ཀོ་ལོ་སཱ་པ། 1 - དོལ་པོ།ལེའུ་དང་པོ། འཚམས་འདྲི། 1-2 ཕོལ་ལོལ་ང་རང་ནི་དཀོན་མཆོག་གི་ཐུགས་དགོངས་ཅོག་འདྲ། སྐྱབས་མགོན་ཡེ་ཤུའི་སྐུ་ཚབ་ཞིག་ཡིན། ང་རིང་འུའི་ཆོས་གྲོགས་ཐི་མོ་ཐེ་ཉེད་གཉིས་ཀྱིས་ཀོ་ལོ་སཱ་རྒྱལ་ས་ལེ་འོད་ཡོད། སྐྱབས་མགོན་ཡེ་ཤུའི་མཚན་ནང་ལེ་སྡོད་མཁན་ཆོས་གྲོགས་སྤུན་ཟླ་དམ་པ་ཀྱ་ལེ་ཡི་གེ་འདི་ཕུལ་ལོ། འུའི་ཡབ་དཀོན་མཆོག་གི་བརྒྱུད་ནས་ཁྱེད་ཀྱ་ལེ་ཐུགས་རྗེ་གཟིགས་སྐྱོང་དིང་ཞི་བདེ་འཐོབ་པར་ཤོག ཕོལ་ལོལ་གྱིས་དཀོན་མཆོག་ལེ་འཀའ་དྲིན་ཆེ་ཞུས་པ། 3 ཁྱེད་ཀྱ་ཀྱི་ཆེད་དུ་གསོལ་བ་སྨོན་ལམ་འདེབས་རྒྱ། ཉེད་ཀྱ་ཀྱིས་འུའི་སྐྱབས་མགོན་ཇོ་བོ་ཡེ་ཤུའི་ཡབ་དཀོན་མཆོག་ལེ་འཀའ་དྲིན་ཆེ་ཞུས་འོད། 4 ཅི་ལེ་ཟེར་ནི། ཁྱེད་ཀྱ་ཇོ་བོ་ཡེ་ཤུ་ལེ་དད་པ་བགྱིད་འོད་དི་མ་ཟད། དད་པ་བགྱིད་མཁན་ཡེ་རེ་ལེ་བྱམས་བརྩེ་བ་བགྱིད་འོད་དི་ཉེད་ཀྱ་ཀྱིས་ཐོས་བྱུང་། 5 དད་པ་དིང་བྱམས་བརྩེ་བ་དེ་ནི། ཁྱེད་ཀྱ་ཀྱི་ཆེད་དུ་དཀོན་མཆོག་གི་ཞིང་ཁམས་ལེ་བཅོལ་ལི་རེ་བ་ནས་བྱུང་པི་ཡིན་དི་དིང་། ཁྱེད་ཀྱ་ཀྱིས་སྔོན་མ་ནས་བདེན་པ་ཁོང་གི་བཀའ་དེའི་གཏམ་བཟང་ཐོས་པི་དེ་ཡིན་དིག 6 གཏམ་བཟང་དེ་ནི། ཁྱེད་ཀྱ་ཀྱི་ནང་ལེ་ཁྱབ་འོད་ཕེན། ཁྱེད་ཀྱ་ཀྱིས་ཟང་ཐོས་ཏེ་བདེན་པའི་ངང་ནས། དཀོན་མཆོག་གི་ཐུགས་རྗེ་གཟིགས་སྐྱོང་ངོ་ཐོག་འདི་ཁྱེད་ཀྱ་ཀྱིས་ཧ་གོ་པི་ཉིན་མ་དེ་ནས་ཕེན། ཁྱེད་ཀྱ་ཀྱི་ནང་ལེ་གཏམ་བཟང་གི་འབྲས་བུ་མང་པོ་སྨིན་ཏེ་དར་བཞིན་རྒྱས་འགྲོ་བ་ཅོག་འདྲ། དཀོན་མཆོག་གི་གཏམ་བཟང་དེ་ནི། འཇིག་རྟེན་ཀུན་ལེ་བཤད་དི་མ་ཟད། དེའི་འབྲས་བུ་ཟང་སྨོན་ཏེ་དར་གཞིན་རྒྱས་འགྲོ་འོད་དིག 7 ཁྱེད་ཀྱ་ཀྱིས་འུའི་སྙིང་ནས་བརྩེ་བའི་ཆོས་གྲོགས་ཨེ་པབ་རཱ་ནས་གཏམ་བཟང་ཐོས་ཏེ། ཁོ་ནི་འུའི་ཚབ་ལེ་སྐྱབས་མགོན་ཡེ་ཤུའི་དོན་ལེ་ཡིད་ཆེས་འོད་ཡོད་ཞབས་ཕྱི་པ་ཞིག་ཡིན་དིག 