Aanlyn Bybel

- Advertensies -

མངོན་པ། 1 - དོལ་པོ།


ལེའུ་​དང་པོ། ངོ་སྤྲོད་​ཞུ་བ།

1 དཀོན་མཆོག་​གིས་​ཡེ་ཤུའི་བརྒྱུད་ནས་དུས་ཡུན་མ་མཁོར་རི་གང་​མགྱོགས་​འགྲུབ་​རྒྱུ་​ཡིན་​དི་མངོན་པ་འདི་​ཡེ་རེ་​ཡེ་ཤུའི་​ཞབས་ཕྱི་​ཀྱ་​ལེ་​སྟོན་​གནང་​རྒྱུ་​ཆེད་དུ་​ཡིན་དིག དཀོན་མཆོག་གིས་​བརྫངས་​པའི་​ཕོ་ཉའི་​བརྒྱུད་​ནས་​རང་​གི་​ཞབས་ཕྱི་​ཡོ་ཧ་ནན་ལེ་​མངོན་པར་མཛད་​པི་དིག

2 དེ་ནས་ཡོ་ཧ་ནན་​གྱིས་​ཟང་དཀོན་མཆོག་​གི་​བཀའ་​དིང་​། སྐྱབས་མགོན་​ཡེ་ཤུའི་སྐོར་ལེ་ཅི་​མཐོང་​བའི་​དོན་​ཡེ་རེ་​ལེ་​བདེན་དཔང་བྱས་​པི་​དིག

3 ལུང་བསྟན་​འདིའི་​ཚིག་​ཀྱ་ཀློག་​མཁན་​དིང་། དེའི་​ནང་​ལེ་​ཅི་​བྲིས་​འོད་ཡོད་​དེ་​ཀྱ་​ཐོས་​ཏེ། དེ་​ཅོག་འདྲ་​སྲུང་​མཁན་​མི་​ཀྱ་​ནི་​བདེ་བ་ཆེའོ། ཅི་ལེ་ཟེར་ནི། དུས་​དེ་​ད་ལྟ་​སླེབ་​ལྷག་​འོད་དིག

4-5 ང་ཡོ་ཧ་ནན་​གྱིས་​ཨེ་ཞེ་ཡཱ་​ལུང་པ་​ལེ་​འོད་ཡོད་​ཆོས་ཚོགས་​བདུན་པོ་​ཀྱ་​ལེ་​ཡི་གེ་​འདི་​ཕུལ་ལོ། ད་ལྟ་​བཞུགས་​འོད་ཡོད་​དི་​དིང་། སྔར་​འོད་ཡོད། རྗེས་​ལེ་​ཕེབས་​འོང་​མཁན་​དིང་། ཁོང་​གི་​བཞུགས་ཁྲིའི་​དྲུང་​དུ་​འོད་ཡོད་​ཐུགས་ཉིད་​བདུན་པོ་​དིང་། བདེན་དཔང་​གནང་​མཁན། གཤིན་པོ་​ཀྱ་​ཀྱི་​ནང་​ནས་​ཡང་དང་​གསོན་པོ་​ཨང་དང་པོ་​ལངས་​མཁན། འཇིག་རྟེན་​གྱི་​རྒྱལ་པོ་​ཀྱ་​ལེ་​དབང་སྒྱུར་​གནང་​མཁན་​སྐྱབས་མགོན་​ཡེ་ཤུའི་བརྒྱུད་ནས་​ཁྱེད་​ཀྱ་​ལེ་​ཐུགས་རྗེ་​གཟིགས་སྐྱོང་​དིང་​ཞི་བདེ་​འཐོབ་​པར་​ཤོག འུ་​ཀྱ་​ལེ་​བྱམས་པ་གནང་​སྟེ། ཁོང་​གི་​སྐུ་ཁྲག་​གིས་​འུ་​ཀྱ་​སྡིག་ཉེས་​ནས་ཐར་བ་​གནང་སྟེ།

6 འུ་​ཡེ་རེ་​ནི་​ཡེ་ཤུའི་​ཡབ་​དཀོན་མཆོག་​ལེ་​ཞབས་ཏོག་​སྒྲུབ་​རྒྱུ་ཆེད་དུ་​མཆོད་​དཔོན་​ལེ་​བསྐོ་​གནང་​མཁན་​ཡེ་ཤུ་​ལེ། དུས་​རྒྱུན་​ནས་​རྒྱུན་​དུ་​གཟི་བརྗིད་​དིང་​དབང་​འཐོབ་​པར་​ཤོག ཨ་མེན།

