Aanlyn Bybel

- Advertensies -


ཨིབ་རི་པ། 1 - གློ་བ།


ནམ་མཁའི་བང་ཆེན་ཀྱ་ནས་སྲས་མཱ་ཤི་ཀ་མཐོ་བ།

1 ཨེན་མ་དཀོན་མཆོག་གིས་འོ་རི་དང་པོའི་ཕ་མ་ཀྱ་མུ་ལ་མངོན་ཤེས་མཁན་ཀྱའི་ཐོག་ནས། ཐེངས་མང་པོ་དང་ཐབས་ཤེས་མང་ང་ནས་བཀའ་གསུངས་བ་ལགས།

2 ཡིན་ནའང་དེ་མཐའ་མའི་དུས་ཀྱ་ལ་ཁོང་པ་ཡིས་རང་གི་སྲས་ཀྱི་ཐོག་ནས་འོ་རང་ཀྱ་ལ་བཀའ་གནང་འོད་ད་ལགས། དེ་ནས་རང་གི་སྲས་ལ་དངོས་པོ་གི་རིའི་ཁར་ལ་རྒྱུད་འཛིན་བསྐོས་བ་ལགས། དེ་ནས་ཁོང་གི་ཐོག་ནས་རང་འཇིག་རྟེན་ཁམས་གི་རི་བཀོད་མཛད་པ་ལགས།

3 ཁོང་གིས་དཀོན་མཆོག་གི་གཟི་བརྗིད་མངོན་མཛད་ད་ལགས། དེ་ནས་ཁོང་ནི་དཀོན་མཆོག་གི་གཤིས་ཀ་དངོས་མ་གོ་ལགས། དེ་ནས་ཁོང་གིས་བཀའ་དབང་ཆེའི་ཐོག་ནས་འཇིག་རྟེན་ཁམས་གི་རི་སྐྱོང་ང་མཛད་ད་ལགས། དེ་ནས་ཁོང་པ་ཡིས་སྡིག་པ་གི་རི་དག་མཛད་དེ། ཁོང་པ་ནམ་མཁའི་ཞིང་ཁམས་དུ་གཟི་བརྗིད་ཅན་དཀོན་མཆོག་གི་ཕྱག་གཡས་ཕྱོགས་ལ་བཞུགས་བ་མཛད་ད་ལགས།

4 ཁོང་ལ་ཐོབ་ཐ་མཚན་ནི་ནམ་མཁའི་བང་ཆེན་ཀྱའི་མཚན་ལས་མཐོ་བ་ལགས། འོ་བྱས་རེ་ཁོང་པ་ཁོང་ཀྱ་ནས་ལྷག་ཁག་ཆེ་བཀོད་མཛད་པ་ལགས།

5 དཀོན་མཆོག་གིས་ནམ་མཁའི་བང་ཆེན་ཀྱ་ནས་སུ་ལའང་དེ་རེ་ནམ་མའང་གསུངས་ང་མ་མཛད་འོད་ད་ལགས། ཁྱོད་ནི་ངའི་བུ་ལགས། དི་རིང་ང་ཁྱོའི་ཡབ་བྱུང་འོད། དེ་ནས་ཡང་། ང་ཁོའི་ཡབ་འབྱུང་ཡས་ཡིན། དེ་ནས་ཁོ་ངའི་བུ་འབྱུང་གི་ལགས།

6 དེ་ནས་རང་གི་ཨེན་མ་སྐྱེས་ཀྱ་བུ་གོ་ལ་འཇིག་རྟེན་དུ་མངགས་མཛད་ད་རང་ཁོང་གིས་ཡང་གསུངས་ང་ལགས། དཀོན་མཆོག་གི་བང་ཆེན་འོད་ལེ་ཡིས་ཁོང་ལ་ཕྱག་འཚལ་དགོས།

