Aanlyn Bybel

- Advertensies -


ཨེ་ཕེ་སི་པ། 1 - དོལ་པོ།


ལེའུ་དང་པོ། འཚམས་འདྲི།

1 ང་ཕོལ་ལོལ་ནི་དཀོན་མཆོག་གི་ཐུགས་དགོངས་ཅོག་འདྲ་སྐྱབས་མགོན་ཡེ་ཤུའི་སྐུ་ཚབ་ཞིག་ཡིན། ངས་ཨེ་ཕེ་སི་རྒྱལ་སའི་ནང་ལེ་འོད་ཡོད་དཀོན་མཆོག་ལེ་དད་པ་བགྱིད་མཁན་མི་དམ་པ་ཁྱེད་ཀྱ་ཀྱི་ཆེད་དུ་ཡི་གེ་འདི་འབྲི་འོད།

2 འུའི་ཡབ་དཀོན་མཆོག་དིང་སྐྱབས་མགོན་ཇོ་བོ་ཡེ་ཤུའི་བརྒྱུད་ནས་ཁྱེད་ཀྱ་ལེ་ཐུགས་རྗེ་གཟིགས་སྐྱོང་དིང་ཞི་བདེ་འཐོབ་པར་ཤོག


ཐུགས་ཉིད་ཀྱི་བྱིན་རླབས་ཀྱི་སྐོར།

3 འུའི་སྐྱབས་མགོན་ཇོ་བོ་ཡེ་ཤུའི་ཡབ་དཀོན་མཆོག་ལེ་བསྟོད་པ་འབུལ་བར་ཤོག སྐྱབས་མགོན་ཡེ་ཤུ་ལེ་བརྟེན་ཏེ། ནམ་མཁའི་ཞིང་ཁམས་ལེ་འོད་ཡོད་ཐུགས་ཉིད་ཀྱི་བྱིན་རླབས་ཡེ་རེ་ནི། དཀོན་མཆོག་གིས་འུ་ཀྱ་ལེ་གནང་པི་དིག

4 ཡང་ཁོང་གི་དྲུང་དུ་འུ་ཀྱ་ནི་དམ་པ་དིང་སྐྱོན་གྱི་དྲི་མ་གོས་མེད་མེད་མི་ཞིག་འོང་རྒྱུ་ཆེད་དུ། ཁོང་གིས་འཇིག་རྟེན་ཁམས་མ་བཀོད་པའི་སྔོན་ནས་ཕེན། སྐྱབས་མགོན་ཇོ་བོ་ཡེ་ཤུའི་བརྒྱུད་ནས་འུ་ཀྱ་བདམས་གནང་པི་དིག

5 ཡང་ཁོང་གིས་སྔར་སྔ་མོ་ནས་རང་གི་ཐུགས་དགྱེས་པི་ཅོག་འདྲ། འུ་ཀྱ་ལེ་བྱམས་པ་གནང་སྟེ། སྐྱབས་མགོན་ཡེ་ཤུའི་བརྒྱུད་ནས་འུ་ཀྱ་ཁོང་གི་བུ་ཚབ་དིང་མོ་ཚབ་ལེ་བཟོས་རྒྱུ་ཐག་གཅོད་བྱས་ཚར་རི་མ་ཟད།

6 ཁོང་གི་གཟི་བརྗིད་ཆེ་བའི་ཐུགས་རྗེ་གཟིགས་སྐྱོང་ལེ་བསྟོད་པ་འབུལ་རྒྱུ་ཆེད་དུ་དིང་། ཡང་ཐུགས་རྗེ་གཟིགས་སྐྱོང་དེ་ནི། ཁོང་གིས་གཅེས་པོ་གནང་ས་རང་གི་སྲས་བརྒྱུད་ནས་འུ་ཀྱ་ལེ་ཕངས་མེད་དུ་གནང་པི་དིག

7 ཡང་འུ་ཀྱ་ནི་ཁོང་གི་སྐུ་ཁྲག་རིན་ཆེན་ལེ་བརྟེན་ཏེ་བསྐྱབས་གནང་སྟེ། འུ་ཀྱ་ཀྱི་སྡིག་ཉེས་དེ་བསལ་ལི་མ་ཟད་ཐར་པ་ཐོབ་པི་དིག དཀོན་མཆོག་གི་ཐུགས་རྗེ་གཟིགས་སྐྱོང་ཕུན་སུམ་ཚོགས་པོ་འདི་འུ་ཀྱ་ལེ་གནང་པི་དིག

8 དེ་ནི་ཁོང་གིས་ཤེས་རབ་དིང་བློ་རིག་པ་སྣ་ཚོགས་ཀྱི་བརྒྱུད་ནས་འུ་ཀྱ་ལེ་ཕངས་མེད་ལེ་གནང་པི་དིག

