ཕི་ལིབ་པི་པ། 1 - དོལ་པོ།ལེའུ་དང་པོ། འཚམས་འདྲི། 1 སྐྱབས་མགོན་ཡེ་ཤུའི་ཞབས་ཕྱི་པ་ང་ཕོལ་ལོལ་དིང་། ཆོས་གྲོགས་ཐི་མོ་ཐེ་ཉེད་གཉིས་ཀྱིས་ཕི་ལིབ་པིའི་རྒྱལ་ས་ནང་ལེ། འོད་ཡོད་སྐྱབས་མགོན་ཡེ་ཤུའི་ཆོས་ཚོགས་ནང་ལེ་དཀོན་མཆོག་གི་མི་ཡེ་རེ་དིང་། ཡང་ཆོས་ཚོགས་ཀྱི་ལྟ་རྟོགས་པ་དམ་པ་ཀྱ་དིང་། ལས་འཛིན་པ་ཀྱ་ལེ་ཡི་གེ་འདི་ཕུལ་ལོ། 2 འུ་ཀྱ་ཀྱི་ཡབ་དཀོན་མཆོག་དིང་། ཇོ་བོ་སྐྱབས་མགོན་ཡེ་ཤུས་ཁྱེད་ཀྱ་ལེ་ཐུགས་རྗེ་གཟིགས་སྐྱོང་དིང་ཞི་བདེ་གནང་བར་ཤོག བཀའ་དྲིན་ཆེ་ཞུས་པ། 3 ངས་ཁྱེད་ཀྱ་ལེ་དུས་ནམ་ཞིག་དྲན་ནའང་། ངས་དཀོན་མཆོག་ལེ་བཀའ་དྲིན་ཆེ་ཟིན་ཞུ་འོད། 4 ཁྱེད་ཡེ་རེའི་དོན་ལེ་གསོལ་བ་སྨོན་ལམ་འདེབས་རྒྱ། ངས་དུས་རྒྱུན་དུ་དགའ་སྤྲོའི་ངང་ནས་གསོལ་བ་སྨོན་ལམ་འདེབས་གྱོ་འོད། 5 ཅི་ལེ་ཟེར་ནི། ང་ཕི་ལིབ་པིའི་རྒྱལ་ས་ལེ་འགྲོ་བ་ཉིན་མ་དང་པོ་ནས་ད་ལྟའི་བར་དུ། ཁྱེད་ཀྱ་ཀྱིས་གཏམ་བཟང་གི་ལས་བགྱིད་རྒྱུ་ལེ། བློ་སེམས་གཅིག་མཐུན་གྱིས་ང་ལེ་རོགས་ལམ་བྱས་བྱུང་། 6 ཁྱེད་ཀྱ་ཀྱི་དཀྱིལ་ལེ་ལས་བཟང་པོ་འགོ་འཛུགས་མཁན་དཀོན་མཆོག་གིས་སྐྱབས་མགོན་ཡེ་ཤུ་ཡང་དང་ཕེབས་རྒྱུ་ཡིན་དི་ཉིན་མོའི་བར་དུ་སྒྲུབ་པར་གནང་རྒྱུ་ཡིན་དི་ང་ལེ་ཡིད་ཆེས་འོད། 7 ངས་ཟང་ཁྱེད་ཡེ་རེའི་སྐོར་ལེ་འོ་དེ་ཅོག་འདྲ་བསམ་བློ་བཅངས་དགོས་འོས་པ་ཡིན་དིག ཅི་ལེ་ཟེར་ནི། ཁྱེད་ཡེ་རེ་ནི་དུས་རྒྱུན་དུ་ངའི་སེམས་ནང་ལེ་འོད་དི་མ་ཟད། ང་བཙོན་ལེ་བཅུག་པི་དིང་། གཏམ་བཟང་གསལ་བཤད་བགྱིད་དི་དིང་། ཁྱེད་ཀྱ་ཀྱིས་དད་པ་བརྟན་པོ་བགྱིད་འོད་དི་ཆ་ནས་ཁྱེད་ཀྱ་ནི་ང་དིང་སྐྱེན་ལེ། དཀོན་མཆོག་གི་ཐུགས་རྗེ་གཟིགས་སྐྱོང་འཐོབ་མཁན་ཡིན་དིག 8 