Aanlyn Bybel

- Advertensies -


༢ ཏི་མོ་ཐེའུ། 1 - གློ་བ།

1 མཱ་ཤི་ཀ་ཡེ་ཤུའི་ནང་འོད་ཀྱིན་ཚེའི་དམ་བཅའ་ཅོག་རེ་དཀོན་མཆོག་གི་ཐུགས་དགོངས་ཐོག་ནས་མཱ་ཤི་ཀ་ཡེ་ཤུ་ཡི་སྐུ་ཚབ་ང་པའུ་ལུ་ནས།

2 ངའི་གཅེས་བའི་བུ་ཏི་མོ་ཐེའུ་ལ། ཡབ་དཀོན་མཆོག་དང་འོ་རི་གཙོ་བོ་མཱ་ཤི་ཀ་ཡེ་ཤུ་ནས་ཐུགས་རྗེ་དང་། སྙིང་རྗེ་དང་། ཞི་བདེ་བབ་པར་ཤོག།


དད་པ་ལ་བརྟན་པོ་བསྡད་ཡས་ཀྱི་སེམས་ཤུགས།

3 ངས་ཉིན་མཚན་གྱི་སྨོན་ལམ་ལ་ཁྱོད་ལ་ཙོག་བའི་དྲན་གསོ་བྱེད་འདིག་གང་ལ། ང་དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞུ་ལི་འོད། ངའི་དང་པོའི་ཕ་མ་ཅོག་རེ་ཁོང་པ་ལ་ང་ཤེས་རབ་བཟང་པོའི་ཐོག་ནས་ཞབས་ཕྱི་ཞུ་ལི་འོད།

4 ཁྱོའི་མཆི་མ་དྲན་ཏེ་གང་ལ། ང་དགའ་སྤྲོ་ཡིས་ཁངས་ཡས་ཀྱི་ཕྱིར་ལ། ང་ཁྱོད་ལ་ཐུག་ཡས་ལ་དམི་ཅིག་གི་འདོད་འདིག་འོད།

5 ཁྱོའི་དད་པ་དྲང་པོའི་དྲན་གསོ་ང་ལ་བྱུང་སོང་། དད་པ་འདི་ཨེན་མ་ཁྱོའི་ཨི་བི་ལོ་ཨིས། དེ་ནས་ཁྱོའི་ཨ་མ་ཨིའུ་ནི་ཀེའི་ནང་དུ་འོད་ཀྱིན་གོ་ཁྱོའི་ནང་དུའང་འདུག་སྨྲས་རེ་ང་ལ་ཡིད་ཆེས་བརྟན་པོ་འོད།

6 འོ་བྱས་རེ་ངས་ཁྱོའི་ཁར་ལ་ལག་པ་བཞག་སྟེ་དཀོན་མཆོག་ནས་ཁྱོད་ལ་ཐོབ་ཐ་གནང་སྦྱིན་གྱི་མེ་འདི་གསོ་རེ་བཞག་ཡས་ལ་ང་ཁྱོད་ལ་དྲན་གསོ་བསླངས་ང་ཡིན།

7 གི་བྱས་རེ་སྨྲ་ན་དཀོན་མཆོག་གིས་འོ་རང་ལ་སྙིང་ཆུང་ང་ཡི་སེམས་ཉིད་མིན་ད། ནུས་མཐུ་དང་། བྱམས་པ་དང་། རང་ཚོད་ཟིམ་གྱིན་གྱི་སེམས་ཉིད་གནང་འོད་ད་ལགས།

8 འོ་བྱས་རེ་འོ་རི་གཙོ་བོའི་དཔང་པོ་སྟེར་ཡས་དང་། ཁོང་པ་ཡི་བཙོན་པ་ངའི་ཕྱིར་ལ་ངོ་ཚ་མ་བྱེད། ཡིན་ནའང་དཀོན་མཆོག་གི་ནུས་མཐུ་གི་ཐོག་ནས་གཏམ་བཟང་གི་ཕྱིར་ལ། ངའི་མུ་ལ་སྡུག་བསྔལ་གྱི་འགན་གོ་ཁུར།

9 ཁོང་པ་ཡིས་འོ་རང་ལ་ཐར་པ་མཛད་དེ། དེ་ནས་དམ་པ་འབྱུང་ཡས་ལ་འོ་རི་ལས་ཀ་ཡིས་མིན་ད། ཁོང་པ་རང་གི་ཐུགས་དགོངས་དང་ཐུགས་རྗེ་ཡིས་ཐོག་ནས་འོ་རང་ལ་བོས་མཛད་པ་ལགས། ཐུགས་རྗེ་འདི་ནི་ཨེན་མ་ཀ་བ་མ་ཚུགས་ཨེན་ལ་རང་མཱ་ཤི་ཀ་ཡེ་ཤུའི་སྒོ་ནས་འོ་རང་ལ་གནང་བ་ལགས།

