Aanlyn Bybel

- Advertensies -

ཐེ་ཏོ། 1 - དོལ་པོ།


ལེའུ་དང་པོ། འཚམས་འདྲི།

1 དཀོན་མཆོག་གིས་བདམས་པའི་མི་ཀྱ་ཀྱི་དད་སེམས་དེ་མང་དུ་འཕེལ་རྒྱུ་དིང་། བདེན་པའི་ཤེས་བྱ་ལེ་བརྟེན་ཏེ། དད་པ་བགྱིད་མཁན་ཀྱ་ཀྱི་སྤྱོད་ལམ་བཟང་པོས་དཀོན་མཆོག་གི་ཐུགས་མཉེས་པོ་བཟོ་རྒྱུ་ཆེད་དུ། ཕོལ་ལོལ་ང་རང་ནི། དཀོན་མཆོག་གི་ཞབས་ཕྱི་དིང་། སྐྱབས་མགོན་ཡེ་ཤུའི་སྐུ་ཚབ་ཞིག་ལེ་བསྐོས་པི་དིག

2 བདེན་པའི་ཤེས་བྱ་དེ་ལེ་བརྟེན་ཏེ། དད་པ་བགྱིད་མཁན་ཀྱ་ཀྱིས་ཟང་། རྫུན་མི་གསུངས་མཁན་དཀོན་མཆོག་གིས་འཇིག་རྟེན་མ་བཀོད་པའི་སྔོན་ནས་ཕེན། ཞལ་བཞེས་གནང་བའི་མཐའ་མེད་པའི་ཚེ་སྲོག་དེ་འཐོབ་རྒྱུ་ཡིན་དི་རེ་བ་བརྟན་པོ་བཅངས་འོད་དི་མ་ཟད།

3 འུ་ཀྱ་ཀྱི་སྐྱོབ་མཁན་དཀོན་མཆོག་གིས་ང་ལེ་བཀའ་དེ་བཅོལ་གནང་འོད་ཕེན། ད་དུས་དེ་སླེབས་ཏེ། ཁོང་གི་བཀའ་དེ་ངས་བསྟན་པའི་བརྒྱུད་ནས། ཁོང་གིས་མངོན་གསལ་དུ་བསྟན་གནང་པི་དིག

4 ཡི་གེ་འདི་ནི་འུ་ཀྱ་ཀྱི་དད་སེམས་གཅིག་པ་དིང་། ངའི་བི་ས་ཅོག་འདྲ་བྱུང་བའི་ཐེ་ཏོ་ཁྱོད་རང་ལེ་འབྲི་འོད། ཡབ་དཀོན་མཆོག་དིང་། འུ་ཀྱ་ལེ་སྐྱོབ་མཁན་སྐྱབས་མགོན་ཡེ་ཤུའི་བརྒྱུད་ནས་ཁྱོད་ལེ་ཐུགས་རྗེ་གཟིགས་སྐྱོང་དིང་ཞི་བདེ་འཐོབ་པར་ཤོག


ཐེ་ཏོའི་ལས་འགན་སྐོར།

5 ངས་དེ་སྔོན་ཁྱོད་རང་ཀེ་རེ་ཊེ་​་གླིང་ཕྲན་ལེ་བོར་དགོས་དོན་དེ་ཅི་ཡིན་དིག་ཟེར་ནི། འུ་ཀྱ་ཀྱིས་སྒྲུབ་མ་ནུས་པའི་ལས་དེ་ཡེ་རེ་ཁྱོད་ཀྱིས་དགའ་མོ་སྒྲུབ་དགོས་རྒྱུ་ཆེད་དུ་དིང་། ཡང་ངས་ཁྱོད་ལེ་བཀའ་བཏང་པི་ཅོག་འདྲ་ཡུལ་རེ་རེ་ནས། ཁྱོད་ཀྱིས་ཆོས་ཚོགས་ཀྱི་དོན་ལེ་འགན་འཁུར་པ་བསྐོ་རྒྱུ་དོན་ལེ་ཡིན་དིག

6-7 འགོ་ཁྲིད་ཀྱི་འགན་འཁུར་འོད་ཡོད་མི་དེ་ཀྱ་ནི། ཡ་རབས་སྤྱོད་བཟང་འོད་ཡོད་མི་ཞིག་དགོས་པ་འོད་དིག བུད་མེད་གཅིག་གི་ཁྱོ་ག་ཡིན་མཁན། ཁོའི་བུ་ཕྲུག་ཀྱ་ནི་ཕ་མའི་ཁ་ལེ་ཉན་པོ་འོད་ཡོད་ཞིག་དགོས་པ་འོད་དིག འགོ་ཁྲིད་དེ་ཀྱ་ནི་དཀོན་མཆོག་གི་ཕྱག་ལས་དེ་སྒྲུབ་མཁན་ཞིག་ཡིན་ཕེན། སྐྱོན་འཛུགས་རྒྱུ་མེད་མེད། རང་འདོད་མི་བགྱིད་མཁན་དིང་། ཁོང་ཁྲོང་ལངས་སླ་མོ་མེད་མཁན། ཆང་ཨ་རག་བཟི་བཟི་མི་འཐུང་མཁན་དིང་། འཐབ་འཛིང་མི་བགྱིད་མཁན་དིང་། རྒྱུ་ནོར་ལེ་མི་རྔམ་མཁན།