8 ཡང་ཁོས་ཉེད་ཀྱ་ལེ། དམ་པའི་ཐུགས་ཉིད་བརྒྱུད་ནས་བྱུང་བའི་ཁྱེད་ཀྱ་ཀྱི་བྱམས་སེམས་དེ་བཤད་བྱུང་། 9 འོ་དེ་ལེ་བརྟེན་ཏེ། ཉེད་ཀྱ་ཀྱིས་དོན་དེའི་སྐོར་ལེ་ཐོས་པའི་ཉིན་མ་དེ་ནས་ཕེན། ཐུགས་ཉིད་ཀྱི་ཤེས་རབ་དིང་། ཤེས་རྒྱ་ཡེ་རེའི་བརྒྱུད་ནས་ཁྱེད་ཀྱ་ཀྱིས་དཀོན་མཆོག་གི་ཐུགས་དགོངས་དེ་གསལ་པོ་ཧ་གོ་རྒྱུ་ལེ་གསོལ་བ་སྨོན་ལམ་འདེབས་གྱོ་འོད། 10 དེ་ནི་ཁྱེད་ཀྱ་ཀྱི་མི་ཚེ་དེ་ཇོ་བོ་ཡེ་ཤུའི་ཐུགས་དགོངས་དིང་མཐུན་ཏེ། རྣམ་པ་ཀུན་གྱིས་བརྒྱུད་ནས་ཁོང་གི་ཐུགས་དགྱེས་པོ་བཟོ་རྒྱུ་དིང་། ལས་བཟང་པོ་ཡེ་རེ་ནས་འབྲས་བུ་སྨིན་ཏེ་དཀོན་མཆོག་གི་ངོ་བོ་དེ་མང་དུ་ཧ་གོ་ཐུབ་རྒྱུ་ཆེད་དུ་ཡིན། 11 དཀོན་མཆོག་གི་གཟི་བརྗིད་ཆེ་བའི་ནུས་མཐུ་ལེ་བརྟེན་ཏེ། ཁྱེད་ཀྱ་དགའ་སྤྲོའི་ངང་ནས་དོན་ཀུན་ལེ་བཟོད་སྒོམ་བགྱིད་འོད་ཕེན། ཁྱེད་ཀྱ་ཀྱི་སེམས་ལེ་ཟང་ནུས་མཐུ་སྣ་ཚོགས་རྒྱས་པར་ཤོག 12 ཡང་ཁྱེད་ཀྱ་ཟང་ཡབ་དཀོན་མཆོག་གིས་རང་གི་འོད་ཟེར་གྱི་རྒྱལ་ཁབ་ཀྱི་ཞལ་བཞེས་གནང་བའི་བྱིན་གྱི་རླབས་པའི་བགོ་སྐལ་དེ་འཐོབ་འོས་པར་བཟོས་གནང་པི་དེ་ལེ། ཁྱེད་ཀྱ་ཀྱིས་དཀོན་མཆོག་ལེ་བཀའ་དྲིན་ཆེ་ཞུ་འོད་དིག 13 དཀོན་མཆོག་གིས་འུ་ཀྱ་མུན་པའི་དབང་འོག་ནས་བསྐྱབས་ཏེ། ཁོང་གི་གཅེས་པའི་སྲས་ཀྱི་རྒྱལ་ཁབ་ནང་ལེ་ཁྲིད་གནང་པི་དིག 14 ཁོང་གི་སྲས་བརྒྱུད་ནས་འུ་ཀྱ་ལེ་སྐྱོབ་གནང་གྱོ་འོད་དི་མ་ཟད། འུའི་སྡིག་ཉེས་དེ་ཟང་སེལ་གནང་གྱོ་འོད་དིག བླ་ན་མེད་པའི་སྐྱབས་མགོན་ཡེ་ཤུ་སྐོར། 15 སྲས་དེ་ནི་འུའི་མིག་གིས་མཐོང་རྒྱུ་མེད་མེད་དཀོན་མཆོག་གི་གཟུགས་བརྙན་ཡིན་དིག དངོས་པོ་ཡེ་རེ་མ་བཀོད་པའི་སྔོན་ལེ་ཁོང་རང་བཞུགས་འོད་དིག 16 ཅི་ལེ་ཟེར་ནི། ཁོང་གི་བརྒྱུད་ནས་གནམ་ས་གཉིས་ཀྱི་ནང་ལེ་འོད་ཡོད་དངོས་པོ་ཡེ་རེ་དིང་། མིག་གིས་མཐོང་རྒྱུ་འོད་ཡོད་དིང་མེད་མེད། རྒྱལ་ཁྲི་ཐོབ་མཁན། སྲིད་འཛིན་མཁན་དིང་། མཐུ་སྟོབས་ཅན་ཡེ་རེ་ཁོང་གི་བརྒྱུད་ནས་ཁོང་རང་གི་དོན་ལེ་ཡེ་རེ་བཀོད་གནང་པི་དིག 