ངས་སྐྱབས་མགོན་ཡེ་ཤུའི་བརྩེ་སེམས་ཀྱིས་ཁྱེད་ཡེ་རེ་ལེ་དྲན་གྱོ་འོད་དི་དཀོན་མཆོག་ནི་ངའི་དཔང་པོ་གནང་མཁན་ཡིན། 9 ཡང་ཁྱེད་ཀྱ་ཀྱི་བྱམས་སེམས་དེ་ཤེས་རབ་ཀྱི་བརྒྱུད་ནས་གཅིག་གིས་གཅིག་ལེ། ད་རུང་སྔར་ལས་ལྷག་ཚོད་མང་པོ་སྤེལ་ཐུབ་པའི་ཆེད་དུ་ངས་གསོལ་བ་སྨོན་ལམ་འདེབས་གྱོ་འོད། 10 ཁྱེད་ཀྱ་ཀྱིས་བཟང་པོ་ཅི་ཡིན་དི་དེ་བླངས་ཏེ། སྐྱབས་མགོན་གྱི་ཉིན་མོའི་བར་དུ། དྲང་བདེན་དིང་སྐྱོན་མེད་མེད་འོང་རྒྱུ་དིང་། 11 དཀོན་མཆོག་གི་གཟི་བརྗིད་དིང་བསྟོད་པ་འཕེལ་འགྲོ་རྒྱུ་ཆེད་དུ། སྐྱབས་མགོན་ཡེ་ཤུ་ལེ་བརྟེན་ཏེ། རྣམ་པར་དག་པོའི་མི་ཚེ་ཞིག་སྐྱེལ་ཐུབ་ཀྱི་དིག གཏམ་བཟང་སྔར་ལས་ལྷག་ཚོད་འཕེལ་བ། 12 ཁྱེད་ཆོས་གྲོགས་སྤུན་ཟླ་ཀྱ། ང་ལེ་ཅི་བྱུང་བ་དེས་སྔོན་མ་ལས་ལྷག་ཚོད་གཏམ་བཟང་དེ་འཕེལ་རྒྱུ་ཡིན་དི་ཧ་གོ་བར་གྱིས་ཤིག 13 ད་ལྟ་འདི་རུ་འོད་ཡོད་རྒྱལ་པོ་དིང་། རྒྱལ་པོའི་ཕོ་བྲང་གི་སྲུང་དམག་ཡེ་རེ་དིང་། མི་ཀུན་གྱིས་ང་སྐྱབས་མགོན་གྱི་དོན་ལེ་བཙོན་ལེ་བཅུག་པི་ཡིན་དི་ཧ་གོ་འོད་དིག 14 དེ་མ་ཟད། ང་བཙོན་ལེ་བཅུག་པའི་རྐྱེན་གྱིས་ཆོས་གྲོགས་སྤུན་ཟླ་མང་ཆེ་བ་ཞིག་གིས་ཇོ་བོ་ཡེ་ཤུ་ལེ་བརྟེན་ཏེ། དཀོན་མཆོག་གི་བཀའ་དེ་འཁྱར་སྣང་མེད་དི་ངང་ནས་ཤོད་རྒྱུ་ལེ་བློ་ཁོག་ཆེ་རུ་འགྲོ་འོད་དིག 15-17 ཡང་མི་ལ་ལས་སྐྱབས་མགོན་གྱི་ཆོས་སྟོན་རྒྱུ་དེ་ནི། ཕྲག་དོག་ཅན་དིང་། ཁ་རྩོད་ལེ་དགའ་མཁན་ཡིན་ནའང་། མི་ལ་ལས་སེམས་བཟང་པོས་ངང་ནས་གཏམ་བཟང་ཤོད་གྱོ་འོད་དིག རྗེས་མ་ཀྱ་ཀྱིས་ང་རང་ནི་བྱམས་སེམས་ངང་ནས་སྐྱབས་མགོན་གྱི་གཏམ་བཟང་ཤོད་རྒྱུ་ཆེད་དུ་བསྐོས་པི་ཡིན་དི་ཧ་གོ་པི་དིག