Aanlyn Bybel

- Advertensies -


ཕི་ལེ་མོན། 1 - དོལ་པོ།


ལེའུ་དང་པོ། འཚམས་འདྲི་ཞུས་པ།

1 སྐྱབས་མགོན་ཡེ་ཤུའི་དོན་ལེ་བཙོན་ཁང་ནང་ལེ་བཙུག་འོད་ཡོད་ཕོལ་ལོལ་ང་དིང་། ཡང་འུའི་དད་སེམས་གཅིག་པའི་སྤུན་ཟླ་ཐི་མོ་ཐེ་དིང་། སྙིང་ནས་བརྩེ་བའི་ཉེད་ཀྱ་ཀྱི་ལས་རོགས་ཕི་ལེ་མོན་ཁྱོད་རང་དིང་།

2 ཡང་ཆོས་གྲོགས་ནུ་མོ་ཨ་ཕི་ཡཱ་དིང་། ད་རུང་གཏམ་བཟང་གི་དོན་ལེ་འཐབ་རོགས་བགྱིད་མཁན་འུའི་ཨར་ཀི་པུ་ཁྱེད་ལེ་དིང་། ཁྱོད་ཀྱི་ཁྱིམ་ལེ་འོད་ཡོད་ཆོས་ཚོགས་ཀྱི་ཆེད་དུ་ཡི་གེ་འདི་ཕུལ་ལོ།

3 འུ་ཀྱ་ཀྱི་ཡབ་དཀོན་མཆོག་དིང་སྐྱབས་མགོན་ཇོ་བོ་ཡེ་ཤུའི་བརྒྱུད་ནས་ཐུགས་རྗེ་གཟིགས་སྐྱོང་དིང་ཞི་བདེ་ཁྱེད་ཀྱ་ལེ་འཐོབ་པར་ཤོག


ཕི་ལེ་མོན་གྱི་བྱམས་སེམས་དིང་དད་པ།

4 ངའི་སྤུན་ཟླ་ཕི་ལེ་མོན། ངས་ཁྱོད་ཀྱི་ཆེད་དུ་སྨོན་ལམ་འདེབས་རྒྱ། དུས་རྒྱུན་དུ་ངའི་དཀོན་མཆོག་ལེ་བཀའ་དྲིན་ཆེ་ཞུ་འོད།

5 ཅི་ལེ་ཟེར་ནི། ཁྱོད་ཀྱིས་ཇོ་བོ་ཡེ་ཤུ་ལེ་བྱས་པའི་དད་སེམས་དིང་། དཀོན་མཆོག་གི་མི་ཡེ་རེ་ལེ་བྱམས་པ་བྱས་པའི་སྐོར་དེ་ངས་ཐོས་བྱུང་།

6 ཁྱོད་དིང་ཁྱོད་ཀྱི་སྐྱེན་ལེ་འོད་ཡོད་ཀྱ་ཀྱིས་དད་སེམས་གཅིག་གིས་ངང་ནས་མཉམ་འཛོམས་བྱས་ཏེ། མི་ཀྱ་ལེ་ཕན་ཐོགས་ཀྱི་ནུས་པ་ཐོན་རྒྱུ་དིང་། ཡང་འུའི་ནང་ལེ་འོད་ཡོད་སྐྱབས་མགོན་གྱི་མཚན་བརྒྱུད་ནས་དོན་བཟང་པོ་ཡེ་རེ་དིང་། ཤེས་རབ་རྒྱས་པོ་འོང་རྒྱུ་ཆེད་དུ། ངས་གསོལ་བ་སྨོན་ལམ་འདེབས་གྱོ་འོད།

7 ངའི་ཆོས་གྲོགས་སྤུན་ཟླ་ཁྱོད་ཀྱིས་དཀོན་མཆོག་གི་མི་ཡེ་རེ་ལེ་སེམས་གསོ་བྱས་ཕེན། ཁྱོད་ཀྱི་བྱམས་པ་ལེ་བརྟེན་ཏེ་ང་རང་ལེ་ཟང་དགའ་སྤྲོ་དིང་སེམས་གསོ་ཆེན་པོ་ཐོབ་བྱུང་།


ཨོ་ནེ་སི་མུའི་དོན་ལེ་ཞུ་བ་ཕུལ་བ།

8 འོ་དེའི་ཆེད་དུ། ངས་སྐྱབས་མགོན་ཡེ་ཤུའི་མཚན་བརྒྱུད་ནས་སྤོབས་པ་ཆེན་པོ་བྱས་ཏེ། ཁྱོད་ལེ་ཅི་ཞིག་བསྒྲུབ་འོས་པ་དེ་སྒྲུབ་པར་གྱིས་ཟིན་བཀའ་གནང་རྒྱུ་ནུས་པ་འོད་ནའང་།