17 ཁོང་ནི་དངོས་པོ་ཡེ་རེ་མ་བཀོད་པའི་སྔོན་ལེ་བཞུགས་འོད་དི་མ་ཟད། དངོས་པོ་ཡེ་རེ་ཟང་ཁོང་ལེ་བརྟེན་ཏེ་གནས་འོད་དིག 18 ཁོང་ནི་ཆོས་ཚོགས་ཀྱི་དབུ་ཡིན་དི་དིང་། ཆོས་ཚོགས་ནི་ཁོང་གི་སྐུ་ལུས་ཡིན་དིག ཁོང་ནི་ཐོག་མ་ནས་བཞུགས་འོད་ཕེན། རྣམ་པ་ཡེ་རེའི་ནང་ནས་མཆོག་ཏུ་གྱུར་བའི་ཆེད་དུ། གཤིན་པོའི་ཁྲོད་ནས་གསོན་པོ་བཞེངས་མཁན་དང་པོ་ཡིན་དིག 19 ཅི་ལེ་ཟེར་ནི། དཀོན་མཆོག་གིས་རང་གི་ངོ་བོ་ཕུན་སུམ་ཚོགས་པ་ཡེ་རེ་ནི། སྲས་ཀྱི་ནང་ལེ་གནས་པར་མཛད་རྒྱུ་ལེ་ཐུགས་མཉེས་ཕེན། 20 སྲས་ཀྱི་སྐུ་ཁྲག་དེ་ནི་གདུང་མ་ཀུ་རུ་ཁའི་ལྟག་ག་ལེ་ཐོན་ཏེ། ཞི་བདེ་བཀོད་གནང་བའི་བརྒྱུད་ནས། དཀོན་མཆོག་གིས་གནམ་ས་གཉིས་ནང་ལེ་འོད་ཡོད་ཡེ་རེ། ཁོང་གི་བརྒྱུད་ནས་ཁོང་དིང་སྐྱེན་ལེ་འབྲེལ་བ་བསྐྱར་གསོ་གནང་པི་དིག 21 སྔོན་མ་ཁྱེད་ཀྱ་ཀྱིས་ལས་ངན་པ་བྱས་ཏེ་དཀོན་མཆོག་ནས་ཁ་བྲལ་ལི་མ་ཟད། སེམས་གཏིང་ནས་དཀོན་མཆོག་ལེ་དགྲ་སྡང་པོ་བགྱིད་མཁན་ཡིན་དིག 22 ཡིན་ནའང་། ད་ལྟ་སྲས་སྐུ་གྲོངས་པ་དེའི་བརྒྱུད་ནས། དཀོན་མཆོག་གིས་ཁྱེད་ཀྱ་ཁོང་དིང་སྐྱེན་ལེ་འཆམས་མཐུན་བསྐྱར་གསོ་གནང་སྟེ། དམ་པ་དིང་། སྐྱོན་གྱི་དྲི་མས་གོས་མེད་མེད། སྐྱོན་འཛུགས་ཅི་གང་མེད་མེད་ཁོང་གི་མདུན་དུ། ཁྱེད་ཀྱ་འདྲེན་གནང་རྒྱུ་ཆེད་དུ་ཡིན་དིག 23 ཡིན་ནའང་། གཏམ་བཟང་གི་རེ་བ་དེ་མ་སྤང་སྟེ། ཁྱེད་ཀྱ་ཀྱིས་མུ་མཐུད་དེ་དད་པ་དེ་ལེ་བརྟན་པོ་གནས་དགོས་འོད་དིག ཁྱེད་ཀྱ་ཀྱིས་ཐོས་པའི་གཏམ་བཟང་དེ་ནི། ནམ་མཁའི་འོག་ཏུ་འོད་ཡོད་མི་རིགས་ཀུན་ལེ་བཤད་འོད་དིག ང་ཕོལ་ལོལ་ཟང་གཏམ་བཟང་དེའི་ཞབས་ཕྱི་ལེ་བསྐོས་གནང་པི་དིག ཕོལ་ལོལ་གྱིས་ཆོས་ཚོགས་དོན་ལེ་དཀའ་ངལ་མྱངས་པ། 