Aanlyn Bybel

- Advertensies -


ཕི་ལེ་མོན། 1 - གློ་བ།

1 མཱ་ཤི་ཀ་ཡེ་ཤུའི་དོན་དུ་བཙོན་པ་ཡིན་གྱིན་ང་པའུ་ལུ་དང་། འོ་རི་སྤུན་ཏི་མོ་ཐེའུ་ནས། འི་ཀི་གཅེས་བའི་ལས་རོགས་ཕི་ལེ་མོན།

2 དང་འི་ཀི་ནུ་མོ་ཨ་ཕི་ཡཱ་དང་། འོ་རི་དམག་གྲོགས་ཨར་ཀིབ་པོ་དང་། ཁྱོའི་ནང་དུ་ཚོགས་ཀྱིན་ཆོས་ཚོགས་ལ།

3 འོ་རི་ཡབ་དཀོན་མཆོག་དང་། གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཁྱེད་ཀྱ་ལ་ཐུགས་རྗེ་དང་ཞི་བདེ་འཐོབ་པར་ཤོག།


བཀའ་དྲིན་ཆེ་དང་སྨོན་ལམ་ཞུས་བ།

4 ངའི་སྨོན་ལམ་ལ་ཁྱོད་ལ་དྲན་དེ་གང་ལ། ང་ཙོག་བའི་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ་ལི་འོད།

5 གི་བྱས་རེ་སྨྲ་ན་གཙོ་བོ་ཡེ་ཤུ་ལ་ཁྱོའི་དད་པ་དང་དམ་པའི་མི་གི་རིའི་ཕྱིར་ལ་ཁྱོའི་བརྩེ་བའི་སྐོར་ལ་ངས་གོ་རི།

6 ད་མཱ་ཤི་ཀའི་ཆེད་དུ་དད་པ་གཅིག་པ་ཡིན་གྱིན་ཀྱ་མུ་ལ་ཁྱོའི་མཐུན་འབྲེལ་གི་ཐོག་ནས་འོ་རང་ལ་འོད་ཀྱིན་བཟང་ང་གི་རིའི་ཤེས་རབ་ལ་ཁྱོད་འཕེལ་ལ་ཤོག་སྨྲས་རེ་ང་སྨོན་ལམ་ཞུས་འོད།

7 ངའི་སྤུན། ཁྱོས་དམ་པའི་མི་ཀྱ་ལ་སེམས་གསོ་སྤར་ཏེ་ཁྱོའི་བྱམས་པ་ནས་ང་ལ་དགའ་སྤྲོ་དང་སེམས་ཤུགས་ཆེ་ཐོབ་སོང་།


ཨོ་ནེ་སི་མུ་ཡི་དོན་དུ་པའུ་ལུ་ཡིས་ཞུ་བ་ཕུལ་བ།

8 ཁྱོས་གི་བྱེད་དགོས་ཀྱིན་གོ་ལ་མཱ་ཤི་ཀའི་ཐོག་ནས་ངས་ཁྱོད་ལ་བཀའ་སྟེར་ཡས་ཀྱི་བློ་ཁོག་འོད་ནའང་།

9 བྱམས་པའི་རྐྱེན་གྱིས་ང་ཁྱོད་ལ་ཞུ་བ་འབུལ་ལ་ཡིན། ང་མི་རྒས་པོ་པའུ་ལུ། མཱ་ཤི་ཀ་ཡེ་ཤུའི་དོན་དུ་བཙོན་པ་གཅིག།

10 ངའི་བི་ཛ་ཅོག་རེ་ཡིན་མཁན་ཨོ་ནེ་སི་མུ་ཡི་དོན་དུ་རེ་འབོད་ཞུ་བ་ཡིན། བཙོན་ཁང་དུ་ང་ཁོའི་ཨ་རྒས་བྱུང་བ་ལགས།

11 ཨེན་མ་ཁོ་ཁྱོད་ལ་ཕན་མ་ཐོགས་པ་ལགས། ཡིན་ནའང་ད་ལྟ་ཁོ་ཁྱོད་དང་ང་གཉིས་ཀ་ར་ཡི་ཕྱིར་ལ་ཕན་ཐོགས་བ་བྱུང་འདུག།

12 ངའི་སྙིང་གི་གཅེས་བའི་ཁོ་ལ་ཁྱོའི་རྩ་རུ་ལོག་སྟེ་བཏང་ང་ཡིན།

13 ང་གཏམ་བཟང་གི་རྐྱེན་གྱིས་བཙོན་ཁང་དུ་འོད་དུས། ཁྱོའི་ཚབ་ལ་ཁོས་ང་ལ་ཞབས་ཕྱི་ཞུ་ཡས་ལ་ངས་ཁོ་ལ་ང་རང་མུ་ལ་བཞག་ཡས་ཀྱི་འདོད་པ་འོད།