9 ཕོལ་ལོལ་ང་རང་ནི་ལོ་ན་རྒས་པོ་ཞིག་ཡིན་དི་མ་ཟད། ད་ལྟ་སྐྱབས་མགོན་ཡེ་ཤུའི་ཆེད་དུ་བཙོན་པ་ཞིག་ཟང་ཡིན། ཡིན་ནའང་། བྱམས་པའི་རྐྱེན་གྱིས་ངས་ཁྱོད་ལེ་ཞུ་བ་འབུལ་གྱོ་འོད།

10 ངའི་བི་ས་ཅོག་འདྲ་ཨོ་ནེ་སི་མུ་ཁོའི་དོན་ལེ། ངས་ཁྱོད་ལེ་ཞུ་བ་འབུལ་གྱོ་འོད། ང་བཙོན་ལེ་འོད་རྒྱ་ང་ནི་ཁོའི་ཨ་ཀྱི་ཅོག་འདྲ་ཡིན།

11 སྔོན་མ་ཁོ་ནི་ཁྱོད་ལེ་ཕན་ཐོགས་མེད་ནའང་། ད་ལྟ་ཁྱོད་དིང་ངའི་དོན་ལེ་ཁོ་རང་ཕན་ཐོགས་ཆེན་པོ་འོད་དིག

12 ངས་ད་ལྟ་ཁོ་རང་ཁྱོད་ཀྱི་རྩ་ལེ་རང་འཇགས་ལོག་རྫོང་གྱོ་འོད་དི་མ་ཟད། ཁོ་རང་ནི་ངའི་སྙིང་དིང་ཁྱད་མེད།

13 གཏམ་བཟང་གི་ཆེད་དུ་ང་རང་བཙོན་ལེ་འོད་རྒྱ། ཁོས་ཁྱོད་ཀྱི་ཚབ་བྱས་ཏེ་ང་ལེ་ཞབས་ཕྱི་སྒྲུབ་རྒྱུ་ཆེད་དུ། ཁོ་རང་ངའི་རྩ་ལེ་སྡོད་དུ་འཇུག་འདོད་འདུག

14 ཡིན་ནའང་། ཁྱོད་ཀྱི་ཆོག་མཆན་མེད་དི་ངས་འོ་དེ་གི་བགྱིད་འདོད་མེད། ཅི་ལེ་ཟེར་ནི། ཁྱོད་ཀྱིས་བྱས་པའི་ལས་བཟང་པོ་དེ་ནི། བཙན་དབང་ངང་ནས་བསྐུལ་ལི་མ་དིག རང་གི་འདོད་མོས་ངང་ནས་བྱས་པི་ཡིན་དིག

15 གཅིག་བྱས་ནས་ཁྱོད་དིང་དུས་ཁ་ཤས་ཞིག་རིང་ལེ་ཁ་བྲལ་ལི་དོན་དེ་ནི། ཁོ་རང་ཁྱོད་ལེ་དུས་གཏན་དུ་འཐོབ་རྒྱུ་ཆེད་དུ་ཡིན་སྲིད།

16 ཡིན་ནའང་། ད་ལྟ་ཁོ་རང་ཚེ་གཡོག་མ་དིག ཚེ་གཡོག་ལས་ལྷག་ཚོད་སྙིང་ནས་བརྩེ་བའི་འུའི་ཆོས་གྲོགས་སྤུན་ཞིག་ཡིན་དི་རྩིས་པི་མ་ཟད། ང་ལེ་ཟང་ངོ་ཐོག་འོ་དེ་གི་ཅོག་འདྲ་ཡིན་ཟིན་ཁྱོད་ལེ་ཟེར་དགོས་ཅི་འོད་དི་གོ། ཚེ་གཡོག་པ་རྐྱང་གི་ཆེད་དུ་མ་དིག ཇོ་བོའི་ནང་ལེ་ཁོ་རང་ནི་ང་ལེ་ཕན་ཐོགས་ཅན་གྱི་མི་ཞིག་ཡིན། ཡང་ཁྱོད་ལེ་ཟང་ཁོ་རང་ཕན་ཐོགས་འོད་ཡོད་ཞིག་ཡིན་དིག