ཡིན་ནའང་། ང་བཙོན་ཁང་ལེ་འོད་རྒྱ། ང་ལེ་སྡུག་པོ་གཏོང་དགོས་བསམས་ཏེ། སྔོན་མ་ཀྱ་ཀྱིས་སེམས་བཟང་པོ་མ་བྱས་ཏེ། མི་དེ་ཀྱ་ཀྱིས་འགྲན་སྡུར་བགྱིད་རྒྱུ་སེམས་བཅངས་ཏེ་གཏམ་བཟང་ཤོད་གྱོ་འོད་དིག 18 འོ་དེ་གི་བགྱིད་མཁན་ཀྱ་ལེ་ཅི་ཟེར་རྒྱུ། སྔོན་མ་དིང་རྗེས་མ་ཀྱ་ཀྱི་བདེན་རྫུན་ཅི་ཡིན་ནའང་། སྐྱབས་མགོན་གྱི་གཏམ་བཟང་ཤོད་མཁན་ང་རང་ནི། ད་ལྟ་དགའ་སྤྲོ་འོད། ཡང་རྗེས་ལེ་ཟང་མུ་མཐུད་དེ་དགའ་སྤྲོ་བགྱིད་ཀྱི་ཡིན། 19 ཅི་ལེ་ཟེར་ནི། གནས་ཚུལ་འདི་ནི་ཁྱེད་ཀྱ་ཀྱི་གསོལ་བ་སྨོན་ལམ་བརྒྱུད་ནས་དིང་། སྐྱབས་མགོན་ཡེ་ཤུའི་ཐུགས་ཉིད་ཀྱི་རོགས་རམ་བརྒྱུད་ནས་ང་ལེ་སྐྱོབ་རྒྱུ་ཡིན་དི་ངས་ཧ་གོ་འོད། 20 ངས་སེམས་གཏིང་ནས་བཅངས་པའི་རེ་སྨོན་བྱས་པའི་དོན་ཅི་ཞིག་ལེ་ངོ་ཚ་དགོས་མེད། ད་ལྟ་ང་རང་བློ་ཁོག་ཆེན་པོ་བྱས་ཏེ། ང་གསོན་ནའང་། ཤི་ནའང་། སྔོན་མ་ཅོག་འདྲ་དུས་རྒྱུན་དུ་སྐྱབས་མགོན་གྱི་གཟི་བརྗིད་དེ། ངའི་ལུས་ཀྱི་བརྒྱུད་ནས་མངོན་དུ་འཇུག་རྒྱུ་ལེ་བརྩོན་འགྲུས་བགྱིད་ཀྱི་ཡིན། 21 ཅི་ལེ་ཟེར་ནི། ང་གསོན་པོ་སྡོད་རྒྱུ་དེ་ནི། སྐྱབས་མགོན་གྱི་དོན་ལེ་ཡིན་དིག ཡང་ང་ཤི་ནི་འཛེན་དགའ་ཤོས་ཡིན། 22 གལ་སྲིད་ང་མུ་མཐུད་དེ་གསོན་པོ་གནས་པི་དེ་ནི། ང་ལེ་སྐྱབས་མགོན་གྱི་དོན་དུ་འབྲས་བུ་འོད་ཡོད་ལས་མང་པོ་བགྱིད་རྒྱུ་འབྱོར་གྱི་དིག ད་ངས་ཤི་གསོན་གཉིས་ནང་ནས་ཅི་ཞིག་འདམ་དགོས་འོད་མེད་ཧ་མི་གོ་འདུག 23 ང་ནི་ཐེ་ཚོམ་ནང་ལེ་ལུས་འོད། འཇིག་རྟེན་འདི་རིང་ཁ་བྲལ་ཏེ། སྐྱབས་མགོན་དིང་སྐྱེན་ལེ་སྡོད་འདོད་འོད། དེ་ནི་དགའ་ཤོས་ཡིན་དིག 24 ཡིན་ནའང་། ཁྱེད་ཀྱ་ལེ་ཕན་པའི་ཆེད་དུ། ང་གསོན་པོ་སྡོད་རྒྱུ་དེ་ཟང་དེ་ལས་ལྷག་ཚོད་གལ་ཆེ་བ་ཡིན་དིག 25 