Aanlyn Bybel

- Advertensies -

ཡ་ཀོབ། 1 - དོལ་པོ།


ལེའུ་དང་པོ། འཚམས་འདྲི།

1 དཀོན་མཆོག་དིང་སྐྱབས་མགོན་ཇོ་བོ་ཡེ་ཤུ་ལེ་ཞབས་ཕྱི་ཞུ་མཁན་ང་ཡ་ཀོབ་ཀྱིས་འཛམ་བུ་གླིང་གི་ནང་ལེ་ཁ་འཐོར་ཏེ་བསྡད་འོད་ཡོད་ཡ་ཧུ་དཱ་པའི་ཚོ་ཁག་བཅུ་གཉིས་ཀྱི་ནང་ནས་སྐྱབས་མགོན་ཡེ་ཤུའི་རྗེས་འབྲང་པ་ཀྱ་ལེ། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་འོད།


ཉམས་ཚོད་ཀྱི་སྐོར།

2-3 ངའི་དད་སེམས་གཅིག་པའི་ཆོས་གྲོགས་སྤུན་ཟླ་ཀྱ། ཁྱེད་ཀྱ་ལེ་ཉམས་ཚོད་སྣ་ཚོགས་འཕྲད་རྒྱ། དེ་ནི་དགའ་སྤྲོ་ཞིག་ཡིན་དི་རྩིས་ཤིག ཅི་ལེ་ཟེར་ནི། རང་གི་དད་པ་ལེ་ཚོད་ལྟ་མྱོང་བའི་བརྒྱུད་ནས་བཟོད་སྒོམ་བགྱིད་རྒྱུ་ནུས་པ་སྐྱེ་འོད་དེ་ནི། ཁྱེད་ཀྱ་ཀྱིས་ཧ་གོ་གོ་བ་ཡིན་དིག

4 ཡང་ཁྱེད་ཀྱ་ལེ་མི་ཚང་བ་དིང་མི་འདང་བ་མེད་དི་ཕུན་སུམ་ཚོགས་པོ་འོང་རྒྱུ་ཆེད་དུ། བཟོད་པའི་སེམས་དེས་ལས་ཡེ་རེ་ཚར་རི་བགྱིད་དུ་ཆུག

5 ཁྱེད་ཀྱ་ཀྱི་ནང་ནས་མི་སུ་ཞིག་ལེ་ཤེས་རབ་མ་ཚང་འོད་ནི། བཀའ་བཀྱོན་མི་གནང་མཁན་དིང་། སེར་སྣ་མེད་དི་ངང་ནས་ཡེ་རེ་གནང་མཁན་དཀོན་མཆོག་ལེ་གསོལ་བ་སྨོན་ལམ་ཞུས་དང་། ཁོང་གིས་གནང་གྱི་དིག

6 ཡིན་ནའང་། མི་དེས་ཐེ་ཚོམ་སྤུ་ཙམ་མེད་དི་དད་པའི་བརྒྱུད་ནས་གསོལ་བ་སྨོན་ལམ་འདེབས་དགོས་འོད་དིག ཅི་ལེ་ཟེར་ནི། ཐེ་ཚོམ་བགྱིད་མཁན་མི་དེ་ནི། རྒྱ་མཚོའི་རྦ་རླབས་འུར་བོས་ག་འགྲོ་ས་ལེ་འདེད་འགྲོ་བ་དིང་ཅོག་འདྲ་ཡིན་དིག

7-8 ཡང་བློ་སེམས་གཉིས་གཏོང་མཁན་མི་དེས་ལས་ཇུས་ཅི་ཞིག་བཏིང་ནའང་བརྟན་པོ་མེད་ཕེན། མི་དེས་ཇོ་བོ་དཀོན་མཆོག་ནས་ཅི་ཞིག་འཐོབ་རྒྱུ་ཡིན་དི་བམས་བློ་མ་ཐོང་ཞིག

9 ཁྱེད་སྤུན་ཟླ་སྙེམས་ཆུང་ཀྱ་ལེ། དཀོན་མཆོག་གིས་མཐོང་ཆེན་པོ་ཡིན་དི་རྩིས་གནང་གྱོ་འོད་ཕེན། ཁྱེད་ཀྱ་ཀྱིས་དོན་དེ་ལེ་དགའ་རི་བགྱིད་དགོས་འོད་དིག

10 ཡང་ཁྱེད་སྤུན་ཟླ་ཕྱུག་པོ་ཀྱ་ལེ་ཟང་དཀོན་མཆོག་གིས་སྙེམས་ཆུང་བཟོས་གནང་པི་དེ་ལེ་དགའ་རི་བགྱིད་དགོས་འོད་དིག ཅི་ལེ་ཟེར་ནི། ཕྱུག་པོ་ཀྱ་ནི་རྩྭ་ཐང་གི་མེ་ཏོག་ཅོག་འདྲ་ཡིན་དིག