14 ཡིན་ནའང་ཁྱོའི་ལས་བཟང་ང་གོ་ཨུ་ཚུགས་བྱས་རེ་མིན་ད། ཁྱེད་རི་རང་གི་འདོད་པ་ཡིས་བྱེད་ཡས་ཀྱི་ཕྱིར་ལ། ངས་ཁྱོའི་བསམ་ཚུལ་མ་ཤེས་བ་གིའང་བྱེད་ཡས་མ་འདོད།

15 འོ་བྱས་རེ་ཁོ་གཏན་དུ་ཁྱོད་ལ་འཐོབ་ཡས་ཀྱི་ཕྱིར་ལ་ཁྱོའི་མུ་ལ་དུས་ཏི་ཏེ་གཅིག་ཁ་བྲལ་བ་ཡིན་གྲོ།

16 ད་དེ་ནས་ཧ་ལ་ཁོ་བྲན་གཡོག་མིན་ད་ཡིན་ནའང་བྲན་གཡོག་ལས་ལྷག་གཅེས་བའི་སྤུན་ཅོག་རེ་ལགས། དམིགས་བསལ་དུ་ངའི་ཕྱིར་དུ་ཡིན་ནའང་ཁྱོའི་ཕྱིར་དུ། ཁོ་དེ་ནས་ལྷག་བྲན་གཡོག་དང་གཙོ་བོའི་ནང་གཅེས་བའི་སྤུན་ལགས།

17 འོ་བྱས་རེ་ཁྱེད་ཀྱིས་ང་ལ་རང་གི་ལས་རོགས་བརྩིས་ལི་འོད་ན། ཁོ་ལ་ང་ལ་ཅོག་རེ་ཁས་ལེན་བྱེད།

18 ཁོས་ཁྱོད་ལ་ངན་པ་རེ་བྱས་འོད་ན། ཡང་ན་དྲིན་ལན་རེ་ལོག་ཡས་འོད་ན། འོ་དེ་ངའི་རྩིས་ཁར་ལ་ཐོ་རྒྱོབ།

19 ང་པའུ་ལུ་ང་རང་གི་ལག་པ་ཡིས་འདི་བྲིས་བ་ཡིན། ངས་འོ་དེ་ཇང་བོ། ཡིན་ནའང་ཁྱོའི་མི་ཚེའི་དྲིན་ལན་གོ་ངའི་རྐྱེན་གྱི་ཡིན་གྱིན་གོ་ཁྱོད་ལ་སྨྲ་དགོས་གུ་མ་ལགས།

20 ངའི་སྤུན། ངའི་ཆེད་དུ་འདི་ལས་ཀ་དེ་བྱེད་རོགས་བྱེད་སྨྲས་རེ་ང་གཙོ་བོའི་ཐོག་ནས་ཞུ་བ་ཡིན། མཱ་ཤི་ཀའི་ནང་ངའི་སེམས་དགའ་རུ་ཆུག།

21 ཁྱོས་ངའི་ཁ་ལ་ཉན་གྱིས་ལགས་སྨྲས་རེ་ང་ལ་ཡིད་ཆེས་བརྟན་པོ་འོད། ཁྱོས་ངས་ཞུ་གིན་ནས་ལྷག་བྱེད་ཀྱི་ལགས་སྨྲས་རེ་ཤེས་རེ་ཁྱོད་ལ་ཡིག་འདི་འབྲི་བ་ཡིན།

22 ཁྱེད་ཀྱ་ཡི་སྨོན་ལམ་གྱིས་བྱས་རེ་ང་ཁྱེད་ཀྱ་རྩ་རུ་འོང་ཡས་ཀྱི་རེ་བ་བཞག་སྟེ་ངའི་ཕྱིར་ལ་མགྲོན་ཁང་གཅིག་གྲ་སྒྲིག་བྱེད།

23 མཱ་ཤི་ཀ་ཡེ་ཤུའི་ནང་དུ་ངའི་བཙོན་པ་རོགས་བ་ཨེ་པབ་རཱ་ཡིས་ཁྱོད་ལ་འཚམས་འདྲི་ཞུའི།

24 དེ་ནས་ངའི་ལས་རོགས་ཡིན་མཁན་མར་ཀུ་དང་། ཨ་རིས་སྟར་ཀུ་དང་། དེ་མཱ་དང་། ལུ་ཀ་གིས་འང་ཁྱོད་ལ་འཚམས་འདྲི་ཞུའི།

25 གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ཁྱེད་ཀྱ་ལ་འཐོབ་པར་ཤོག།།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Volg ons:



Advertensies