7 ལྟོས་​དང་། ཁོང་​རང་​སྤྲིན་​དིང་​སྐྱེན་​ལེ་​ཕེབས་​འོང་​གི་​དིང་། ། མིག་​འོད་ཡོད་​ཀུན་​གྱིས་​ཁོང་​ཕེབས་​འོང་​གི་​མཐོང་​གྱི་​དིག ། ཡང་​དེ་​མིན་​ཁོང་​ལེ་​མདུང་​བཙུགས་​མཁན་​མི་​ངན་​ཡེ་རེ་​དིང་། ། འཇིག་རྟེན་​ལེ་​སྡོད་​མཁན་​མི་རིགས་​ཀུན་​གྱིས། ། ཁོང་​གི་​དོན་​ལེ་​བྲང་ཁ་​རྡུང་​སྟེ་​ངུ་སྐད་​འདོན། ། གཏམ་​དེ་​ནི་​བདེན་​ནོ། ཨ་མེན།

8 ཇོ་བོ་​དཀོན་མཆོན་​གིས་​ང་​ནི་​ཨལ་ཕཱ་དིང་ཨོ་མེ་གཱ། ཐོག་མ་​དིང་​མཐའ་མ་​ཡིན། ད་ལྟ་​བཞུགས་​པི་དིང༌། སྔར་​ཟང་​འོད་ཡོད་​དི་དིང༌། རྗེས་​ལེ་​ཕེབས་​མཁན་​ཀུན་​དབང་ཅན་​དེ་​ཡིན་​ཟིན་​གསུངས་​འོད་དིག


ཡོ་ཧ་ནན་ལེ་སྐྱབས་མགོན་ནས་ཞལ་གཟིགས་བྱུང་བ།

9 ཡོ་ཧ་ནན་​ང་རང་ནི་​ཁྱེད་​ཀྱ་​ཀྱི་​ཆོས་​གྲོགས་​སྤུན་​ཟླ་​ཡིན་​དི་​མ་ཟད། སྐྱབས་མགོན་​ཡེ་ཤུའི་​ནང་​ལེ་​འོད་ཡོད་​དཀའ་​སྡུག་​དིང་། དཀོན་མཆོག་​གི་​རྒྱལ་ཁབ་​ཀྱི་​དོན་དུ། དཀའ་སྡུག་ལེ་​བཟོད་སྒོམ་བགྱིད་​མཁན་​ལས་རོགས་​ཞིག་ཡིན། ཡང་​ངས་དཀོན་མཆོག་​གི་​བཀའ་​དིང་​། སྐྱབས་མགོན་​ཡེ་ཤུའི་​དོན་​དུ་​བདེན་དཔང་​བྱས་པའི་​རྐྱེན་​གྱིས། ང་པད་མོ་​ཟེར་རི་​རྒྱ་མཚོའི་​གླིང་ཕྲན་​ལེ་​ཕྱི་འབུད་བཏང་ཕེན་དེ་རུ་བསྡད་དི་ཡིན།

10 ཇོ་བོའི་​ཉིན་མ་དེ་​ལེ། ང་ནི་དཀོན་མཆོག་​གི་​ཐུགས་ཉིད་​ཀྱི་​དབང་​འོག་​ཏུ་​ངའི་​རྒྱབ་​ལེ། དུང་གི་​སྒྲ་​དིང་​ཅོག་འདྲ་གསུང་​སྐད་​ཆེན་པོ་​ཞིག་​ངས་ཐོས་​བྱུང་།

11 དེ་ནས་​ཡང་​ཁྱོད་​ཀྱིས་​ཅི་​མཐོང་​པི་དེ་​ཀྱ་​དེབ་​ནང་​ལེ་​བྲིས་​ཏེ། ཨེ་ཕེ་སི་​དིང་། སི་མིར་ནཱ། པེར་ག་མུ། ཐི་ཡ་ཏེ་རཱ། སཱར་དཱི། ཕི་ལཱ་དེལ་ཕི་ཡཱ། ལའོ་ཌི་ཀེ་ཡཱ་​རྒྱལ་ས་དེ་ཀྱ་ལེ་​འོད་ཡོད་ལེ་​ཆོས་ཚོགས་​བདུན་པོ་​དེ་​ལེ་​སྐུར་​ཅིག་​ཟིན་​གསུངས་​བྱུང་།

12 དེ་ནས་​ངས་​རང་​གི་​རྒྱབ་​ལེ་​བཀའ་མོལ་​གསུང་​མཁན་​གྱི་​ཕྱོགས་​ལེ་​ཁ་བསྐོར་​ཏེ་​བལྟ་​རྒྱ། ངས་​གསེར་​གྱི་​མཆོད་མེའི་​སྒྲོན་སྟེགས་​བདུན་​འོད་​དི་​མཐོང་​བྱུང་།