11 ཉི་མ་ཚ་པོ་ཤར་ཕེན། ཉི་མོའི་ཚ་དྲོད་ཀྱིས་མེ་ཏོག་དེ་སྐམ་སྟེ་ས་ལེ་འཛར་འགྲོ་བ་མ་ཟད། མེ་ཏོག་དེའི་མཛེས་ཆ་དེ་ཡལ་འགྲོ་འོད་དིག ཕྱུག་པོ་དེ་ཀྱ་ཀྱིས་ཟང་རང་དོན་སྒྲུབ་རྒྱ། རང་གི་མི་ཚེ་དེ་ཟང་རྩྭ་ཐང་གི་མེ་ཏོག་དེ་རིང་ཅོག་འདྲ་རྩ་མེད་འགྲོ་གྱི་དིག

12 ཉམས་ཚོད་འཕྲད་རྒྱ་བཟོད་སྒོམ་བགྱིད་མཁན་མི་ཀྱ་བདེ་བ་ཆེའོ། མི་དེས་ཉམས་ཚོད་མྱོང་རྒྱ། དཀོན་མཆོག་ལེ་བློ་བཀལ་ཏེ་བཟོད་སྒོམ་བྱས་ཕེན། ཇོ་བོ་དཀོན་མཆོག་གིས་མི་དེ་ལེ། མཐའ་མེད་པའི་ཚེ་སྲོག་གི་དབུ་རྒྱན་དེ་གནང་གྱི་དིག ཅི་ལེ་ཟེར་ནི། ཇོ་བོ་དཀོན་མཆོག་གིས་རང་ལེ་བྱམས་བརྩི་བཀུར་བགྱིད་མཁན་ཀྱ་ལེ། མཐའ་མེད་པའི་ཚེ་སྲོག་གི་དབུ་རྒྱན་གནང་རྒྱུ་ཡིན་དི་ཞལ་བཞེས་གནང་འོད་དིག

13 ཉམས་ཚོད་མྱོང་རྒྱ། མི་སུ་ཞིག་གིས་ཟང་དཀོན་མཆོག་གིས་ང་ལེ་ཉམས་ཚོད་བྱས་བྱུང་ཟིན་ཟེར་མི་སྲིད་འོད་དིག ཅི་ལེ་ཟེར་ནི། ངན་པས་དཀོན་མཆོག་ལེ་ཉམས་ཚོད་བགྱིད་མི་སྲིད་འོད་དི་མ་ཟད། ཁོང་གིས་མི་སུ་ལེ་ཟང་ཉམས་ཚོད་བགྱིད་མི་སྲིད་འོད་དིག

14 ཡིན་ནའང་། ཉམས་ཚོད་དེ་ནི་རང་སོ་སོའི་འདོད་ཆགས་བརྒྱུད་ནས་བྱུང་པི་དིག འདོད་ཆགས་ཀྱིས་འཁྲིད་དེ་ཉམས་ཚོད་མྱོང་དུ་འཇུག་གྱོ་འོད་དིག

15 དེ་ནས་འདོད་ཆགས་སྐྱེས་ཏེ་སྡིག་པ་བྱས་པི་དིག ཡང་སྡིག་པའི་འབྲས་བུ་དེ་ནི་འཆི་བ་ཡིན་དིག

16 ངས་སྙིང་ནས་བརྩེ་བའི་ཁྱེད་སྤུན་ཟླ་ཀྱ། མགོ་སྐོར་འོག་ཏུ་མ་ཚུད་ཅིག

17 འུ་ཀྱ་ལེ་འོད་ཡོད་ཕུན་སུམ་ཚོགས་པོ་དིང་ཡང་དག་པའི་བྱ་དགའ་ཀྱ་ནི། སྟེང་ནས་མར་ཉི་ཟླ་སྐར་གསུམ་བཀོད་གནང་མཁན་ཡབ་དཀོན་མཆོག་གི་བརྒྱུད་ནས་འབབ་འོངས་པི་དིག ཁོང་ལེ་འགྱུར་བ་མེད་དི་མ་ཟད། གྲིབ་ནག་འཕོ་འགྲོ་བ་ཅོག་འདྲ་འཕོ་མི་འགྲོ་འོད་དིག

18 ཁོང་གིས་ཅི་བཀོད་པ་ཡེ་རེའི་ནང་ནས་འུ་ཀྱ་ནི། ལོ་ཏོག་གི་ཕུད་འོང་རྒྱུ་ཆེད་དུ། ཁོང་གི་ཐུགས་དགོངས་ཅོག་འདྲ། བདེན་པའི་བཀའ་བརྒྱུད་ནས་འུ་ཀྱ་གསར་དུ་སྐྱེས་རུ་བཅུག་པི་དིག