ང་ལེ་འདི་ཅོག་འདྲ་ཡིད་ཆེས་གཏིང་ཟབ་པོ་རྙེད་འོད་ཕེན། ཁྱེད་ཀྱ་དད་པའི་ནང་ལེ་ཡར་རྒྱས་དིང་དགའ་སྤྲོ་ཐོབ་རྒྱུ་ཆེད་དུ། ང་གསོན་པོ་ལེ་བསྡད་དེ་མུ་མཐུད་ནས་ཁྱེད་ཡེ་རེའི་སྐྱེན་ལེ་སྡོད་རྒྱུ་ཡིན་དི་ངས་ཧ་གོ་བྱུང་། 26 དེ་ནི་ང་ཁྱེད་ཀྱ་ཀྱི་རྩ་ལེ་ལོག་འོང་རྒྱ། ངའི་རྐྱེན་གྱིས་ཁྱེད་ཀྱ་སྐྱབས་མགོན་ཡེ་ཤུའི་བརྒྱུད་ནས་དེ་ལས་ལྷག་ཚོད་དགའ་སྤྲོ་འཕེལ་རྒྱུ་ཆེད་དུ་ཡིན། 27 ད་ཅི་ཡིན་ནའང་། ཁྱེད་ཀྱ་ཀྱིས་ཅི་བྱས་པའི་ལས་དིང་། སྤྱོད་པ་དེ་ཀྱ་སྐྱབས་མགོན་གྱི་གཏམ་བཟང་དིང་མཐུན་པར་གྱིས་ཤིག དེ་ནས་ང་ཁྱེད་ཀྱ་ཀྱི་དིང་སྐྱེན་ལེ་ཐུག་འབྲལ་བྱུང་ནའང་། ཡང་ནི་ཐུག་འབྲལ་མ་བྱུང་ནའང་། ཁྱེད་ཀྱ་ཀྱི་བློ་སེམས་གཅིག་མཐུན་བྱས་ཏེ་བརྟན་པོ་སྡོད་རྒྱུ་དིང་། གཏམ་བཟང་ལེ་བརྟེན་པའི་དད་པ་དེའི་དོན་ལེ། བློ་སེམས་གཅིག་མཐུན་གྱི་བརྒྱུད་ནས་ཧུར་བརྩོན་བགྱིད་འོད་དི་གཏམ་དེ་ངས་ཐོས་འདོད་བགྱིད་འོད། 28 དོན་ཅི་ཞིག་འཕྲད་ནའང་། དགྲ་བོའི་འཇིགས་སྐུལ་ལེ་འཇིགས་སྣང་མ་བྱས་པི་དེ་ནི། དགྲ་བོ་ཀྱ་རྩ་མེད་འགྲོ་རྒྱུ་རྟགས་ཡིན་དི་མ་ཟད། ཁྱེད་ཀྱ་ལེ་ཐར་བ་ཐོབ་རྒྱུ་རྟགས་ཡིན་དིག ཐར་བ་དེ་ནི་དཀོན་མཆོག་ནས་བྱུང་པི་དིག 29 ཅི་ལེ་ཟེར་ནི། སྐྱབས་མགོན་ལེ་དད་པ་བགྱིད་འོད་དི་མ་ཟད། ཁོང་གི་དོན་ལེ་དཀའ་ངལ་མྱོང་རྒྱུ་དེ་ཟང་། དཀོན་མཆོག་གིས་ཁྱེད་ཀྱ་ལེ་གནང་བའི་ཐུགས་རྗེ་ཡིན་དིག 30 ཡང་ཁྱེད་ཀྱ་ལེ་འབྱུང་གཞིན་པའི་འཐབ་རྩོད་དེ་ནི། སྔོན་མ་ང་དེ་རུ་འོད་རྒྱ། ཁྱེད་ཀྱ་ཀྱིས་མཐོང་པི་མ་ཟད། ད་ལྟ་ཁྱེད་ཀྱ་ཀྱིས་ངའི་སྐོར་ལེ་ཐོས་པའི་དོན་དེ་རིང་ཅོག་འདྲ་ཡིན་དིག ། |
© 2023 Wycliffe Bible Translators, Inc. All rights reserved.
Wycliffe Bible Translators, Inc.