9 ཡང་དཀོན་མཆོག་གིས་སྐྱབས་མགོན་གྱི་བརྒྱུད་ནས་སྔར་ནས་ཕེན་ཐག་བཅད་ཚར་རི་ཐུགས་དགོངས་བཟང་པོ་དེ་རིང་ཅོག་འདྲ། ཁོང་རང་གི་ཐུགས་དགོངས་ཀྱི་གསང་བ་དེ། འུ་ཀྱ་ལེ་གསལ་པོ་བྱས་ཏེ་བསྟན་གནང་པི་དིག

10 ཡང་དཀོན་མཆོག་གི་ཐུགས་དགོངས་དེ་དུས་ལེ་སླེབས་རྒྱ། གནམ་ས་གཉིས་ཀྱི་བར་ལེ་འོད་ཡོད་དངོས་པོ་ཡེ་རེ་གཅིག་ལེ་བསྡུས་ཏེ་སྐྱབས་མགོན་ཡེ་ཤུའི་དབང་འོག་ཏུ་འབོར་རྒྱུ་ཆེད་དུ་ཡིན་དིག

11 ཡང་སྐྱབས་མགོན་ཁོང་གི་ནང་དུ་འུ་ཀྱ་ལེ་ཟང་། དཀོན་མཆོག་གིས་ཞལ་ཆད་གནང་བའི་བྱིན་རླབས་ཀྱི་ནོར་སྐལ་དེ་ཐོབ་པི་མ་ཟད། དོན་དེ་ནི་སྔོན་མ་ནས་དཀོན་མཆོག་གི་ཐུགས་དགོངས་ཅོག་འདྲ་ཐག་བཅད་འོད་ཕེན། ཁོང་གིས་ཐུགས་དགོངས་ཅོག་འདྲ་དོན་ཡེ་རེ་བསྒྲུབས་པར་གནང་འོད་དིག

12 དེ་ནི་དང་པོ་ནས་སྐྱབས་མགོན་ཡེ་ཤུ་ལེ་རེ་བ་བགྱིད་མཁན་ཉེད་ཡ་ཧུ་དཱ་པ་ཀྱ་ཀྱིས་དཀོན་མཆོག་གི་གཟི་བརྗིད་ལེ་བསྟོད་པ་འབུལ་ཆེད་དུ་ཡིན་དིག

13 ཡང་སྐྱབས་མགོན་ཡེ་ཤུའི་ནང་ལེ། ཁྱེད་ཕྱི་མི་ཀྱ་ཀྱིས་ཟང་། ཐར་པ་གནང་བའི་བདེན་པའི་གཏམ་བཟང་དེ་ཐོས་ཕེན། སྐྱབས་མགོན་ཡེ་ཤུ་ལེ་དད་པ་བྱས་པི་མ་ཟད། ཁྱེད་ཀྱ་ལེ་དཀོན་མཆོག་གིས་སྔོན་མ་ནས་ཞལ་བཞེས་གནང་བའི་དམ་པའི་ཐུགས་ཉིད་ཀྱིས་ཁྱེད་ཀྱ་ནི། ཁོང་གི་མི་ཡིན་དི་བརྩིས་གནང་སྟེ་ཐེལ་ཙེ་བརྒྱབ་འོད་དིག

14 དཀོན་མཆོག་གི་ཁོངས་མི་ཡིན་མཁན་ཀྱ་ལེ་ཐར་བར་འཐོབ་རྒྱུ་དོན་ལེ། ཁོང་རང་གི་དམ་པའི་ཐུགས་ཉིད་དེ་ནི། འུ་ཀྱ་ལེ་ནོར་སྐལ་གྱི་གཏའ་མའི་དཔང་རྟགས་ཀྱི་ཆེད་དུ་གནང་འོད་དིག དེ་ནི་དཀོན་མཆོག་གི་གཟི་བརྗིད་ལེ་བསྟོད་པ་འབུལ་རྒྱུ་དོན་ལེ་ཡིན་དིག


ཕོལ་ལོལ་གྱིས་སྨོན་ལམ་དིང་བཀའ་དྲིན་ཆེ་ཞུས་པའི་སྐོར།

15 འོ་དེ་ལེ་བརྟེན་ཏེ། ངས་ཟང་ཁྱེད་ཀྱ་ནི་ཇོ་བོ་ཡེ་ཤུ་ལེ་དད་པ་འོད་དི་སྐོར་ལེ་དིང་། ཡང་ཁྱེད་ཀྱ་ཀྱིས་དད་པ་བགྱིད་མཁན་ཡེ་རེ་ལེ་བྱམས་བརྩེ་བ་བགྱིད་འོད་དི་གནས་ཚུལ་ཐོས་ཕེན།