7 ནམ་མཁའི་བང་ཆེན་ཀྱ་ཡི་སྐོར་ལ་ཁོང་པ་གསུངས་ང་ལགས། ཁོང་གིས་རང་གི་ཞབས་ཕྱི་པ་བང་ཆེན་ཀྱ་ལ། རླུང་ཅོག་རེ་དང་མེའི་མེ་ལྕེ་ཅོག་རེ་མཛད་ད་ལགས།

8 ཡིན་ནའང་སྲས་ཀྱི་སྐོར་ལ་ཁོང་པ་དེ་རེ་གསུངས་ང་ལགས། ཀྱེ་དཀོན་མཆོག། ཁྱེད་རང་གི་བཞུགས་ཁྲི་དུས་གཏན་དུ་གནས་ལ་ལགས། དེ་ནས་ཁྱེད་རང་གི་རང་གི་རྒྱལ་སྲིད་ཁྲིམས་དྲང་པོའི་སྒོ་ནས་ཁྲིམས་བཅད་ད་ལགས།

9 ཁྱེད་རང་གིས་དྲང་བདེན་ལ་བརྩེ་བ་མཛད་འོད་ད་ལགས། དེ་ནས་མེད་དྲང་ང་ལ་སྡང་ང་མཛད་འོད་ད་ལགས། འོ་བྱས་རེ་དཀོན་མཆོག། ཁྱེད་རང་གི་དཀོན་མཆོག་གིས་ཁྱེད་རང་ལ་རང་གི་རོགས་བ་ཀྱ་ནས་ལྷག་མཐོ་བ་མཛད་དེ། སྣུམ་བྲུ་རེ་བདམས་མ་མཛད་དེ་དགའ་སྤྲོ་གནང་འོད་ད་ལགས།

10 ཁོང་པ་ཡིས་ཡང་གསུངས་ང་ལགས། ཀྱེ་གཙོ་བོ། ཐོག་མ་ཁྱེད་རང་གིས་ས་གཞིའི་རྨང་གཞི་བཏིང་འོད་ད་ལགས། དེ་ནས་ནམ་མཁའ་ཀྱ་ཁྱེད་རང་གི་ཕྱག་གིས་བཀོད་མཛད་པ་ལགས།

11 འོ་དེ་ཀྱ་མེད་ད་ལ་འགྲོ་གི་ལགས། ཡིན་ནའང་ཁྱེད་རང་གཏན་དུ་གནས་ཀྱི་ལགས། འོ་དེ་ཀྱ་གོས་ལག་ལད་མོ་རྙིང་པ་ལ་འགྲོ་གི་ལགས།

12 དེ་ནས་ཁྱེད་རང་གིས་འོ་དེ་ཀྱ་གོས་ལད་མོ་བསྒྲིལ་གྱི་ལགས། དེ་ནས་འོ་དེ་ཀྱ་གོས་ལག་ལད་མོ་བརྗེ་གི་ལགས། ཡིན་ནའང་ཁྱེད་རང་ནམ་མའང་འགྱུར་བ་མེད་མཛད་ཀྱི་ལགས། དེ་ནས་ཁྱེད་རང་གི་ལོ་རྩིས་ཀྱི་མཐའ་མེད་ཡོང་གི་ལགས།

13 དཀོན་མཆོག་གིས་ནམ་མཁའི་བང་ཆེན་ཀྱ་ནས་སུ་ལའང་དེ་རེ་ནམ་མའང་གསུངས་ང་མ་མཛད་འོད་ད་ལགས། ཁྱོའི་དགྲ་ཀྱ་ལ་ངས་ཁྱོའི་རྐང་པའི་འོག་ཏུ་མ་བཞག་ཐུག་པའི། ཁྱོད་ངའི་གཡས་ཕྱོགས་ལ་སྡོད།

14 འོ་དེ་ནམ་མཁའི་བང་ཆེན་གི་རི་ཐར་པ་འཐོབ་ཡས་ཡིན་མཁན་ཀྱ་ཡི་ཆེད་དུ། ཞབས་ཕྱི་ཞུ་ཡས་ལ་མངགས་ང་སེམས་ཉིད་ཀྱ་མ་ལགས་སེ།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Volg ons:



Advertensies