17 གལ་སྲིད་ཁྱོད་ཀྱིས་ང་ནི་ལས་རོགས་ཞིག་ལེ་བརྩིས་པི་ཡིན་ནི། ཁྱོད་ཀྱིས་ང་ལེ་བརྩིས་པི་ཅོག་འདྲ། ཁོ་ལེ་ཟང་ཁྱོད་ཀྱིས་སྣེ་ལེན་གྱིས་ཤིག

18 གལ་སྲིད་ཁོས་ཁྱོད་ལེ་ཉེས་སྐྱོན་ཅི་ཞིག་བྱས་འོད་ནའང་། ཡང་ནི། ཁྱོད་ལེ་བུ་ལོན་ཅི་ཞིག་ཟུག་འོད་ནི། དེ་ཡེ་རེ་ངའི་བུ་ལོན་ཡིན་དི་རྩིས་ཤིག

19 ངས་ཁྱོད་ལེ་སྐྱིན་ཚབ་འཇལ་ཆོག་ཟེར་རི་ཚིག་འདི་ནི། ཕོལ་ལོལ་ང་རང་གི་ལག་གས་ནས་བྲིས་པི་ཡིན། ངའི་བརྒྱུད་ནས་ཁྱོད་རང་ལེ་སྐྱབས་མགོན་ཡེ་ཤུའི་ནང་ལེ་ཚེ་སྲོག་གསར་པ་ཐོབ་འོད་ཕེན། ཁྱོད་རང་ནི་ངའི་བུ་ལོན་ཡིན་དིག་ཟིན་ཟེར་དགོས་མེད་དིག

20 ཆོས་གྲོགས་སྤུན་ཁྱོད་ཀྱིས་ཇོ་བོ་ཡེ་ཤུའི་མཚན་ནང་ལེ་ང་ལེ་ཕན་ཐོགས་འོང་རྒྱུ་དིང་། སྐྱབས་མགོན་ཡེ་ཤུའི་མཚན་ནང་ནས་ང་ལེ་དགའ་སྤྲོ་གནང་རོགས།

21 ཁྱོད་ཀྱིས་ཟང་ངའི་ཁ་ལེ་ཉན་རྒྱུ་ཡིན་དི་ང་རང་ལེ་ཡིད་ཆེས་བརྟན་པོ་འོད་དི་མ་ཟད། ཁྱོད་ཀྱིས་ངའི་ཞུ་བ་ཕུལ་ལི་དེ་ལས་ལྷག་ཚོད་ཞིག་བསྒྲུབ་རྒྱུ་ཡིན་དི་ངས་ཧ་གོ་སྟེ། ཁྱོད་ལེ་ངས་ཡི་གེ་འདི་འབྲི་འོད།

22 ཡང་ཁྱོད་ཀྱིས་ངའི་ཆེད་དུ་སྡོད་ས་ཞིག་གྲ་སྒྲིག་བཟོ་རོགས། ཅི་ལེ་ཟེར་ནི། ཁྱེད་ཀྱི་གསོལ་བ་སྨོན་ལམ་ལེ་བརྟེན་ཏེ། ང་ཁྱེད་ཀྱ་ཀྱི་རྩ་ལེ་འོང་རྒྱུ་རེ་བ་འོད།


མཇུག་མཐའ་མའི་འཚམས་འདྲི།

23 སྐྱབས་མགོན་ཡེ་ཤུའི་གཏམ་བཟང་བཤད་དི་རྐྱེན་གྱིས་ད་ལྟ་ང་དིང་ངའི་སྐྱེན་ལེ་འོད་ཡོད་བཙོན་པ་ཨེ་པབ་རཱ་ཁོས་ཟང་། ཁྱེད་ལེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཟིན་འདུག

24 ངའི་ལས་རོགས་མར་ཀུ་དིང་། ཨ་རི་ཐར་ཀུ། དེ་མཱ། ལུ་ཀཱ། ཁོང་ཀྱ་ཀྱིས་ཟང་ཁྱེད་ལེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཟིན་འདུག

25 ཇོ་བོ་སྐྱབས་མགོན་ཡེ་ཤུའི་ཐུགས་རྗེ་གཟིགས་སྐྱོང་ཁྱེད་ཀྱི་སེམས་ནང་ལེ་དུས་རྒྱུན་དུ་གནས་པར་ཤོག ། ། །

© 2023 Wycliffe Bible Translators, Inc. All rights reserved.

Wycliffe Bible Translators, Inc.
Volg ons:



Advertensies