 ཡང་སྐྱབས་མགོན་ཡེ་ཤུ་དིང་སྐྱེན་ལེ་འུ་ཀྱ་དུས་མཐའ་མེད་མེད་སྡོད་རྒྱུ་འབྱོར་རྒྱུ་ཆེད་དུ། ཁོང་འུའི་དོན་ལེ་སྐུ་གྲོངས་པི་དིག ད་འུ་གསོན་པོ་ཡིན་ནའང་། ཡང་ནི། ཤིན་པོ་ཡིན་ནའང་། ཁོང་ཡང་དང་ཕེབས་འོང་རྒྱ། འུ་ཀྱ་ཁོང་གི་སྐྱེན་ལེ་སྡོད་རྒྱུ་འབྱོར་གྱི་དིག 11 འོ་དེ་ལེ་བརྟེན་ཏེ། ད་ཁྱེད་ཀྱ་ཀྱིས་གཅིག་གིས་གཅིག་ལེ་སེམས་གསོ་བགྱིད་འོད་དི་ཅོག་འདྲ། ད་རུང་ཟང་གཅིག་གིས་གཅིག་ལེ་དད་པ་དེ་བརྟན་དུ་གཏོང་དགོས་འོད་དིག ཕོལ་ལོལ་གྱིས་མཇུག་མཐའ་མའི་བསླབ་བྱའི་སྐོར། 12 ཁྱེད་སྤུན་ཟླ་ཀྱ། ཉེད་ཀྱ་ཀྱིས་ཁྱེད་ལེ་བསླབ་བྱ་བརྒྱབ་པི་ཅོག་འདྲ། ཁྱེད་ཀྱ་ཀྱི་ནང་ནས་ཁྱེད་ཀྱ་ཀྱི་དོན་ལེ་བརྩོན་འགྲུས་བགྱིད་མཁན་ཀྱ་ལེ་བརྩི་བཀུར་གྱིས་ཤིག མི་དེ་ཀྱ་ཀྱིས་ཇོ་བོའི་ཞབས་ཕྱི་ཞུས་ཏེ། ཁྱེད་ཀྱ་ལེ་འགོ་ཁྲིད་མཁན་དིང་བསླབ་བྱ་སྟོན་མཁན་ཡིན་དིག 13 ཡང་ཁོང་ཀྱ་ཀྱིས་བྱས་པའི་ལས་ཀ་དེ་ལེ། ཁྱེད་ཀྱ་ཀྱིས་ཟང་ཁོང་རྣམས་པ་ཀྱ་ལེ་བྱམས་སེམས་བྱས་ཏེ། རྟག་ཏུ་བརྩི་བཀུར་བགྱིད་དགོས་པི་མ་ཟད། ཁྱེད་ཀྱ་ཕན་ཚུན་བར་ལེ་ཟང་གྲོས་མཐུན་དིང་ཞི་འཇམ་ངང་ལེ་སྡོད་ཅིག 14 ཁྱེད་སྤུན་ཟླ་ཀྱ། ཉེད་ཀྱ་ཀྱིས་ཁྱེད་ཀྱ་ལེ་སྐུལ་མ་གཏོང་གྱོ་འོད། ལས་མི་བགྱིད་མཁན་ཀྱ་ལེ་བསྐུལ་བརྡ་གཏོང་ཞིག སེམས་ཤུགས་ཆག་པའི་མི་ཀྱ་ལེ་སེམས་གསོ་གཏོང་ཞིག སྐྱོ་པོ་ཀྱ་ལེ་རོགས་རམ་དིང་། ཡང་མི་ཀུན་ལེ་བཟོད་སྒོམ་བགྱིད་དགོས་པའི་སྐོར་ལེ་སྐུལ་མ་གཏོང་ཞིག 15 ཡང་ཁྱེད་ཀྱ་ཀྱིས་མི་སུ་ཞིག་ལེ་ཡིན་ནའང་། ངན་པའི་ངན་འཇལ་མ་བགྱིད་ཅིག ཡང་དེ་མ་ཟད། ཁྱེད་ཀྱ་ཀྱིས་དད་པ་བགྱིད་མཁན་ཕན་ཚུན་བར་ལེ་ལས་བཟང་པོ་བགྱིད་དགོས་འོད་དི་མ་ཟད། མི་ཡེ་རེ་ལེ་ལས་བཟང་པོ་སྒྲུབ་རྒྱུ་དོན་ལེ་བརྩུན་འགྲུས་བགྱིད་དགོས་འོད་དིག 16 ཇོ་བོ་ལེ་བརྟེན་ཏེ་དུས་རྒྱུན་དུ་དགའ་སྤྲོ་གྱིས་ཤིག 17 