ཐེ་ས་ལོ་ནི་ཀེ་དང་པོ། 1 - དོལ་པོ།ལེའུ་དང་པོ། འཚམས་འདྲི། 1 ཡབ་དཀོན་མཆོག་དིང་སྐྱབས་མགོན་ཇོ་བོ་ཡེ་ཤུའི་ཐུགས་དགོངས་ནང་ལེ་འོད་ཡོད་རྒྱལ་ས་ཐེ་ས་ལོ་ནི་ཀེའི་ཆོས་ཚོགས་ལེ། ཐུགས་རྗེ་གཟིགས་སྐྱོང་དིང་ཞི་བདེ་གནང་བར་ཤོག ང་ཕོལ་ལོལ་དིང་། སི་ལཱ། ཡང་ཐི་མོ་ཐེ་ཉེད་གསུམ་ཀྱིས་ཡི་གེ་འདི་ཁྱེད་རྣམས་པ་ཀྱ་ལེ་ཕུལ་ལོ། ཐེ་ས་ལོ་ནི་ཀེའི་མི་ཀྱ་ལེ་བསྟོད་ར་བཏང་པ། 2 ཉེད་ཀྱ་ཀྱིས་དུས་ནམ་ཞིག་གསོལ་བ་སྨོན་ལམ་འདེབས་རྒྱ། ཁྱེད་ཡེ་རེའི་ཆེད་དུ་དཀོན་མཆོག་ལེ་ཐུགས་རྗེ་ཆེ་དུས་རྟག་ཏུ་ཞུ་འོད། 3 འུ་ཀྱ་ཀྱི་ཡབ་དཀོན་མཆོག་གི་དྲུང་དུ། ཁྱེད་ཀྱ་ཀྱིས་དད་སེམས་ལེ་བརྟེན་ཏེ་བྱས་པའི་ལས་དིང་། བྱམས་སེམས་ལེ་བརྟེན་ཏེ་མྱངས་པའི་དཀའ་ངལ་དིང་། འུའི་ཇོ་བོ་སྐྱབས་མགོན་ཡེ་ཤུ་ཁོང་ལེ་རེ་བ་བཅངས་པི་འདི་ལེ་བརྟེན་ཏེ་བཟོད་སྒོམ་རྒྱུན་ཆད་མེད་བགྱིད་འོད་དིག 4 དཀོན་མཆོག་གི་གཅེས་པའི་ཁྱེད་སྤུན་ཟླ་ཀྱ་ནི། ཁོང་གིས་བདམས་པི་ཡིན་དི་ཉེད་ཀྱ་ཀྱིས་ཧ་གོ་འོད། 5 ཅི་ལེ་ཟེར་ནི། དེ་སྔོན་ཉེད་ཀྱ་ཀྱིས་ཁྱེད་ཀྱ་ལེ་གཏམ་བཟང་བཤད་དི་ཚིག་དེ་པ་རྐྱང་མ་དིག ཁོང་གི་ནུས་མཐུ་དིང་། དམ་པའི་ཐུགས་ཉིད་ནང་ལེ་དད་སེམས་བརྟན་པོ་སྡོད་ཐུབ་པའི་ནུས་པ་གནང་འོད་དིག ཡང་ཉེད་ཀྱ་ཀྱིས་ཟང་དེ་སྔོན་ཁྱེད་ཀྱ་ཀྱི་དོན་ལེ། མི་ཚེ་ཅི་གི་བྱས་ཏེ་བསྐྱལ་འོད་མེད་དེ་ཡེ་རེ་ནི། ཁྱེད་ཀྱ་ཀྱིས་ཟང་ཧ་གོ་གོ་བ་ཡིན་དིག 6 ཡང་དཀའ་ངལ་ཆེན་པོའི་བརྒྱུད་ནས་ཟང་། ཁྱེད་ཀྱ་ལེ་དམ་པའི་ཐུགས་ཉིད་ཀྱིས་གནང་བའི་དགའ་སྤྲོ་ཐོབ་པི་མ་ཟད། གཏམ་བཟང་དང་དུ་བླངས་ཏེ། ཉེད་ཀྱ་དིང་ཇོ་བོ་ཡེ་ཤུས་བསྟན་པའི་དཔེ་ཅོག་འདྲ་བྱས་པི་དེ་ནི། 7 མ་ཀེ་དོན་ཡཱ་དིང་ཨ་ཀ་ཡཱ་ལུང་པའི་ནང་ལེ་དད་པ་བགྱིད་མཁན་ཡེ་རེའི་མིག་དཔེ་ལྟ་ས་ཞིག་ཟང་བྱུང་པི་དིག 8 ཅི་ལེ་ཟེར་ནི། ཇོ་བོའི་གཏམ་བཟང་དེ་ནི། ཁྱེད་ཀྱ་ཀྱི་བརྒྱུད་ནས་མ་ཀེ་དོན་ཡཱ་དིང་ཨ་ཀ་ཡཱ་ལུང་པ་ལེ་དར་རི་མ་ཟད། ཁྱེད་ཀྱ་ཀྱིས་དཀོན་མཆོག་ལེ་དད་པ་བྱས་པའི་གནས་ཚུལ་དེ་ཕྱོགས་ཀུན་ལེ་ཟང་ཁྱབ་འདུག ཁྱེད་ཀྱ་ཀྱིས་ལས་བཟང་པོ་བྱས་པའི་དེའི་སྐོར་ལེ། ད་ཉེད་ཀྱ་ཀྱིས་ཅི་གང་ཟེར་དགོས་མེད། 9 ཡང་ཡུལ་མི་དེ་ཀྱ་ཀྱིས་ཟང་། ཁྱེད་ཀྱ་འོད་ས་ལེ་ཉེད་ཀྱ་སླེབས་རྒྱ། ཁྱེད་ཀྱ་ཀྱིས་ཉེད་ལེ་ཅི་གི་བྱས་ཏེ་ཕེབས་བསུ་ཞུས་འོད་མེད་ཀྱི་སྐོར་དིང་། ཡང་བདེན་པ་དིང་གསོན་པོའི་དཀོན་མཆོག་ལེ་ཞབས་ཕྱི་སྒྲུབ་རྒྱུ་ཆེད་དུ། ལྷ་སྐུ་དེ་ཀྱ་སྤངས་ཏེ་དཀོན་མཆོག་གི་ཕྱོགས་ལེ་སེམས་ཅི་གི་བྱས་ཏེ་ཁུག་གི་ཡ་ཟེར་རི་དིང་། 10 ཁྱེད་ཀྱ་ཀྱིས་ཟང་དཀོན་མཆོག་གི་སྲས་ནམ་མཁའི་ཞིང་ཁམས་ནས་ཕེབས་འོང་གྱི་དིག་ཟིན་སྒུག་བསྡད་འོད་སྨྲས་པི་དེ་ནི། དཀོན་མཆོག་གིས་ཡང་དང་གསོན་པོ་བསླངས་པའི་ཇོ་བོ་ཡེ་ཤུ་ཁོང་ཡིན་དིག འུ་ཀྱ་ཀྱིས་སྡིག་པ་བྱས་པའི་རྐྱེན་གྱིས་དཀོན་མཆོག་གི་མ་འོངས་པའི་ཐུགས་ཁྲོ་པ་ནས་སྐྱོབ་གནང་མཁན་དེ་ནི་ཡེ་ཤུ་ཁོང་རང་ཡིན་དིག ། |
© 2023 Wycliffe Bible Translators, Inc. All rights reserved.
Wycliffe Bible Translators, Inc.