Online Bible

- Reklamy -


ཀོ་རིན་ཐུ་པ་དང་པོ། 1 - དོལ་པོ།


ལེའུ་དང་པོ། འཚམས་འདྲི་ཞུས་པ།

1 དཀོན་མཆོག་གི་དགོངས་པ་ཅོག་འདྲ་སྐྱབས་མགོན་ཡེ་ཤུའི་སྐུ་ཚབ་ལེ་བསྐོས་གནང་བའི་ང་ཕོལ་ལོལ་དིང་། འུའི་སྤུན་ཟླ་སོ་ཐེ་ནཱེ་ཉེད་གཉིས་ཀྱིས།

2 ཀོ་རིན་ཐུ་འི་རྒྱལ་སའི་ནང་ལེ་འོད་ཡོད་དཀོན་མཆོག་གི་ཆོས་ཚོགས་དིང་། སྐྱབས་མགོན་ཡེ་ཤུའི་བརྒྱུད་ནས་དཀོན་མཆོག་གིས་རྩལ་ཆེན་ལེ་བརྩིས་གནང་བའི་མི་ཀྱ་དིང་སྐྱེན་ལེ། སྐྱབས་མགོན་ཇོ་བོ་ཡེ་ཤུའི་མཚན་ལེ་བསྟོད་པ་འབུལ་མཁན་ས་ཕྱོགས་ཀུན་ལེ་འོད་ཡོད་མི་ཀྱ་ཟང་ལེ།

3 འུའི་ཡབ་དཀོན་མཆོག་དིང་། སྐྱབས་མགོན་ཇོ་བོ་ཡེ་ཤུའི་བརྒྱུད་ནས་ཐུགས་རྗེ་གཟིགས་སྐྱོང་དིང་། ཞི་བདེ་འཐོབ་པར་ཤོག


དཀོན་མཆོག་ལེ་ཐུགས་རྗེ་ཆེ་ཞུས་པ།

4 སྐྱབས་མགོན་ཡེ་ཤུའི་བརྒྱུད་ནས་ཁྱེད་ཀྱ་ལེ་དཀོན་མཆོག་གིས་གནང་བའི་ཐུགས་རྗེ་གཟིགས་སྐྱོང་དེ་ལེ། ཁྱེད་ཀྱ་ཀྱི་དོན་དུ་ངས་རང་གི་དཀོན་མཆོག་ལེ་དུས་རྒྱུན་ཆད་མེད་བཀའ་དྲིན་ཆེ་ཞུ་འོད།

5 སྐྱབས་མགོན་ཡེ་ཤུས་ཁྱེད་ཀྱ་ལེ་གཏམ་དིང་། ཤེས་རབ་ཡོན་ཏན་གྱི་ནུས་པ་གང་ཅི་ཐོགས་ནས་ཕུན་སུམ་ཚོགས་པོ་གནང་འོད་ཕེན།

6 ཁྱེད་ཀྱ་ཀྱི་ཁྲོད་ལེ་སྐྱབས་མགོན་ཡེ་ཤུའི་སྐོར་གྱི་དཔང་པོ་དེ་བདེན་པ་ཡིན་དི་ར་སྤྲོད་བྱས་འོད།

7 འོ་དེ་ལེ་བརྟེན་ཏེ། འུའི་སྐྱབས་མགོན་ཇོ་བོ་ཡེ་ཤུ་ཁོང་མངོན་སུམ་དུ་ཕེབས་གནང་རྒྱུ་དེ་ལེ་རེ་བའི་ངང་ནས་སྒུག་སྟེ་སྡོད་རྒྱ། ཁྱེད་ཀྱ་ལེ་གཤིས་སྤྱོད་དིང་འཇོན་ཐང་གི་ནུས་པ་སྣ་ཚོགས་གནང་བའི་ཆ་ནས་མི་འདང་བ་མེད་དིག

8 འུའི་སྐྱབས་མགོན་ཇོ་བོ་ཡེ་ཤུ་ཡང་དང་ཕེབས་འོང་གི་ཉིན་མོ་འདི་ལེ། ཁྱེད་ཀྱ་སྐྱོན་མེད་ཡིན་དི་ཆེད་དུ། ཁོང་གིས་ཁྱེད་ཀྱ་དུས་མཐའ་མཇུག་བར་དུ་བརྟན་པོ་འབོར་གནང་གྱོ་འོད་དིག

