Aanlyn Bybel

- Advertensies -


༢ ཡོ་ཧ་ནན། 1 - གློ་བ།

1 ང་རྒན་པ་ནས་དཀོན་མཆོག་གིས་བདམས་མ་མཛད་ཛ་བུ་མོ་དང་། མོའི་ཕྲུ་བ་ཀྱ་ལ་ཡིག་འདི་བྲིས་བ་ཡིན། ཁྱེད་ཀྱ་ལ་ངས་དངོས་གནས་ཀྱི་བརྩེ་བ་བྱེད་འདིག་འོད། དེ་ནས་ང་གཅིག་ཀ་མིན་ད། ཡིན་ནའང་བདེན་པ་ངོ་ཤེས་མཁན་གི་རི་ཡིས་འང་ཁྱེད་ཀྱ་ལ་བརྩེ་བ་བྱེད་ད་ལགས།

2 གི་བྱས་རེ་སྨྲ་ན་བདེན་པ་ནི་འོ་རི་ནང་འོད་ད་ལགས། དེ་ནས་འོ་རི་ནང་རྒྱུན་ནས་རྒྱུན་དུ་གནས་ཀྱི་ལགས།

3 ཡབ་དཀོན་མཆོག་དང་ཡབ་ཀྱི་སྲས་ཡེ་ཤུ་མཱ་ཤི་ཀ་ནས་ཐུགས་རྗེ་དང་། སྙིང་རྗེ་དང་། ཞི་བདེ་འོ་རང་ཀྱ་ནང་བདེན་པ་དང་བྱམས་པའི་སྒོ་ནས་གནས་ལ་ཤོག།

4 ཁྱོའི་ཕྲུ་བ་ཀྱ་ནས་རིང་འགའ་ཡབ་ཀྱིས་འོ་རང་ལ་གནང་ན་བཀའ་ཅོག་རེ། བདེན་པའི་ལམ་ལ་རྒྱུག་གིན་གོ་མཐོང་རེ་ང་དམི་ཅིག་གི་ཉམ་མོ་དགྱེས་སོང་།

5 ད་གཅེས་བའི་བུ་མོ། ང་ཁྱོད་ལ་བཀའ་ཁྲིམས་གསར་པ་གཅིག་བྲིས་བ་མིན། ཡིན་ནའང་ཨེན་མ་ནས་འོ་རི་མུ་ལ་འོད་ཀྱིན་བཀའ་ཁྲིམས་གོ་རང་བྲིས་བ་ཡིན། ཁྱེད་ཀྱ་གཅིག་གིས་གཅིག་ལ་བྱམས་པ་བྱེད་སྨྲས་རེ་ང་ཞུ་བ་འབུལ་ལ་ཡིན།

6 བྱམས་པ་ནི་ཁོང་གིས་གསུངས་ཀྱིན་བཀའ་ལ་བརྩིས་རེ་མི་ཚེ་པུད་ཡས་ལགས། ཁྱེད་ཀྱ་བྱམས་པའི་སྒོ་ནས་མི་ཚེ་པུད་དགོས་སྨྲས་རེ་སྨྲ་གིན་བཀའ་ཁྲིམས་འདི། ཁྱེད་ཀྱི་འགོ་མ་ནས་རང་གོ་འོད་ད་ལགས།

7 གི་བྱས་རེ་སྨྲ་ན་ཡེ་ཤུ་མཱ་ཤི་ཀ་ནི་སྐུ་ལུས་ལ་ཕེབས་ཀྱིན་གོ། ཁས་ལེན་མི་བྱེད་མཁན་མགོ་སྐོར་བཏང་མཁན་མང་ང་འཇིག་རྟེན་དུ་ཐོན་ཚར་འདུག། དེ་རེ་མི་ནི་མགོ་སྐོར་བཏང་གིན་དང་མཱ་ཤི་ཀའི་དགྲ་ལགས།

8 འེ་ཀྱ་ཡིས་བསྒྲུབས་གྲ་དོན་གོ་ཁྱེད་ཀྱ་ཡིས་ཤོར་དུ་མ་ཆུག།ཡིན་ནའང་ཁྱེད་ཀྱ་ལ་བྱ་དགའ་ཚང་གོ་འཐོབ་ཡས་ཕྱིར་ལ། ཁྱེད་ཀྱ་གཟབ་གཟབ་བྱེད།

9 མཱ་ཤི་ཀ་ཡིས་གསུངས་ཀྱིན་ཆོས་ལ་གནས་ཏེ་མེད་བསྡད་ད། འདི་ནས་ཐལ་རེ་རྒྱུག་མཁན་ཀྱ་མུ་ལ་དཀོན་མཆོག་མི་བཞུགས་བ་ལགས། ཡིན་ནའང་འདི་ཆོས་ལ་རང་གནས་ཏེ་བསྡད་མཁན་ཀྱ་མུ་ལ་ཡབ་དང་སྲས་གཉིས་ཀ་ར་བཞུགས་བ་ལགས།

10 ཁྱེད་ཀྱི་རྩ་རུ་འོ་རི་འདི་གསུངས་ཀྱིན་ཆོས་དེ་ཁྱེར་ཏེ་མེད་ཡོང་མཁན་སུ་ལའང་ཁྱེད་ཀྱི་ཁང་པ་ནང་དུ་མ་བསུས། ཡང་ན་འཚམས་འདྲི་མ་ཞུ།

11 གི་བྱས་རེ་སྨྲ་ན་དེ་རེ་ཀྱ་ལ་འཚམས་འདྲི་ཞུ་མཁན་གོ་ཁོང་ཀྱ་ཡི་ལས་ངན་ལ་འབྲེལ་ལ་ལགས།

12 ང་ཁྱེད་ཀྱ་ལ་འབྲི་ཡས་མང་ང་འོད། ཡིན་ནའང་ང་ཤོག་བུ་དང་སྣག་ཚ་ཡིས་འོ་དེ་ཀྱ་འབྲི་ཉིད་མེད་འདོད་དག། ཡིན་ནའང་འོ་རི་དགའ་སྤྲོ་ཁང་ཡས་ཕྱིར་ལ་ང་ཁྱེད་ཀྱ་ལ་ཐུག་སྟེ། ཁྱེད་ཀྱི་ངོ་གདོང་བལྟས་རེ་ལབ་བཏང་ཡས་ཀྱི་རེ་བ་འོད།

13 དཀོན་མཆོག་གིས་བདམས་མ་མཛད་ཛ་ཁྱེད་ཀྱི་ནུ་མོའི་ཕྲུ་བ་ཀྱ་ཡིས་འང་། ཁྱེད་ཀྱ་ལ་འཚམས་འདྲི་ཞུའི།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Volg ons:



Advertensies