8 མགྲོན་པོ་ལེ་སྣེ་ལེན་དགའ་མོ་བགྱིད་མཁན། ལས་བཟང་པོ་བགྱིད་རྒྱུ་ལེ་དགའ་རི། རང་ཚོད་འཛིན་ཐུབ་མཁན། དྲང་པོ། བཟང་པོའི་སྤྱོད་ལམ། རང་འདོད་སྤང་ཐུབ་མཁན་མི་ཞིག་དགོས་པ་འོད་དི་མ་ཟད།

9 ཡང་མི་གཞན་ལེ་ཡང་དག་པའི་བསླབ་བྱ་སྟོན་མཁན་དིང་། བདེན་པའི་གནས་ལུགས་དེ་བརྟན་པོ་འཛིན་དགོས་འོད་དིག འོ་དེ་གི་བྱས་ནི། མི་གཞན་གྱིས་འགེག་རྒོལ་བྱས་པི་དེ་ཀྱ་ལེ་དགག་པ་རྒྱག་ཐུབ་སྟེ། བདེན་པའི་ཆོས་ཀྱིས་མི་གཞན་ལེ་སྐུལ་མ་གཏོང་ཐུབ་ཀྱི་དིག

10 ཅི་ལེ་ཟེར་ནི། འགེག་རྒོལ་བགྱིད་མཁན་མི་མང་པོ་འོད་དི་དིང་། མི་དེ་ཀྱ་ནི་འཆོལ་གཏམ་ཤོད་མཁན་དིང་། མི་ལེ་མགོ་སྐོར་གཏོང་མཁན་ཟང་ཡིན་དི་མ་ཟད། མང་ཆེ་ཤོས་ནི་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་རྒྱག་དགོས་འོད་ཟེར་མཁན་གྱི་ཕྱོགས་ཁག་ནས་ཡིན་དིག

11 མི་དེ་ཀྱ་ཀྱི་ཁ་བཀག་དགོས་འོད་དིག ཅི་ལེ་ཟེར་ནི། མི་དེ་ཀྱ་ཀྱིས་རང་ལེ་རྒྱུ་ནོར་འཐོབ་རྒྱུ་ཆེད་དུ། ཕན་ཐོགས་མེད་མེད་བསླབ་བྱ་སྟོན་པའི་བརྒྱུད་ནས་མི་ཚང་མང་པོ་ཞིག་གི་དད་པ་ལེ་གནོད་སྐྱེལ་དུ་འཇུག་གྱོ་འོད་དིག

12 ཀེ་རེ་ཊེ་པའི་ལུང་སྟོན་པ་ཞིག་གིས། ཀེ་རེ་ཊེ་པའི་མི་ཀྱ་ཀྱིས། ། རྒྱུན་དུ་རྫུན་གཏམ་པ་རྐྱང་ཟེར། ། གཅན་གཟན་གདུག་ཅག་ཅོག་འདྲ། ། གྲོད་ཆེན་ལེ་ལོ་ཅན་ཞིག་ཡིན་དིག ། ཟིན་སྨྲས་འོད་དིག

13-14 གོང་ལེ་སྨྲས་པི་དེ་ནི། བདེན་པ་ཡིན་དིག མི་དེ་ཀྱ་ཀྱི་དད་པ་ལེ་སྐྱོན་མེད་མེད་འོང་རྒྱུ་ཆེད་དུ། མི་དེ་ཀྱ་ཀྱིས་ཡ་ཧུ་དཱ་པའི་སྙིང་པོ་མེད་མེད་སྒྲུང་། ཡང་ནི། བདེན་པའི་བསླབ་བྱ་དེ་ལེ་ལྷད་འཛུགས་མཁན་གྱིས་བསྟན་པའི་བསླབ་བྱ་རྫུན་མ་དེ་ལེ། དོ་སྣང་མི་བགྱིད་དི་དོན་ལེ། མི་དེ་ཀྱ་ལེ་ནན་ཏན་གྱིས་སྐུལ་མ་གཏོང་དགོས་འོད་དིག

15 ལྷག་བསམ་རྣམ་དག་གི་མི་ཀྱ་ལེ། དངོས་པོ་ཡེ་རེ་ནི་གཙང་མ་ཡིན་དིག ཡིན་ནའང་། མི་གཙང་བ་དིང་དད་པ་མེད་མེད་མི་ཀྱ་ནི། དོན་ཅིའི་བརྒྱུད་ནས་ཟང་གཙང་མ་མེད་མེད་ཡིན་དིག ཅི་ལེ་ཟེར་ནི། མི་དེ་ཀྱི་བློ་སེམས་དེ་ནི་ངན་རུལ་བྱུང་པི་དིག

16 མི་དེ་ཀྱ་ཀྱིས་དཀོན་མཆོག་ངོ་ཤེས་གྱོ་འོད་སྨྲས་ནང་། ལས་ངན་པ་བྱས་པའི་བརྒྱུད་ནས་དཀོན་མཆོག་ངོ་མི་ཤེས་འོད་དི་དཔང་བདག་བགྱིད་འོད་དིག མི་དེ་ཀྱ་ནི། སྐྱུག་བྲོ་བོ་དིང་། ཁ་ལེ་མི་ཉན་མཁན་དིང་། ལས་བཟང་པོ་ཅི་ཞིག་ཡིན་ནའང་བགྱིད་མི་ཐུབ་འོད་དིག །

© 2023 Wycliffe Bible Translators, Inc. All rights reserved.

Wycliffe Bible Translators, Inc.
Volg ons:



Advertensies