9 དཀོན་མཆོག་ནི་ཡིད་ཆེ་བགྱིད་ཆོག་འོས་པ་ཞིག་ཡིན་དི་དིང་། ཁོང་གི་སྲས་འུའི་སྐྱབས་མགོན་ཇོ་བོ་ཡེ་ཤུ་དིང་སྐྱེན་ལེ་འབྲེལ་བ་བཟང་པོ་བཟོ་གནང་རྒྱུ་ཆེད་དུ། ཁོང་གིས་ཁྱེད་ཀྱ་ལེ་ཞལ་འབོད་གནང་པི་དིག


ཆོས་ཚོགས་ནང་ལེ་བློ་མཐུན་བགྱིད་དགོས་པ།

10 ཁྱེད་ཆོས་གྲོགས་སྤུན་ཟླ་ཀྱ། ཁྱེད་ཀྱ་བློ་སེམས་གཅིག་མཐུན་འོང་རྒྱུ་ཆེད་དུ་དིང་། ཁྱེད་ཀྱ་ཀྱི་ནང་ནས་ལྟ་བ་མི་མཐུན་པ་མི་འོང་བའི་ཆེད་དུ། འུའི་སྐྱབས་མགོན་ཇོ་བོ་ཡེ་ཤུའི་མཚན་ལེ་བརྟེན་ཏེ། ངས་ཁྱེད་ཀྱ་ལེ་སྐུལ་མ་གཏོང་གྱོ་འོད།

11 ཅི་ལེ་ཟེར་ནི། ཁ་ལཱོ་ཟེར་མཁན་མོའི་ཁྱིམ་ནང་ལེ་འོད་ཡོད་མི་ཀྱ་ཀྱིས་ང་ལེ། ངའི་ཆོས་གྲོགས་སྤུན་ཟླ་ཁྱེད་ཀྱ་ཀྱི་ནང་ལེ་རྩོད་གླེང་ཞིག་བྱུང་བའི་གནས་ཚུལ་དེ་བཤད་བྱུང་།

12 ད་ངས་ཐོས་ཚུལ་ལེ་བལྟས་ནི། ཁྱེད་ཀྱ་ཀྱི་ནང་ནས་མི་ཁ་ཤས་ཞིག་གིས་ང་ནི་ཕོལ་ལོལ་གྱི་ཕྱོགས་ཡིན་ཟེར་རི་དིང་། ཁ་ཤས་ཞིག་གིས་ང་ནི་ཨ་པོ་ལོ་སིའི་ཕྱོགས་ཡིན་ཟེར་རི་དིང་། ཁ་ཤས་ཞིག་གིས་ང་ནི་ཀེ་ཕཱའི་ཕྱོགས་ཡིན་ཟེར་རི་དིང་། ཡང་ཁ་ཤས་ཞིག་གིས་ང་ནི་སྐྱབས་མགོན་ཡེ་ཤུ་ཕྱོགས་ཡིན་ཟེར་རི་རྩོད་གླེང་ཞིག་བྱུང་རྗེས་འདུག

13 སྐྱབས་མགོན་ཡེ་ཤུ་ནི་མི་རེ་རེ་ལེ་བགོས་པི་ཡིན་གས། ཕོལ་ལོལ་ཁྱེད་ཀྱ་ཀྱི་དོན་ལེ་གདུང་མ་ཀུ་རུ་ཁའི་ལྟག་ག་ལེ་བརྒྱངས་པི་ཡིན་གས། ཡང་ནི་ཕོལ་ལོལ་གྱི་མིང་ནང་ལེ་ཁྲུས་གསོལ་བྱས་པི་ཡིན་གས།

14-15 མི་སུས་ཟང་ངའི་མིང་ནང་ལེ་ཁྲུས་གསོལ་བྱས་པི་ཡིན་ཟིན་མི་ཟེར་བའི་ཆེད་དུ། ངས་ཀ་རི་སི་པ་དིང་ག་ཡུ་ཁོ་གཉིས་ལེ་པ་རྐྱང་མན་དི། ཁྱེད་སུ་ལེ་ཟང་ཁྲུས་གསོལ་བགྱིད་མྱོང་མེད་ཕེན། ངས་དཀོན་མཆོག་ལེ་བཀའ་དྲིན་ཆེ་ཞུ་འོད།

