Aanlyn Bybel

- Advertensies -


ཐེ་ས་ལོ་ནི་ཀེ་​གཉིས་པ། 1 - དོལ་པོ།


ལེའུ་དང་པོ། འཚམས་འདྲི།

1-2 དང་པོ་​འུའི་​ཡབ་​དཀོན་མཆོག་​དིང་​ཇོ་བོ་​ཡེ་ཤུའི་​ཐུགས་དགོངས་​ནང་​ལེ་​འོད་ཡོད་​ཐེ་ས་ལོ་ནི་ཀེའི་ཆོས་ཚོགས་​ལེ། དཀོན་མཆོག་​དིང་སྐྱབས་མགོན་ཇོ་བོ་​ཡེ་ཤུའི་བརྒྱུད་ནས། ཁྱེད་ཀྱ་ལེ་ཐུགས་རྗེ་​གཟིགས་སྐྱོང་དིང་​ཞི་བདེ་​གནང་​བར་ཤོག ང་​ཕོལ་ལོལ་​དིང་​། སི་ལཱ། ཡང་​ཐི་མོ་ཐེ་​ཉེད་​གསུམ་​ཀྱིས་​ཡི་གེ་​འདི་​ཁྱེད་​ཀྱ་​ལེ་ཕུལ་ལོ།


ཇོ་བོས་ཁྲིམས་གཅོད་གནང་བ།

3 ཁྱེད་​སྤུན་ཟླ་ཀྱ། ཁྱེད་ཀྱ་ཀྱི་​དད་སེམས་དེ་ཤུགས་ཆེ་རུ་འགྲོ་འོད་དི་མ་ཟད། ཕན་ཚུན་​བར་​ལེ་​བྱམས་​སེམས་​ཟང་​ཆེ་​རུ་​འཕེལ་འགྲོ་འོད་ཕེན། ཉེད་ཀྱ་ཀྱིས་​དུས་རྟག་ཏུ་​དཀོན་མཆོག་​ལེ་​ཐུགས་རྗེ་ཆེ་​ཟིན་​ཞུ་​འོད།

4 འོ་དེ་ལེ་བརྟེན་ཏེ​། ཁྱེད་​ཀྱ་​ལེ་​དཀའ་ངལ་​དིང་​གནོད་​འཚེ་​མང་པོ་​མྱངས་ནའང་​། སྔོན་མ་​ཅོག་འདྲ་​བློ་​བརྟན་པོ་​དིང་​། སེམས་​འགྱུར་པ་​མེད་​དི་​དད་པ་​བརྟན་པོ་བྱས་ཏེ་​བསྡད་​འོད་​ཕེན། ཉེད་ཀྱ་ལེ་དཀོན་མཆོག་​གི་​ཆོས་ཚོགས་​ཀྱ་​ནང་​ལེ་​ངོམ་སོ་བགྱིད་རྒྱུ་དེ་ནི་​ཁྱེད་​ཀྱ་​ཡིན།

5 དོན་​དེ་​ནི་​དཀོན་མཆོག་​གིས་​མ་འོངས་པའི་​དྲང་བདེན་​ངང་ནས་​ཁྲིམས་ཐག་​གཅོད་​རྒྱུ་​ཡིན་​དི་​རྟགས་​ཞིག་ཡིན་དི་མ་ཟད། ཁྱེད་​ཀྱ་​ལེ་​དཀོན་མཆོག་​གི་​རྒྱལ་ཁབ་ཐོབ་​འོད་​དི་​བརྩི་རྒྱུ་ཆེད་དུ་​ཡིན་​དིག རྒྱལ་ཁབ་​དེའི་​དོན་​ལེ་​ཁྱེད་​ཀྱ་​ཀྱིས་​དཀའ་ངལ་​ཟང་​མྱོང་​གྱོ་འོད་​དིག