13 ཡང་​སྒྲོན་སྟེགས་​དེ་​ཀྱ་​ཀྱི་​དཀྱིལ་​ལེ་​མིའི་​བི་ས་​ཅོག་འདྲ་​ཞིག་​བཞུགས་​འོད་​དི་​མ་ཟད། ཞབས་​ལེ་​ཐུག་པའི་​ན་​བཟའ་​རིང་པོ་​ཞིག་​མནབས་​འོད་​དི་​དིང་། ཁོང་​གི་​བྲང་ཁ་​ལེ་​གསེར་​གྱི་​སྐ་བོ་​ཆིངས་​འོད་​དི་​མཐོང་​བྱུང་།

14 ཁོང་​གི་​དབུ་​ནི་བལ་ཅོག་འདྲ་དཀར་པོ་དིང་། དབུ་སྐྲ་​ནི་​ཁ་​ཅོག་འདྲ་དཀར་པོ་​འོད་དི་མ་ཟད། ཁོང་​གི་​སྤྱན་​ནི་​མེ་ལྕེ་​ཅོག་འདྲ་​འདུག

15 ཁོང་​གི་​ཞབས་​ནི་​ཐབ་​ནང་​ལེ་​ལྷད་བཏོན་​ཚར་​གྱི་​ལི་​དིང་​ཅོག་འདྲ་འོད་དི་དིང་། ཡང་​ཁོང་​གི་​གསུང་སྐད་​ནི་​རྦབ་ཆུ་​ཆེན་པོ་ཞིག་གི་​འུར་སྒྲ་​ཅོག་འདྲ་​འདུག

16 ཁོང་​གི་​ཕྱག་གཡས་​པ་ལེ་​སྐར་མ་​བདུན་འོད་​དི་​དིང་། ཁོང་​གི་​ཞལ་​ནས་​རལ་གྲི་​རྣོན་པོ་​ཁ་གཉིས་འོད་ཡོད་ཞིག་​འཐོན་​འོང་​གི་​དིང་། ཞལ་རས་​ནི་​ཉི་མའི་​འོད་ཟེར་​ཆེན་པོ་​འཕྲོ་པི་​ཅོག་འདྲ་​འདུག

17 ངས་​ཁོང་​ལེ་​མཇལ་​རྒྱ། ང་​རང་​ནི་​གཤིན་པོ་​ཞིག་​དིང་​ཅོག་འདྲ། ཁོང་​གི་​ཞབས་​དྲུང་དུ་​འགྱེལ་​བྱུང་། དེ་ནས་​ཁོང་​གིས་​ཕྱག་གཡས་པ་དེ་​ངའི་​ལུས་​ལྟག་ག་ལེ་​འབོར་​གནང་​སྟེ། ང་​ལེ་​འཁྱར་སྣང་​མ་​བགྱིད་​ཞིག ང་​ནི་​ཐོག་མ་​དིང་​མཐའ་མ་​ཡིན་​དི་​མ་ཟད།

18 གསོན་པོ་​དེ་​ཡིན། ང་​ནི་​སྔར་​ཤི་​ནའང་། ལྟོས་​དང་། ད་ལྟ་ང་ནི་​དུས་​རྟག་ཏུ་​གསོན་པོ་​གནས་​མཁན་དིང་། ཡང་འཆི་བ་​དིང་​གཤིན་པོའི་​གནས་​ཀྱི་​ལྡེ་མིག་​དེ་​ཀྱ་​ངའི་​ལག་​ལེ་འོད།

19 འོ་དེ་ལེ་བརྟེན་ཏེ། ད་​ཁྱོད་​ཀྱིས་​ཅི་​མཐོང་​པི་​དིང་། ད་ལྟ་​ཅི་​འོད་ཡོད་​དེ་​ཀྱ་​དིང་། རྗེས་​ལེ་​ཅི་​འོང་​རྒྱུ་​ཡིན་དི་ཡེ་རེ་​ཡིག་ཐོག་​ལེ་​བྲིས་​ཤིག

20 ཡང་​ཁོང་གིས་ང་​ལེ། ཁྱོད་​ཀྱིས་​ངའི་​ལག་ག་གཡས་​པ་ལེ་​མཐོང་བའི་​སྐར་མ་​བདུན་གྱི་གསང་བའི་​དོན་​དིང་། གསེར་​གྱི་​མཆོད་མེའི་​སྒྲོན་སྟེགས་​བདུན་གྱི་​དོན་​དེ་​ཅི་​ཡིན་​དིག་​ཟེར་ནི། སྐར་མ་​བདུན་པོ་​དེ་​ནི། ཆོས་ཚོགས་​བདུན་​གྱི་​ཕོ་ཉ་​ཡིན་དིག གསེར་​གྱི་​མཆོད་མེའི་​སྒྲོན་སྟེགས་​བདུན་​དེ་​ནི། ཆོས་ཚོགས་​བདུན་​ཡིན་དིག་​ཟིན་​གསུངས་​བྱུང་། །

© 2023 Wycliffe Bible Translators, Inc. All rights reserved.

Wycliffe Bible Translators, Inc.
Volg ons:



Advertensies