16 (ཡང་ངས་སེ་ཏེ་ཕ་ནཱའི་ནང་མི་ཀྱ་ལེ་ཟང་ཁྲུས་གསོལ་བྱས་པི་ཡིན། དེ་མིན་ངས་མི་གཞན་སུ་ལེ་ཟང་ཁྲུས་གསོལ་བྱས་འོད་མེད་གསལ་པོ་མི་དྲན་འདུག)

17 ཅི་ལེ་ཟེར་ནི། སྐྱབས་མགོན་ཡེ་ཤུས་ང་ཁྲུས་གསོལ་བགྱིད་དུ་བརྫངས་པི་མ་དིག སྐྱབས་མགོན་ཡེ་ཤུའི་གདུང་མ་ཀུ་རུ་ཁ་དེ་དོན་མེད་ལེ་མི་འགྲོ་བའི་ཆེད་དུ། གཏམ་བཟང་ཤོད་དུ་བརྫངས་པི་མ་གཏོགས། མིའི་ཤེས་རབ་ཀྱི་བརྒྱུད་ནས་ངས་གཏམ་མཁས་པ་ཤོད་རྒྱུ་དོན་ལེ་མ་དིག


སྐྱབས་མགོན་ནི་དཀོན་མཆོག་གི་ནུས་མཐུ་དིང་ཤེས་རབ་ཡིན་པ།

18 ཅི་ལེ་ཟེར་ནི། དད་པ་མ་བྱས་པའི་རྐྱེན་གྱིས་རྩ་མེད་འགྲོ་མཁན་མི་ཀྱ་ལེ་གདུང་མ་ཀུ་རུ་ཁའི་གཏམ་དེ་ནི། བླུན་པའི་གཏམ་ཡིན་དིག ཡིན་ནའང་། ཐར་བར་འཐོབ་མཁན་འུ་ཀྱ་ལེ་གདུང་མ་ཀུ་རུ་ཁ་དེ་ནི། དཀོན་མཆོག་གི་ནུས་མཐུ་ཡིན་དིག

19 གསུང་རབ་ཀྱི་མདོ་ནང་ལེ། ཤེས་རབ་ཅན་གྱི་ཤེས་རབ་དེ་ངས་མེད་པར་བཟོ། ། རིག་པ་ཅན་གྱི་རིག་པ་དེ་ངས་མེད་པར་བཟོ། ། ཟིན་བྲིས་འོད་དིག

20 ད་འཇིག་རྟེན་འདིའི་ཤེས་རབ་ཅན་དིང་། རིག་པ་ཅན་དིང་། དུས་རབས་འདི་ལེ་རྩོད་གླེང་བགྱིད་མཁན་མི་ག་ན་འདུག་གོ། དཀོན་མཆོག་གིས་འཇིག་རྟེན་འདིའི་ཤེས་རབ་གླེན་པ་བཟོ་གནང་པི་མ་གས།

21 འཇིག་རྟེན་གྱི་མི་ཀྱ་ཀྱིས་རང་གི་ཤེས་རབ་ལེ་བརྟེན་ཏེ་དཀོན་མཆོག་ངོ་མ་ཤེས་ཕེན། གླེན་པ་ཀྱ་ཀྱིས་གཏམ་བཟང་བཤད་དི་བརྒྱུད་ནས་ཁོང་ལེ་དད་པ་བགྱིད་མཁན་ཀྱ་ལེ། དཀོན་མཆོག་གིས་ཐར་དུ་འཇུག་རྒྱུ་ཐུགས་ལེ་དགོངས་གནང་པི་དིག

22 ཡ་ཧུ་དཱ་པ་ཀྱ་ཀྱིས་ཡ་མཚན་གྱི་རྟགས་མཐོང་འདོད་བགྱིད་དི་དིང་། གེ་རིག་པ་ཀྱ་ཀྱིས་ཤེས་རབ་འཚོལ་གྱོ་འོད་དིག

23 ཡིན་ནའང་། ཉེད་ཀྱ་ཀྱིས་གདུང་མ་ཀུ་རུ་ཁ་ལེ་བསད་དི་སྐྱབས་མགོན་གྱི་གཏམ་བཟང་དེ་ཤོད་གྱོ་འོད། གཏམ་བཟང་དེ་ནི་ཡ་ཧུ་དཱ་པ་ཀྱ་ལེ་འགག་རྡོ་བྱུང་པི་དིག ཡང་ཡ་ཧུ་དཱ་པ་མིན་པའི་ཕྱི་མི་ཀྱ་ལེ། དེ་ནི་གླེན་གཏམ་བྱུང་པི་དིག