6-8 དཀོན་མཆོག་ནི་དྲང་བདེན་ཡིན་ཕེན། ནམ་མཁའི་ཞིང་ཁམས་​ནས་​ཇོ་བོ་​ཡེ་ཤུ་​དིང་​། ཁོང་​གི་​མཐུ་​སྟོབས་ཅན་​གྱི་​ཕོ་ཉ་​ཀྱ་མེ་​དིང་​སྐྱེན་​ལེ་​མངོན་སུམ་​ཕེབས་​འོང་​རྒྱུ་ཡིན་​དི་མ་ཟད། ཁྱེད་​ཀྱ་ལེ་​གནོད་​འཚེ་​གཏོང་མཁན་​ཀྱ་​ལེ། དཀོན་མཆོག་​གིས་ལན་​འཇལ་གནང་རྒྱུ་ཡིན་དི་​དིང་​། གནོད་​འཚེ་མྱོང་​མཁན་ཉེད་ཀྱ་ཀྱི་སྐྱེན་ལེ། ཁྱེད་ཀྱ་ལེ་ཟང་དཀའ་ངལ་དེ་ནས་​ནི་ཐར་​བ་གནང་གྱི་དིག ཡང་དཀོན་མཆོག་ལེ་​ཁས་​ལེན་​མི་བགྱིད་མཁན་​དིང་​། འུ་ཀྱ་ཀྱི་ཇོ་བོ་​ཡེ་ཤུའི་​གཏམ་བཟང་​ལེ་མི་​ཉན་​མཁན་​ཀྱ་​ལེ། ཇོ་བོ་​ཡེ་ཤུས་འཛེན་ཉེས་ཆད་ཆེན་པོ་གཏོང་​གྱི་​དིག

9 ཡང་​གནོད་འཚེ་​བགྱིད་​མཁན་​དེ་​ཀྱ་​ལེ། ཇོ་བོ་དིང་ཁོང་གི་ནུས་པ་ཅན་གྱི་གཟི་བརྗིད་ནས་ཁ་བྲལ་ཏེ། དུས་མཐའ་མེད་པའི་ཉེས་ཆད་དེ་མྱོང་གྱི་དིག

10 ཇོ་བོ་ཡེ་ཤུ་འཇིག་རྟེན་ལེ་​ཕེབས་འོང་གི་​ཉིན་མོ་​དེ་​ལེ། དོན་​དེ་​ཀྱ་​བརྟན་བརྟན་འོང་​གྱི་ཡིན་དིག དད་པ་བགྱིད་མཁན་དཀོན་མཆོག་གི་མི་ཀྱ་ཀྱི་བརྒྱུད་ནས་ཇོ་བོ་​ཡེ་ཤུ་​ལེ་​གཟི་བརྗིད་​ཐོབ་​པི་​དིང་​། ཡང་​ཁོང་ཡེ་རེའི་དཀྱིལ་​ནས་​ཇོ་བོ་ཡེ་ཤུ་ལེ་​ངོ་མཚར་​ཐོབ་​རྒྱུ་ཡིན་དི་མ་ཟད། དེ་​སྔོན་​ཉེད་ཀྱ་ཀྱིས་​དཔང་པོ་​བྱས་​པི་​དེ་​ལེ་​ཁྱེད་​ཀྱ་​ཀྱིས་​ཟང་ཡིད་ཆེས་​བྱས་​ཕེན། ཁྱེད་​ཀྱ་ཟང་དེའི་​ནང་​ལེ་​ཚུད་​འོད་དིག

11 འོ་དེ་ལེ་བརྟེན་ཏེ། འུའི་​དཀོན་མཆོག་​གིས་​ཁྱེད་​ཀྱ་ལེ་​ཞལ་​འབོད་​གནང་​ཆོག་འོས་པ་ཞིག་​བཟོས་​གནང་​འོད་ཕེན། ཡང་​ཁོང་​གི་​ནུས་​མཐུའི་​བརྒྱུད་ནས་​ཁྱེད་ཀྱ་​ཀྱིས་ཁོང་གི་དམིགས་ཡུལ་​བཟང་པོ་​ཡེ་རེ་​དིང་​། དད་སེམས་​བརྟན་པོའི་ངང་ནས་ལས་དེ་ཡེ་རེ་འགྲུབ་​པར་ཤོག་​ཟིན་​རྒྱུན་​ཆད་​མེད་​གསོལ་བ་​སྨོན་ལམ་འདེབས་​གྱོ་​འོད།

12 འུ་ཀྱ་ཀྱི་​དཀོན་མཆོག་​དིང་​སྐྱབས་མགོན་​ཇོ་བོ་​ཡེ་ཤུའི་​ཐུགས་རྗེ་​གཟིགས་སྐྱོང་དིང་ཅོག་འདྲ། ཁྱེད་​ཀྱ་​ཀྱི་​བརྒྱུད་​ནས་​འུ་ཀྱ་ཀྱི་ཇོ་བོ་ཡེ་ཤུའི་​མཚན་​ལེ་​གཟི་བརྗིད་​ཐོབ་​པི་​མ་ཟད། ཁོང་གི་བརྒྱུད་ནས་ཁྱེད་​ཀྱ་​ལེ་​ཟང་​གཟི་བརྗིད་​ཐོབ་​རྒྱུ་​ཆེད་དུ་​ཡིན་​དིག །

© 2023 Wycliffe Bible Translators, Inc. All rights reserved.

Wycliffe Bible Translators, Inc.
Volg ons:



Advertensies