24 ད་ལྟ་ངས་ཁྱེད་ཀྱ་ཀྱི་དོན་ལེ་དཀའ་ངལ་མྱོང་རྒྱ། ང་དགའ་རི་བགྱིད་འོད། སྐྱབས་མགོན་ཡེ་ཤུའི་སྐུ་ལུས་ཅོག་འདྲ། ཆོས་ཚོགས་ཀྱི་ཆེད་དུ་ཁོང་གི་དཀའ་ངལ་ལྷག་མ་དེ་ཟང་། ངའི་ལུས་ལྟག་ག་ལེ་ནུས་པར་བགྱིད་འོད་དིག 25 ཁྱེད་ཀྱ་ལེ་ཕན་པའི་ཆེད་དུ་དཀོན་མཆོག་གིས་ང་ལེ་གནང་བའི་ལས་འགན་དེ་བགྱིད་རྒྱུ་ཆེད་དུ། ང་ནི་ཆོས་ཚོགས་ཀྱི་ཞབས་ཕྱི་རྒྱུགས་མཁན་ཞིག་ལེ་བསྐོས་གནང་པི་དིག དེ་ནི་དཀོན་མཆོག་གི་བཀའ་ཡེ་རེ་ཤོད་རྒྱུ་དེ་ཡིན་དིག 26 བཀའ་དེ་ནི་བསྐལ་པ་ནས་བསྐལ་པ། མི་རབས་ནས་མི་རབས་བར་དུ་སྦས་འོད་ཡོད་གསང་བ་ཞིག་ཡིན་ནའང་། ད་ལྟ་དད་པ་བགྱིད་མཁན་དམ་པ་ཀྱ་ལེ་མངོན་སུམ་བསྟན་གནང་པི་དིག 27 དཀོན་མཆོག་གིས་དཔག་ཏུ་མེད་པའི་གཟི་བརྗིད་ཀྱི་གསང་བ་དེ་ནི་ཙམ་ཞིག་རྩལ་ཆེན་པོ་ཡིན་མིན་དེ། ཡ་ཧུ་དཱ་པ་མིན་པའི་ཕྱི་མི་རིགས་ཀྱི་དཀྱིལ་ལེ་སྟོན་རྒྱུ་ཐག་བཅད་དི་དིག གསང་བ་དེ་ནི། ཁྱེད་ཀྱ་ཀྱི་སེམས་ནང་ལེ་བཞུགས་འོད་ཡོད་སྐྱབས་མགོན་ཡེ་ཤུ་ཡིན་དིག འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ལེ་ཁོང་གི་ཕུན་སུམ་ཚོགས་པོའི་གཟི་བརྗིད་དེ་ཟང་། སྐྱེན་ལེ་ཐོབ་རྒྱུ་ཡིན་དི་རེ་བ་འོད་དིག 28 སྐྱབས་མགོན་ཡེ་ཤུའི་ནང་ལེ་མི་ཡེ་རེ་ལེ་དད་སེམས་ཀྱི་རྒན་ཚད་ལོན་དུ་བཅུག་སྟེ། དཀོན་མཆོག་གི་མདུན་དུ་འདྲེན་རྒྱུ་ཆེད་དུ། ཤེས་རབ་སྣ་ཚོགས་ཀྱི་བརྒྱུད་ནས། མི་ཀྱ་ལེ་སློབ་སྟོན་བགྱིད་རྒྱུ་དིང་། ཉེན་བརྡའི་སྐུལ་མ་བཏང་སྟེ། ཉེད་ཀྱ་ཀྱིས་སྐྱབས་མགོན་གྱི་སྐོར་ཤོད་གྱོ་འོད་དིག 29 དོན་དེ་སྒྲུབ་རྒྱུ་ཆེད་དུ། ངའི་བརྒྱུད་ནས་སྟོབས་ཤུགས་ཆེན་པོའི་ཕྱག་ལས་གནང་མཁན་ཁོང་གི་ནུས་མཐུ་ལེ་བརྟེན་ཏེ་ངས་འབད་བརྩོན་བགྱིད་འོད། ། |
© 2023 Wycliffe Bible Translators, Inc. All rights reserved.
Wycliffe Bible Translators, Inc.