16 ངས་གསོལ་བ་སྨོན་ལམ་འདེབས་རྒྱ། དུས་རྒྱུན་དུ་ཁྱེད་ཀྱ་ཀྱི་ཆེད་དུ་དཀོན་མཆོག་ལེ་བཀའ་དྲིན་ཞུས་འོད།

17 ཡང་ཁྱེད་ཀྱ་ཀྱིས་ཟང་ད་རུང་སྐྱབས་མགོན་ཁོང་དགའ་མོ་ངོ་ཤེས་རྒྱུ་ཆེད་དུ། སྐྱབས་མགོན་ཡེ་ཤུའི་ཡབ་གཟི་བརྗིད་ཅན་གྱི་དཀོན་མཆོག་གིས་ཁྱེད་ཀྱ་ལེ། ཤེས་རབ་དིང་ཧ་གོ་ཐུབ་པའི་སེམས་གནང་བར་ཤོག་ཟིན་སྨོན་ལམ་འདེབས་གྱོ་འོད།

18 དེ་ནི་ཁྱེད་ཀྱ་ཀྱི་བློ་རིག་པ་གསལ་པོ་བཟོ་གནང་སྟེ། ཁོང་གིས་ཁྱེད་ཀྱ་ལེ་རེ་བ་ཅིའི་དོན་ལེ་ཞལ་འབོད་གནང་པི་དིང་། དཀོན་མཆོག་གིས་རང་གི་མི་རིགས་ཀྱ་ལེ། ཞལ་བཞེས་གནང་བའི་བྱིན་རླབས་ཕུན་སུམ་ཚོགས་པོའི་ནོར་སྐལ་ཅི་ཡིན་དི་དིང་།

19 འུ་དད་པ་བགྱིད་མཁན་གྱི་ནང་ལེ་བསྟན་གནང་བའི་ཁོང་གི་ནུས་མཐུ་དེ་ཙམ་ཞིག་ཆེན་པོ་ཡིན་དི་གསལ་པོ་ཧ་གོ་ཐུབ་པའི་ཆེད་དུ་ཡིན་དིག

20 ནུས་མཐུ་དེ་ནི་དཀོན་མཆོག་གིས་སྐྱབས་མགོན་ཡེ་ཤུའི་སྐུ་ལུས་ལྟག་ག་ལེ་བསྟན་གནང་པི་མ་ཟད། སྐྱབས་མགོན་ཡེ་ཤུ་ནི། གཤིན་པོའི་ནང་ནས་ཡང་དང་གསོན་པོ་བསླངས་གནང་སྟེ། ནམ་མཁའི་ཞིང་ཁམས་ལེ་དྲངས་ཏེ་ཁོང་རང་གི་གཡས་ཕྱོགས་ལེ་སྡོད་དུ་བཅུག་གནང་པི་དིག

21 སྐྱབས་མགོན་ཁོང་རང་ནི། བསྐལ་པ་འདི་རིང་བསྐལ་པ་རྗེས་མ། འཇིག་རྟེན་འདིའི་སྲིད་འཛིན་མཁན། དབང་ཆ་འོད་མཁན། མཐུ་ནུས་པ་འོད་མཁན། འགོ་ཁྲིད་མཁན། མཚན་སྙན་གྲགས་ཅན་ཡེ་རེའི་དབང་གོང་ལེ་བཞུགས་འོད་དིག

22 ཡང་དཀོན་མཆོག་གིས་འཇིག་རྟེན་གྱི་དངོས་པོ་ཡེ་རེ་སྐྱབས་མགོན་ཡེ་ཤུའི་ཞབས་འོག་ཏུ་བོར་གནང་པི་མ་ཟད། ཆོས་ཚོགས་ཀྱི་ཆེད་དུ། ཁོང་ནི་ཆོས་ཚོགས་ཡེ་རེའི་དབུ་ལེ་བསྐོས་གནང་པི་དིག

23 ཆོས་ཚོགས་དེ་ནི་ཁོང་གི་སྐུ་གཟུགས་ཡིན་ཕེན། ཆོས་ཚོགས་ནང་ལེ་ཁོང་གི་མཐུ་ནུས་པ་དེ་ཁྱབ་འོད་དི་མ་ཟད། ཁོང་རང་ནི་ཅི་འོད་ཡོད་ཀུན་ལེ། ཆ་ཚང་པོ་བཟོ་མཁན་དེ་ཡིན་ཕེན། ཁོང་གིས་ཡེ་རེ་ཆ་ཚང་པོ་བཟོ་གནང་གྱི་དིག །

© 2023 Wycliffe Bible Translators, Inc. All rights reserved.

Wycliffe Bible Translators, Inc.
Volg ons:



Advertensies