རྒྱུན་ཆད་མེད་དི་ཁོང་གི་ཐུགས་དགོངས་ནང་ལེ་བསྡད་དེ་གསོལ་བ་སྨོན་ལམ་ཐོབ་ཅིག 18 ཁྱེད་ཀྱ་ལེ་དོན་ཅི་ཞིག་འཕྲད་ནའང་། དཀོན་མཆོག་ལེ་ཐུགས་རྗེ་ཆེ་ཟིན་ཞུས་ཤིག ཅི་ལེ་ཟེར་ནི། དཀོན་མཆོག་གིས་ཁྱེད་ཀྱ་ནི་སྐྱབས་མགོན་ཡེ་ཤུའི་མཚན་ནང་ལེ་སྡོད་དུ་འཇུག་རྒྱུ་དེ་ནི། དཀོན་མཆོག་གི་ཐུགས་དགོངས་ཡིན་དིག 19 ཡང་དཀོན་མཆོག་གི་ཐུགས་ཉིད་ཀྱིས་ཕྱག་ལས་གནང་པི་དེ་ནི། མེ་གསོད་དེ་ཅོག་འདྲ་མ་གསོད་ཅིག 20 ཡང་ལུང་སྟོན་པ་ཀྱ་ཀྱིས་ལུང་བསྟན་གནང་པི་དེ་ཀྱ་ལེ་མཐོང་ཆུང་མ་བགྱིད་ཅིག 21 ཡིན་ནའང་། ལུང་བསྟན་གནང་པི་དེ་ལེ་བརྟགས་ཞིབ་དགའ་མོ་བྱས་ཏེ། དོན་བཟང་པོ་དེ་ལེ་དུས་རྒྱུན་དུ་མཐར་འཁྱོངས་པི་བྱས་ཏེ། 22 ལས་ངན་པ་ཡེ་རེ་ནས་ཁྱེད་ཀྱ་རྒྱང་ཐག་རིང་ཚོད་སྡོད་ཅིག མཐའ་མཇུག་གི་གསོལ་བ་སྨོན་ལམ། 23 ད་ཞི་བདེ་གནང་མཁན་དཀོན་མཆོག་གིས་ཁྱེད་ཀྱ་ཡེ་རེ་ལེ་དམ་པ་བཟོས་གནང་བར་ཤོག ཡང་འུ་ཀྱ་ཀྱི་ཇོ་བོ་སྐྱབས་མགོན་ཡེ་ཤུ་འཇིག་རྟེན་ལེ་ཡང་དང་མ་ཕེབས་བར་དུ། ཁྱེད་ཀྱ་ཀྱི་ལུས་ངག་ཡིད་གསུམ་ལེ་ལས་ངན་གྱི་ཉེས་པ་ཅི་གང་ཟང་མི་ཕོག་གི་ཆེད་དུ་སྲུང་སྐྱོབ་གནང་བར་ཤོག 24 ཁྱེད་ཀྱ་ལེ་འབོད་གནང་མཁན་ཁོང་ནི་བློ་གཏད་ཆོག་པ་ཡིན་ཕེན། དེ་ཅོག་འདྲ་ཁོང་གིས་སྒྲུབ་བར་གནང་གྱི་དིག 25 ཁྱེད་སྤུན་ཟླ་ཀྱ། ཁྱེད་ཀྱ་ཀྱིས་ཟང་ཉེད་ཀྱ་ཀྱི་དོན་དུ་གསོལ་བ་སྨོན་ལམ་ཐོབ་ཅིག 26 སྤུན་ཟླ་ཡེ་རེ་ལེ་བྱམས་སེམས་ཀྱི་དབུ་གཏུགས་བྱས་ཏེ་འཚམས་འདྲི་ཞུས་ཤིག 27 ངས་ཇོ་བོ་ཡེ་ཤུའི་ཚབ་བྱས་ཏེ་ཡི་གེ་འདི་སྤུན་ཟླ་ཡེ་རེ་ལེ་ཀློག་ཏུ་འཇུག་རོགས་གྱིས་ཟིན་བཀའ་གཏོང་གྱོ་འོད། 28 འུའི་སྐྱབས་མགོན་ཇོ་བོ་ཡེ་ཤུའི་ཐུགས་རྗེ་གཟིགས་སྐྱོང་ཁྱེད་ཀྱ་ལེ་གནས་པར་ཤོག ། ། ། |
© 2023 Wycliffe Bible Translators, Inc. All rights reserved.
Wycliffe Bible Translators, Inc.