10 དེ་ནས་འོ་རི་སྐྱབས་མགོན་མཱ་ཤི་ཀ་ཡེ་ཤུའི་ཕེབས་བསུ་ནས་ཐུགས་རྗེ་འདི་ད་ལྟ་མངོན་དུ་མཛད་པ་ལགས། དེ་ནས་ཁོང་པ་ཡི་འཆི་བ་ལ་རྩ་མེད་མཛད་དེ། གཏམ་བཟང་གི་སྒོ་ནས་མཐའ་མེད་པའི་ཚེ་སྲོག་དང་། འཆི་བ་མེད་པའི་ཚེ་གསལ་བོ་མཛད་པ་ལགས།

11 འདི་གཏམ་བཟང་གི་ཕྱིར་ལ་རང་ང་ཆོས་གསལ་བསྒྲགས་བྱེད་ཀྱིན་དང་། སྐུ་ཚབ་དང་། སློབ་དཔོན་གཅིག་བསྐོས་བ་ཡིན།

12 འདིའི་བྱས་རེ་ང་འོ་རེ་སྡུག་པོ་མྱངས་ང་ཡིན། ཡིན་ནའང་ངས་སུའི་ཁར་ལ་དད་པ་བྱེད་ཀྱིན་གོ་ང་ལ་ཤེས་ཡས་བྱས་རེ་ང་ངོ་མེད་ཚ། ཡང་ང་ལ་བཅོལ་གྱིན་གོ་འོ་དེ་ཉིན་མ་ཐུག་པའི་ཁོང་པ་རང་གིས་སྲུང་གི་ལགས་སྨྲས་རེ་ང་ལ་སྡུག་ང་གིའང་མིན་འདུག།

13 མཱ་ཤི་ཀ་ཡེ་ཤུ་ཡིས་གནང་འོད་ཀྱིན་དད་པ་དང་བྱམས་པ་ཡི་སྒོ་ནས། ཁྱོས་ང་ནས་གོ་གིན་བསླབ་བྱ་བདེན་པ་ཀྱ་བརྟན་པོ་སྲུང་ཞིག།

14 ཁྱོད་ལ་བཅོལ་ཅ་འགན་བཟང་པོ་གོ་འོ་རི་ནང་བཞུགས་ཀྱིན་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་སྲུང་།

15 ཨེ་ཞི་ཡཱ་རུ་འོད་ཀྱིན་གི་རི་དང་། འོ་དེ་ཁོག་ནས་ཕུ་གེ་ལོ་སིས་དང་། ཧེར་མོ་གེ་ནཱེ་གཉིས་བོ་ཡིས་ང་ལ་སྤངས་ཀྱིན་གོ་ཁྱོད་ལ་ཤེས་ཡས་འོད་ད་ལགས།

16 གཙོ་བོ་ཡིས་ཨོ་ནེ་སི་ཕོ་རུའི་ནང་མི་ལ་ཐུགས་རྗེ་གཟིགས་བར་ཤོག གི་བྱས་རེ་སྨྲ་ན་ཁོས་ང་ལ་ཐེངས་མང་ཆེ་སེམས་ཤུགས་སྤར་སོང་། དེ་ནས་ང་བཙོན་པ་ཡིན་གྱིན་གོ་ལ་ངོ་ཚ་མ་བྱས་སོང་།

17 ཡིན་ནའང་ཁོ་རོམ་ལ་སླེབས་ཏེ། ང་མ་རྙེད་ཀྱིན་ཐུག་པའི་སྙིང་རུས་བྱས་རེ་ང་ལ་བཙལ་བ་ལགས།

18 གཙོ་བོ་ཡི་ཉིན་མ་གོ་ལ་ཁོང་པ་ཡིས་ཁོ་ལ་ཐུགས་རྗེ་གཟིགས་བར་ཤོག། དེ་ནས་ཨེ་ཕེ་སུ་རུ་ཁོས་ང་ལ་ཞུ་གིན་ཞབས་ཏོག་གི་རི་ཁྱོད་ལ་ག་མོ་མ་ཤེས་ཡས་འོད་ད་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Volg ons:



Advertensies