24 ཡིན་ནའང་། དཀོན་མཆོག་གིས་བོས་གནང་པ་དེ་ནི། ཡ་ཧུ་དཱ་པ་དིང་ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་ཀྱ་ཀྱི་དོན་ལེ་སྐྱབས་མགོན་ཁོང་ནི། དཀོན་མཆོག་གི་ནུས་མཐུ་དིང་ཤེས་རབ་ཡིན་དིག

25 ཅི་ལེ་ཟེར་ནི། དཀོན་མཆོག་གི་གླེན་པའི་འཆར་གཞི་དེ་ནི། འཇིག་རྟེན་མིའི་ཤེས་རབ་ལས་ལྷག་ཚོད་མཁས་པ་འོད་དིག ཡང་དཀོན་མཆོག་གི་སྟོབས་ཤུགས་ཆུང་ཤོས་དེ་ནི། འཇིག་རྟེན་མིའི་སྟོབས་ཤུགས་ལས་ལྷག་ཚོད་ཆེ་བ་འོད་དིག

26 ཁྱེད་ཆོས་གྲོགས་སྤུན་ཟླ་ཀྱ། དཀོན་མཆོག་གིས་ཁྱེད་ཀྱ་ལེ་འབོད་གནང་རྒྱ། ཁྱེད་ཀྱ་ཅི་གི་ཞིག་ཡིན་དི་དྲན་པ་གྱིས་དང་། འཇིག་རྟེན་འདིའི་ཆ་ནས་ཁྱེད་ཀྱ་ཀྱི་ནང་ནས་ཤེས་རབ་ཅན་དིང་། ནུས་མཐུ་ཅན། གོ་གནས་ཅན་མང་པོ་མེད་ནའང་།

27 ཤེས་རབ་ཅན་གྱི་མི་ཀྱ་ལེ་ངོ་ཚ་འབེབས་རྒྱུ་ཆེད་དུ། དཀོན་མཆོག་གིས་འཇིག་རྟེན་འདིའི་ནང་གི་གླེན་པ་ཀྱ་བདམས་གནང་པི་དིག ཡང་སྟོབས་ཆེ་བ་ཀྱ་ལེ་ངོ་ཚ་འབེབས་རྒྱུ་ཆེད་དུ། དཀོན་མཆོག་གིས་འཇིག་རྟེན་འདིའི་ནང་གི་སྟོབས་ཆུང་བ་ཀྱ་བདམས་གནང་པི་དིག

28 ཡང་འཇིག་རྟེན་གྱིས་ཅི་གལ་ཆེན་པོ་རྩི་ས་དེ་སྟོང་པ་ཡིན་དི་བཟོ་གནང་རྒྱུ་ཆེད་དུ། དཀོན་མཆོག་གིས་འཇིག་རྟེན་གྱིས་དམའ་ས་དིང་མཐོང་ཆུང་བགྱིད་ས། ཉམ་ཆུང་ཀྱ་བདམས་གནང་པི་དིག

29 དེ་ནི་དཀོན་མཆོག་གི་དྲུང་དུ་མི་སུས་ཟང་རང་བསྟོད་ཆེན་པོ་བགྱིད་མི་ཐུབ་པའི་ཆེད་དུ་ཡིན་དིག

30 ཅི་ལེ་ཟེར་ནི། ཁོང་གི་རྐྱེན་གྱིས་ཁྱེད་ཀྱ་སྐྱབས་མགོན་ཡེ་ཤུ་ནང་ལེ་འོད་ཕེན། སྐྱབས་མགོན་ནི། འུའི་དོན་ལེ་ཤེས་རབ་དིང་དྲང་བདེན། འུའི་དམ་པ་དིང་ཐར་ལམ་ལེ་གྱུར་རི་དིག

31 མི་སུས་བསྟོད་པ་འབུལ་འདོད་འོད་ནི། སྐྱབས་མགོན་ཇོ་བོ་ཁོང་གིས་ཅི་མཛད་པི་དེ་ལེ་བསྟོད་པ་ཕུལ་ཞིག་ཟེར་རི་མདོ་དེ་འགྲུབ་པའི་ཆེད་དུ་ཡིན་དིག །

© 2023 Wycliffe Bible Translators, Inc. All rights reserved.

Wycliffe Bible Translators, Inc.
Následuj nás:



Reklamy