༣ ཡོ་ཧ་ནན། 1 - གློ་བ།1 ངའི་དངོས་གནས་ཀྱི་བརྩེ་བ་བྱས་བྱ་ངའི་གཅེས་བའི་རོགས་བ། ག་ཡུ་ལ་ང་རྒན་པ་ནས་ཡིག་འདི་བྲིས་བ་ཡིན། 2 གཅེས་བའི་རོགས་བོ། ཁྱོའི་སེམས་ཉིད་ལ་ཐང་ང་འོད་ཀྱིན་ཅོག་རེ་དོན་གི་རི་ལ་ཁྱོད་ལ་བཟང་ང་འོང་ཡས་དང་། ཁྱོའི་ལུས་ཐང་ང་འོང་བ་ཤོག་སྨྲས་རེ་ང་སྨོན་ལམ་བརྒྱབ་བའི་འོད། 3 སྤུན་རིང་འགའ་འོངས་རེ་ཁྱོད་བདེན་པ་ལ་རྟེན་ཏེ་མི་ཚེ་བསྐྱལ་ལི་སྨྲས་རེ། ཁྱོའི་བདེན་པ་ལ་ཁོང་ཀྱ་ཡིས་དཔང་པོ་བྱེད་ད་རང་། ང་དམི་ཅིག་གི་ཉམ་མོ་དགྱེས་སོང་། 4 ངའི་ཕྲུ་བ་ཀྱ་བདེན་པ་ལ་རྟེན་ཏེ་མི་ཚེ་བསྐྱལ་གྱིན་ལབ་དེ་གོ་ཡས་ནས་འང་ལྷག་དགའ་སྤྲོ་ཆེ་ང་ལ་གཞན་མ་གིའང་མེད། 5 གཅེས་བའི་རོགས་བོ། སྤུན་ཀྱ་ངོ་མེད་ཤེས་ཀྱིན་ཡིན་ནའང་ཁྱོས་ཁོང་ཀྱ་ལ་རོགས་བ་བྱས་རེ་ཁྱོས་བློ་བཀལ་ཐུབ་ཀྱིན་ལས་ཀ་བྱས་འདུག། 6 ཁོང་ཀྱ་ཡིས་ཁྱོའི་བྱམས་པའི་སྐོར་ལ་ཆོས་ཚོགས་དུ་དཔང་པོ་བྱས་སོང་། དཀོན་མཆོག་ལ་ཐུགས་མཉེས་བོ་འོང་གིན་སྤྱོད་ལམ་ལ་ཁོང་ཀྱ་ཡི་འགྲུལ་བརྒྱབ་ཡས་ཀྱི་ཆེད་དུ། ཁྱོས་ཁོང་ཀྱ་ལ་ཙོག་བའི་རོགས་བ་བྱེད་རོགས་བྱེད། 7 གི་བྱས་རེ་སྨྲ་ན་དད་པ་མི་བྱེད་མཁན་ཀྱ་ནས་ཁོང་ཀྱ་ཡིས་རོགས་རམ་གིའང་མ་ལེན་པ། ཁོང་ཀྱ་ཁོང་པ་ཡི་མཚན་གྱི་ཆེད་དུ་འགྲུལ་ལ་ཐོན་འདུག། 8 འོ་བྱས་རེ་བདེན་པའི་དོན་དུ་འོ་རང་མུ་ལ་ལས་ཀ་བྱེད་ཡས་ཆེད་དུ། དེ་རེ་མི་ཀྱ་ལ་འོ་རང་རྒྱབ་སྐྱོར་བྱེད་དགོས། 9 ངས་ཆོས་ཚོགས་ལ་ཡིག་གཅིག་བྲིས་པ་ལགས། ཡིན་ནའང་རང་ལ་མཐོ་ཤོས་བརྩིས་ཀྱིན་དིའོ་ཏྲེ་ཕེ་སྨྲ་གིན་མི་ཡིས་འི་ཀི་དབང་ལ་ཡ་མི་བྱེད་དག། 10 འོ་བྱས་རེ་ང་འོང་བའི་གང་ལ་ཁོས་གི་བྱེད་ཀྱིན་ལས་ཀ་ཀྱ་ཡི་སྐོར་ལ་ང་ལབ་བྱེད་ཡས་ཡིན། ཁོས་འི་ཀི་སྐོར་ལ་ལབ་ངན་པ་ཀྱ་བཤད་འདིག། དེ་ནས་འདི་ལ་གཅིག་ཀ་འདོད་པ་མ་ཁང་ང་། ཁོས་གཞན་མ་མཱ་ཤི་ཀ་བ་སྤུན་ཀྱ་ལའང་གནས་ཚང་མེད་གཡར་ར་ལགས། དེ་ནས་གཡར་ཉིད་འདོད་མཁན་ཀྱ་ལ་ཁོས་བཀག་བ་ལགས། དེ་ནས་ཁོང་ཀྱ་ལ་ཆོས་ཚོགས་ནས་པུད་དེ་བརྫངས་ང་ལགས། 11 གཅེས་བའི་རོགས་བོ། ངན་པའི་དཔེ་མ་ཟིམ། ཡིན་ནའང་བཟང་ང་ཡིན་གྱིན་གྱི་དཔེ་གོ་ལེན། བཟང་ང་བྱེད་མཁན་གོ་ནི་དཀོན་མཆོག་གི་མི་ལགས། དེ་ནས་ངན་པ་བྱེད་མཁན་གྱིས་དཀོན་མཆོག་ལ་མཇལ་མྱོང་མེད་ད་ལགས། 12 དེ་མེ་ཏྲི་ཡུའི་སྐོར་ལ་མི་གི་རི་ཡིས་ལབ་དགའ་བཏང་བའི། དེ་ནས་བདེན་པ་ཡིས་འང་འདི་ལ་དཔང་པོ་བྱེད་འདིག། འེ་ཀྱའང་དཔང་པོ་སྟེར་ར་ཡིན། དེ་ནས་འི་ཀི་དཔང་པོ་བདེན་པ་ལགས་སྨྲས་རེ་ཁྱོས་ཤེས་ལ་ལགས། 13 ང་ཁྱོད་ལ་བྲིས་ཡས་མང་ང་འོད། ཡིན་ནའང་ང་སྙུག་དང་སྣག་ཚ་ཡིས་འོ་དེ་ཀྱ་བྲིས་ཉིད་མེད་འདོད་དག། 14 ང་ཁྱོད་ལ་མགྱོགས་བ་ཐུག་ཡས་ཀྱི་རེ་བ་འོད། དེ་ནས་ངོ་ཐུག་སྟེ་ལབ་བཏང་བོ། 15 ཁྱོད་ལ་ཞི་བདེ་འོང་བར་ཤོག། དུ་རུ་འོད་ཀྱིན་རོགས་བ་ཀྱ་ཡིས་ཁྱོད་ལ་འཚམས་འདྲི་ཞུའི། དེ་ནས་འོ་དུ་རུ་འོད་མཁན་རོགས་བ་ཀྱ་ལ་རེ་རེའི་མིང་འབོད་རེ་འཚམས་འདྲི་ཞུ་རོགས་བྱེད།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.