བཀའ་སྒྲུབ་མཁན་གྱི་སྐོར།

19 ངའི་སྙིང་ནས་བརྩེ་བའི་ཁྱེད་སྤུན་ཟླ་ཀྱ། ཁྱེད་ཀྱ་ཀྱིས་མང་ཚོད་ཉོན། མྱུང་ཚོད་ཤོད། ཞེ་སྡང་ལངས་ཆོག་ཆོག་མ་བགྱིད་ཅིག

20 ཅི་ལེ་ཟེར་ནི། མིའི་ཞེ་སྡང་གིས་དཀོན་མཆོག་གི་དྲང་བདེན་གྱི་ལས་དེ་སྒྲུབ་མི་སྲིད་འོད་དིག

21 འོ་དེ་ལེ་བརྟེན་ཏེ། བཙོག་གྲིབ་ཀྱི་ལས་ཡེ་རེ་དིང་། ངན་སེམས་བཅངས་པ་དེ་ཀྱ་སྤངས་ཏེ། སྙེམས་ཆུང་ངང་ནས་ཁྱེད་ཀྱ་ལེ་ཐར་བར་མཛད་ཐུབ་པའི་བཀའ་དེ། ཁྱེད་ཀྱ་ཀྱི་སེམས་ནང་ལེ་བོར་ཏེ་ཁས་ལེན་གྱིས་ཤིག

22 ཁྱེད་ཀྱ་ནི་རང་གིས་རང་ལེ་མགོ་སྐོར་བཏང་སྟེ། བཀའ་ཐོས་མཁན་པ་རྐྱང་མ་བྱས་ཏེ། བཀའ་དེ་སྒྲུབ་མཁན་གྱིས་ཤིག

23 ཅི་ལེ་ཟེར་ནི། བཀའ་ཐོས་ནའང་། བཀའ་དིང་ཅོག་འདྲ་ལག་ལེན་མི་གཏོང་མཁན་མི་དེ་ནི། རང་གི་ངོ་གདོང་མེ་ལོང་ནང་ལེ་བལྟས་པི་དིང་ཅོག་འདྲ་ཡིན་དིག

24 ཅི་ལེ་ཟེར་ནི། མེ་ལོང་དིང་ཁ་བྲལ་ལོང་མེད། རང་ཅི་གི་འོད་མེད་དེ་དྲན་པ་བརྗེད་དི་དིག

25 ཡིན་ནའང་། རང་དབང་གནང་མཁན་ཡང་དག་པའི་བཀའ་ལེ་ནན་ཏན་གྱིས་བལྟས་ཏེ། བརྩོན་འགྲུས་བགྱིད་མཁན་དེ་ནི། བཀའ་ཐོས་པི་པ་རྐྱང་མན་དིག བརྗེད་དུ་མ་བཅུག་སྟེ། བཀའ་སྒྲུབ་པར་བགྱིད་མཁན་ཡིན་ཕེན། ཁོའི་བྱས་པའི་ལས་དེ་ལེ་བྱིན་གྱིས་བརླབ་གནང་གྱི་དིག

26 གལ་སྲིད་མི་ཞིག་གིས་ང་རང་ཆོས་སེམས་ཅན་ཞིག་ཡིན་བསམས་ནའང་། རང་གི་ནར་ནར་ལྕེ་ལེ་བདག་པོ་མ་བརྒྱབ་ནི། རང་མགོ་རང་གིས་སྐོར་མཁན་མི་དེའི་ཆོས་ལེ་སྙིང་པོ་མེད་དིག

27 འུ་ཀྱ་ཀྱི་ཡབ་དཀོན་མཆོག་གི་སྤྱན་སྔར་ལེ་སྐྱོན་མེད་མེད་ཡང་དག་པའི་ཆོས་དེ་ནི། དཀའ་ངལ་མྱོང་མཁན་དྭ་ཕྲུག་དིང་། ཡུགས་མོ་ཀྱ་ལེ་གཟིགས་སྐྱོང་གནང་གྱོ་འོད་དི་མ་ཟད། འཇིག་རྟེན་གྱི་སྡིག་གྲིབ་ཀྱི་དྲི་མ་དེ། རང་ལེ་མི་འགོ་བའི་ཆེད་དུ་སྲུང་རྒྱུ་དེ་ཡིན་དིག །

© 2023 Wycliffe Bible Translators, Inc. All rights reserved.

Wycliffe Bible Translators, Inc.
Volg ons:



Advertensies